ནག་ཆུ་སོག་རྫོང་སུ་གནས་པའི་རིན་སྤུངས་བཙུན་དགོན།

ཡོངས་ཁུངས།   ཤིན་ཧྭ་དྲ་བ། རྩོམ་པོ།   བོད་ལྗོངས་འཕྲིན་དྲ། སྤེལ་དུས།   2015-02-06

ནག་ཆུ་ས་ཁུལ་སོག་རྫོང་ཁོངས་སུ་གནས་པའི་རིན་སྤུངས་བཙུན་མའི་དགོན།

ནག་ཆུ་ས་ཁུལ་སོག་རྫོང་གི་གྲོང་ཤར་མཚམས་ཀྱི་རི་སྟེང་ཏུ་གནས་པའི་རིན་སྤུངས་དགོན་པ་ནི་དགེ་ལུགས་པའི་དགོན་སྡེ་ཞིག་ཡིན་པ་དང་།  དེ་ཡང་སོག་རྫོང་དུ་ཡོད་པའི་བཙུན་མའི་དགོན་སྡེ་གཉིས་ནང་གི་གཅིག་ཡིན་ཞིང་།  དགོན་པ་དེ་ནི་སྤྱི་ལོ ༡༩༠༢ ལོར་གསར་བཞེངས་གནང་བ་ཞིག་དང་སྤྱི་ལོ ༡༩༨༥ ལོར་རྒྱལ་ཁབ་ནས་སྒོར་ཁྲི་ཚོ ༤ བཏང་ནས་ཉམས་གསོ་གནང་བ་རེད།  དགོན་དེ་ནི་སྤྱི་ལོ ༢༠༠༣ ལོར་རྫོང་རིམ་པའི་རིག་དངོས་སྲུང་སྐྱོབ་ཀྱི་ནང་བཅུག་པ་དང་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ ༩༨༥༨ ཟིན་ཤིང་དགོན་སྡེར་བཙུན་མའི་ཁ་གྲངས ༤༢ བཟོས་ཡོད་པ་རེད།།

༼ ཡིག་བསྒྱུར་ངག་དབང་།༽
ལོགས་སུ་ཉར་བ།