སྐབས་གཉིས་པའི་ཚངས་དབྱངས་རྒྱ་མཚོའི་མགུར་གླུའི་རིག་གནས་ཡུལ་སྐོར་དུས་ཆེན་གཏོང་འགོ་འཚུཌ་པ།

ཡོངས་ཁུངས།   ལྷོ་ཁའི་དྲ་བ། རྩོམ་པོ།   བོད་ལྗོངས་འཕྲིན་དྲ། སྤེལ་དུས།   2013-09-16

 

འགོ་ཚུགས་མཛད་སྒོའི་ཐོག་དམངས་ཁྲོད་སྒྱུ་རྩལ་ཚོགས་པས་ངོ་མཚར་ཆེ་བའི་རིག་རྩལ་འཁྲབ་སྟོན་བྱེད་བཞིན་པ།

 

ལྷོ་ཁ་ས་ཁུལ་མཚོ་སྣ་རྫོང་ལེགས་པོ་རོང་གི་གནམ་གཤིས་ཀྱི་ཚ་གྲང་ཧ་ཅང་སྙོམས་པ་དང་།  གངས་རི་དང་ནགས་ཚལ།  དེ་བཞིན་འབབ་ཆུ་སོགས་རང་བྱུང་གི་མཛེས་ལྗོངས་འདྲེན་བྱེད་དབང་པོའི་ལོངས་སུ་སྤྱོད་པར་གྱུར།  དེ་གར་མོན་པ་རིགས་འཚོ་སྡོད་བྱེད་བཞིན་ཡོད་པ་དང་མོན་པ་རིགས་ཀྱི་གྲགས་ཅན་སྙན་ངག་པ་ཚངས་དབྱངས་རྒྱ་མཚོའི་འཁྲུངས་ཡུལ་ཡིན་པ་དང་།  སྤྱི་ཟླ ༩ པའི་ཚེས ༡༥ ཉིན་ཚངས་དབྱངས་རྒྱ་མཚོའི་མགུར་གླུའི་རིག་གནས་ཡུལ་སྐོར་དུས་ཆེན་གཟབ་རྒྱས་ངང་དེ་གར་གཏོང་འགོ་འཚུགས་པ་རེད།  འགོ་ཚུགས་མཛད་སྒོའི་ཐོག་མཚོ་སྣ་རྫོང་གི་དམངས་ཁྲོད་སྒྱུ་རྩལ་ཚོགས་པ་དང་མོན་པ་རིགས་ཀྱི་མང་ཚོགས་འཁྲབ་སྟོན་པ།  དེ་བཞིན་སློབ་གྲྭའི་སློམ་མ་བཅས་ཀྱིས་ས་དམའི་ཆང་གཞས་འགྲན་བསྡུར་དང་ཨ་ཅེ་ལྷ་མོ།  འབའ་ཆམས་སོགས་མོན་པ་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་ཟབ་མོ་ལྡན་པའི་རིག་རྩལ་འཁྲབ་སྟོན་བྱས་པ་རེད།

སྐབས་དང་པོའི་ཚངས་དབྱངས་རྒྱ་མཚོའི་རིག་གནས་ཡུལ་སྐོར་དུས་ཆེན་དེ་སྤྱི་ལོ ༢༠༡༢ ལོར་གཉེར་བ་དང་།  དུས་ཆེན་རིང་ཡུལ་སྐོར་འོས་སྦྱོར་དང་ཡུལ་ཟོག་འགྲེམས་སྤེལ།  དེ་བཞིན་མངོན་མིན་རིག་གནས་ཤུལ་བཞག་མོན་པའི་ཨ་ཅེ་ལྷ་མོ་སོགས་རིག་རྩལ་འཁྲབ་སྟོན་བྱས་པས།  རྒྱ་ཆེའི་ཡུལ་སྐོར་བ་དང་གཟིགས་མོ་བ་རྣམས་ཀྱི་དགའ་བསུ་ཆེན་པོ་ཐོབ་ཡོད་པ་མ་ཟད།  ལེགས་པོ་རོང་གི་དཔལ་འབྱོར་གོང་འཕེལ་དང་ལྷག་པར་དུ་ཡུལ་སྐོར་ལས་རིགས་ལ་སྐུལ་འདེད་ཆེན་པོ་ཐེབས་ཡོད་པ་རེད།།

 

ཡུལ་ཟོག་འགྲེམས་སྤེལ་བྱེད་སར་ཡུལ་སྐོར་བས་ཤིང་ཕོར་འདེམས་ཉོ་བྱེད་བཞིན་པ།

 

 

འགོ་ཚུགས་མཛད་སྒོའི་ཐོག་ན་ཆུང་སློམ་མ་ཚོས་རིག་རྩལ་འཁྲབ་སྟོན་བྱེད་བཞིན་པ།

 

 

ལུས་ལ་གཟབ་ཆོར་ལེགས་པར་སྤྲས་པའི་མོན་པ་རིགས་ཀྱི་བུ་མོ་ཆུང་ཆུང་།

 

༼ ཡིག་སྒྱུར་བློ་དབང་།༽
ལོགས་སུ་ཉར་བ།