སྐབས་བདུན་པའི་ཁམས་པའི་རིག་གནས་ཡུལ་སྐོར་སྒྱུ་རྩལ་དུས་ཆེན་གཏོང་འགོ་ཚུཌ་པ།

ཡོངས་ཁུངས།   ཤིན་ཧྭ་དྲ་བ། རྩོམ་པོ།   བོད་ལྗོངས་འཕྲིན་དྲ། སྤེལ་དུས།   2014-10-22

 

སྐབས་བདུན་པའི་ཁམས་པའི་རིག་གནས་ཡུལ་སྐོར་སྒྱུ་རྩལ་དུས་ཆེན་གྱི་འགོ་ཚུཌ་མཛད་སྒོ།

 

 

འགོ་ཚུགས་མཛད་སྒོའི་ཐོག་གི་ངོ་མཚར་འཁྲབ་སྟོན།

 

སྤྱི་ཚེས ༡༩ ཉིན།  སྐབས་བདུན་པའི་བོད་ལྗོངས་དང་ཟི་ཁྲོན།  མཚོ་སྔོན།  ཡུན་ནན་བཅས་ཁྱིམ་མཚེས་ས་ཁུལ་གྱི་ཁམས་པའི་རིག་གནས་ཡུལ་སྐོར་སྒྱུ་རྩལ་དུས་ ཆེན་གཏོང་འགོ་ཚུགས་པ་དང་།  ད་རེས་ཀྱི་དུས་ཆེན་དེ་སྤྱི་ཟླ ༡༠ པའི་ཚེས ༡༩ ཉིན་ནས་སྤྱི་ཚེས ༢༢ ཉིན་བར་གཏོང་རྒྱུ་རེད།   

ཁམས་པའི་རིག་གནས་ཡུལ་སྐོར་སྒྱུ་རྩལ་དུས་ཆེན་ནི་བོད་ ལྗོངས་དང་ཟིན་ཁྲོན།  མཚོ་སྔོན།  ཡུན་ནན་བཅས་ཁྱིམ་མཚེས་ས་ཁུལ་གྱིས་དུས་རབས་གོང་མའི་ལོ་རབས་དགུ་བཅུ་པའི་དུས་ མགོར་ཐུན་མོང་ཐོག་སྤེལ་བ་དང་།  ཟིན་ཁྲོན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དང་མཚོ་སྔོན་ཡུལ་ཤུལ་བོད་རིགས་རང་ སྐྱོང་ཁུལ།  ཡུན་ནན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ།  བོད་ལྗོངས་ཆབ་མདོ་ས་ཁུལ་བཅས་ཀྱིས་དུས་བཀག་ལྟར་རེ་མོས་ཀྱིས་གཉེར་གྱི་ཡོད་པ་ དང་།  ཡུལ་སྐོར་རིག་གནས་སྒྱུ་རྩལ་དུས་ཆེན་དེའི་དམིགས་ཡུལ་ནི་ས་ཁོངས་ཀྱི་དཔལ་ འབྱོར་དང་རིག་གནས་སྤེལ་རེས་ལ་ཤུགས་སྣོན་རྒྱག་པ་དང་།  རིག་གནས་ཐོན་ཁུངས་ལེགས་སྒྲིག་བྱེད་པ།  ཁམས་པའི་རིག་གནས་མཚོན་རྟགས་གཏོད་པ་བཅས་བྱས་ནས་ཐུན་མོང་གོང་འཕེལ་ཡོང་རྒྱུར་ སྐུལ་མ་གཏོང་རྒྱུ་དེ་རེད།། 

༼ རྩོམ་སྒྲིག་ཚེ་སྒྲོན།༽
ལོགས་སུ་ཉར་བ།