དགུན་དུས་བོད་ཀྱི་ཡུལ་སྐོར་ཁྲོམ་རར་སྐུལ་འདེད་གཏོང་བའི་འགྲེམས་བསྒྲཌ་འོས་སྦྱོར་ཚོཌ་འདུ་གྲེན་ཏུར་འཚོཌ།

ཡོངས་ཁུངས།   བོད་ལྗོངས་རླུང་འཕྲིན། རྩོམ་པོ།   བོད་ལྗོངས་འཕྲིན་དྲ། སྤེལ་དུས།   2018-11-02

ཉེ་དུས།  དགུན་དུས་བོད་དུ་ཡུལ་སྐོར་བྱེད།  གླིང་སྣེ་གསུམ་པར་མཉམ་དུ་རོལ་ཅེས་པའི་ཁྲོམ་རའི་སྐུལ་འདེད་འགྲེམས་བསྒྲགས་འོས་སྦྱོར་ཚོགས་འདུ་ཁྲེན་ཏུར་འཚོགས་པ་དང་།  རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་རྡོ་རྗེ་ཚེ་གྲུབ་དང་ཟི་ཁྲོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཞིང་སྤྱི་གཞོན་པ་ཡང་ཧུང་པོ་རྣམ་གཉིས་ཚོགས་འདུར་ཕེབས་པ་མ་ཟད་གསུང་བཤད་ཀྱང་གནང་བ་རེད།

ཚོགས་འདུའི་ཐོག  བོད་ལྗོངས་ཀྱིས་གོང་འཕེལ་གྱི་འདུ་ཤེས་ཆེ་མོ་ལྔས་གཅིག་འདོམས་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་ཁྱད་ལྡན་དང་རྩེར་སྲོན།  སྤུས་རྟགས་བཅས་ཀྱིས་ཁྲིད་ཕྱོགས་བྱས་ཏེ།  བོད་ལྗོངས་གསར་པར་ཡུལ་སྐོར་བྱེད། གླིང་སྣེ་གསུམ་པ་མཉམ་དུ་སྲུང་ཅེས་པའི་ཡུལ་སྐོར་མཚོན་རྟགས་ཀྱི་གཟུགས་བརྙན་གཏོད་པ་དང་།  ཡུལ་སྐོར་ལས་རིགས་འདི་ཉིད་ལྗོངས་ཡོངས་ཀྱི་རྒྱལ་དམངས་དཔལ་འབྱོར་གྱི་གཙོ་ཁྲིད་ཐོན་ལས་ལ་སྐྱེད་སྲིང་བྱེད་ཤུགས་ཆེ་རུ་བཏང་ནས།  བོད་ལྗོངས་འདི་ཉིད་དང་རྒྱལ་ཡོངས་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་པའི་འདེགས་སྐྱོར་གལ་ཆེན་ཞིག་ཏུ་འགྱུར་བ་བྱེད་རྒྱུ་ཡིན་ཅེས་མཛུབ་སྟོན་བྱས་ཡོད།

ཚོགས་འདུའི་ཐོག  དགུན་དུས་བོད་དུ་ཡུལ་སྐྱོར་བྱེད།  གླིང་སྣེ་གསུམ་པར་མཉམ་དུ་རོལ་ཅེས་པའི་གཟིགས་སྐྱོང་སྲིད་ཇུས་ཞིབ་ཚགས་སུ་བཏང་ནས།  དགུན་དུས་བོད་ལ་ཡུལ་སྐོར་བྱེད་པའི་སྤུས་རྟགས་ཀྱི་ཤུགས་རྐྱེན་ཐེབས་ཤུགས་དང་འབོད་སྐུལ་ནུས་པ་སྔར་བས་ཆེ་རུ་གཏོང་བ་དང་།  བོད་ཀྱི་ཡུལ་སྐོར་གྱི་ཁུལ་ཁོངས་ཡོངས་དང་དུས་གཏན་གོང་འཕེལ་གཏོང་རྒྱུར་སྐུལ་འདེད་བཏང་ནས།  རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བས་དགུན་དུས་བོད་ཀྱི་མཛེས་སྡུག་ལྡན་པའི་ཡུལ་ལྗོངས་མྱོང་རོལ་ཐུབ་པ་བྱེད་དགོས་རྒྱུའི་བླང་བྱ་བཏོན་ཡོད་པ་རེད།།

༼ རྩོམ་སྒྲིག་གསལ་དགའ།༽
ལོགས་སུ་ཉར་བ།