དགུན་དུས་བོད་དུ་ཡུལ་སྐོར་ལ་བསྐྱོད་དེ་གླིང་སྣེ་གསུམ་པ་མཉམ་སྤྱོད་བྱེད་ཅེས་པའི་ཁྲོམ་རའི་འོས་སྦྱོར་བྱེད་སྒོ་ནན་ཅིང་དུ་སྤེལ།

ཡོངས་ཁུངས།   བོད་ལྗོངས་རླུང་འཕྲིན། རྩོམ་པོ།   བོད་ལྗོངས་འཕྲིན་དྲ། སྤེལ་དུས།   2019-01-23

སྤྱི་ཟླ་དང་པོའི་ཚེས ༢༢ ཉིན་གྱི་སྔ་དྲོ་དགུན་དུས་བོད་དུ་ཡུལ་སྐོར་ལ་བསྐྱོད་དེ་གླིང་སྣེ་གསུམ་པ་མཉམ་སྤྱོད་བྱེད་ཅེས་པའི་ཁྲོམ་རའི་འོས་སྦྱོར་བྱེད་སྒོ་ནན་ཅིང་དུ་སྤེལ་བ་རེད།  རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་རྡོ་རྗེ་ཚེ་སྒྲུབ་དང་ཅང་སུའུ་ཞིང་ཆེན་གྱི་ཞིང་སྤྱི་གཞོན་པ་ཝང་ཅང་རྣམ་གཉིས་བྱེད་སྒོར་ཕེབས་པ་མ་ཟད་གསུང་བཤད་ཀྱང་གནང་བ་རེད།

འོས་སྦྱོར་ཚོགས་འདུའི་ཐོག  བོད་ལྗོངས་ཀྱིས་དགུན་དུས་བོད་དུ་ཡུལ་སྐོར་བྱེད་ཅེས་པའི་སྤུས་རྟགས་ཀྱི་ཤུགས་རྐྱེན་སྔར་བས་ཆེ་རུ་གཏོང་བ་མ་ཟད།  ཁུལ་ཁོངས་ཡོངས་དང་ནམ་དུས་ཧྲིལ་པོར་ཡུལ་སྐོར་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་བཏང་ནས།  བོད་ལྗོངས་དང་ཅང་སུའུ་ལག་གདང་སྦྲེལ་ཏེ་ཡུལ་སྐོར་གོང་འཕེལ་གཏོང་རྒྱུ་རེད་ཅེས་མཛུབ་སྟོན་བྱས་ཡོད་ལ།  རང་སྐྱོང་ལྗོངས་ཡུལ་སྐོར་གོང་འཕེལ་ཐིང་གི་འབྲེལ་ཡོད་འགན་ཁུར་མི་སྣས་དགུན་དུས་བོད་དུ་ཡུལ་སྐོར་བྱེད་པའི་ཁ་གསབ་བྱ་དགའ་སྤྲོད་ཐབས་དང་།  བོད་ལྗོངས་དང་ཅང་སུའུ་གཉིས་ཀྱི་ཡུལ་སྐོར་ལས་དོན་ཁང་གི་མཉམ་ལས་གྲོས་མཐུན་ངོ་སྤྲོད་བྱས་པ་མ་ཟད།  ལྷ་ས་གྲོང་ཁྱེར་དང་བོད་ལྗོངས་མཁའ་འགྲུལ་ཀུང་སིས་ཀྱང་ཁག་སོ་སོར་ཆེད་དོན་འོས་སྦྱོར་བྱས་པ་རེད། །

༼ རྩོམ་སྒྲིག་གསལ་དགའ།༽
ལོགས་སུ་ཉར་བ།