རང་ལྗོངས་ཀྱིས་བྱེད་སྒོ་སྣ་ཚོགས་སྤེལ་ཏེ་དགུན་དུས་བོད་དུ་ཡུལ་སྐོར་བྱེད་པའི་ཁྲོམ་རར་སྐུལ་འདེད་ཤུགས་ཆེ་བཏང་།

ཡོངས་ཁུངས།   བོད་ལྗོངས་རླུང་འཕྲིན། རྩོམ་པོ།   བོད་ལྗོངས་འཕྲིན་དྲ། སྤེལ་དུས།   2019-01-26

དགུན་དུས་བོད་དུ་ཡུལ་སྐོར་བྱས་ཏེ་ས་གོ་ལའི་གླིང་སྣེ་གསུམ་པར་མཉམ་དུ་རོལ་ཞེས་པའི་བྱེད་སྒོ་ཏན་ཏིག་སྤེལ་ཏེ།  བོད་ལྗོངས་དང་ཧྲན་ཏུང་གཉིས་དབར་གྱི་སྤེལ་རེས་དང་མཉམ་ལས་ལ་ཤུགས་སྣོན་རྒྱག་ཆེད།  དགུན་དུས་བོད་དུ་ཡུལ་སྐོར་བྱས་ཏེ་ས་གོ་ལའི་གླིང་སྣེ་གསུམ་པར་མཉམ་དུ་རོལ་ཞེས་པའི་ཡུལ་སྐོར་འོས་སྦྱོར་ཚོགས་འདུ་སྤྱི་ཚེས ༢༤ ཉིན་ཧྲན་ཏུང་ཇི་ནན་དུ་འཚོགས་པ་རེད།  རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་རྡོ་རྗེ་ཚེ་གྲུབ་དང་ཧྲན་ཏུང་ཞིང་ཆེན་གྱི་ཞིང་སྤྱི་གཞོན་པ་ཡུད་ཇེ་རྣམ་གཉིས་ཚོགས་འདུར་ཕེབས་པ་མ་ཟད་གསུང་བཤད་ཀྱང་གནང་བ་རེད། 
ཐེངས་འདིའི་འོས་སྦྱོར་ཚོགས་འདུས་བརྙན་ལམ་གྱི་དྲིལ་བསྒྲགས་དང་སྲིད་ཇུས་འགྲེམས་བསྒྲགས།  ཡུལ་སྐོར་གྱི་ཁྱད་ལྡན་ཐོན་རྫས་ཁྱབ་གདལ་སོགས་རིགས་ཁག་གི་བྱ་ཐབས་བརྒྱུད།  ཧྲན་ཏུང་གི་ཡུལ་སྐོར་ཚོགས་པ་དང་སྨྱན་སྦྱོར་ཚན་པ་སོགས་ལ་དགུན་དུས་བོད་ཀྱི་མཛེས་ལྗོངས་དང་དམངས་སྲོལ་གོམས་འདྲིས་ངོ་སྤྲོད་གང་ལེགས་བྱས་ནས།  རང་ལྗོངས་ཀྱི་དགུན་དུས་བོད་དུ་ཡུལ་སྐོར་བྱེད་པའི་ཁྲོམ་རའི་བྱེད་སྒོར་སྐུལ་འདེད་གཏོང་བའི་འབྲེལ་ཡོད་གཟིགས་སྐྱོང་སྲིད་ཇུས་ཕྱོགས་ཡོངས་ནས་དྲིལ་བསྒྲགས་བྱས་པ་རེད། 
ཚོགས་འདུའི་ཐོག  ད་དུང་བོད་རང་སྐྱོང་ལྗོངས་དང་ཧྲན་ཏུང་ཞིང་ཆེན་གཉིས་པོའི་ཡུལ་སྐོར་མཉམ་ལས་ཁང་གིས་མཉམ་ལས་གྲོས་ཡིག་ཐོག་མིང་རྟགས་བཀོད་པ་རེད།། 
 

༼ རྩོམ་སྒྲིག་ཚེ་སྒྲོན།༽
ལོགས་སུ་ཉར་བ།