རྔ་ཆེན་ཟམ་ཆེན་ལས་མཇུག་སྒྲིལ་གྲབས་ཡོད་པ།

ཡོངས་ཁུངས།   ཤིན་ཧྭ་དྲ་བ། རྩོམ་པོ།   བོད་ལྗོངས་འཕྲིན་དྲ། སྤེལ་དུས།   2013-09-16

 

ལས་མཇུག་སྒྲིག་གྲབས་ཡོད་པའི་རྔ་ཆེན་ཟམ་ཆེན།

 

 

ལས་མཇུག་སྒྲིག་གྲབས་ཡོད་པའི་རྔ་ཆེན་ཟམ་ཆེན།

 

རྔ་ཆེན་གཞུང་ལམ་གྱི་ཟམ་ཆེན་དེར་ལྷ་སའི་ཟམ་པ་རྩེ་གྲ་ཞེས་བརྗོད་ཀྱི་ཡོད་པ་དང་ཟམ་ཆེན་དེ་ལྷ་ས་གྲོང་ཁྱེར་གྱི་ཤར་ངོས་སུ་གནས་ཡོད།  རིང་ཚད་སྤྱི་ལེ ༡.༢༨ དང་ཞེང་ཚད་སྤྱི་ཁྲེ ༣༣ ཟིན་གྱི་ཡོད་པ་དང་དུས་གཅིག་ཏུ་རླངས་འཁོར ༦ མཉམ་གཤིབ་ཏུ་སྐྱོད་ཐུབ་ཀྱི་ཡོད།

ཁྱོན་མ་དངུལ་སྒོར་དུང་ཕྱུར ༢.༤༤༨༠ བཏང་ཡོད་པའི་ཟམ་ཆེན་དེ་སྤྱི་ལོ ༢༠༡༡ ལོའི་ཟླ་བ་དང་པོར་སྐྲུན་འགོ་ཚུགས་པ་དང་།  ད་ལོའི་ཟླ་བ ༡༠ པའི་ཚེས ༡ ཉིན་ལས་མཇུག་སྒྲིལ་ཐུབ་བཟོ་ཡོད།  ཟམ་ཆེན་དེ་སྐྲུན་ཟིན་རྗེས་ལྷ་སའི་གྲོང་ཤར་དང་རྒྱལ་ལམ ༣༡༨ འབྲེལ་མཐུད་ཐུབ་ནས།  ལྷ་ས་གྲོང་ཁྱེར་གྱི་འགྲིམ་འགྲུལ་ཆ་རྐྱེན་སྔར་བས་ལེགས་བཅོས་ཐུབ་རྒྱུ་རེད།།

༼ ཡིག་སྒྱུར་ཚེ་སྒྲོན།༽
ལོགས་སུ་ཉར་བ།