བོད་སྐད་བརྙན་འཕྲིན།
བོད་ལྗོངས་བརྙན་འཕྲིན་ལས་ཁུངས་བོད་སྐད་སྲུང་སྐར་འཕྲིན་ལམ་གྱི་ངོ་སྤྲོད་རགས་བསྡུས།

བོད་ལྗོངས་བརྙན་འཕྲིན་ལས་ཁུངས་བོད་སྐད་སྲུང་སྐར་འཕྲིན་ལམ་ནི་བོད་རང་སྐྱོང་ལྗོངས་ཙམ་མ་ཟད་རྒྱལ་ཡོངས་བོད་སྐད་བརྙན་འཕྲིན་ལེ་ཚན་གྱི་བརྒྱུད་སྤེལ་སྟེགས་བུ་གཙོ་བོའི་གྲས་ཤིག་ཡིན་པ་དང༌། རང་རྒྱལ་གྱི་ཞིང་ཆེན་རིམ་པའི་བོད་སྐད་སྲུང་སྐར་བརྙན་འཕྲིན་འཕྲིན་ལམ་ཨང་དང་པོ་དེ་ཡིན།  ལོ་ངོ་༢༥ འཕེལ་རྒྱས་བརྒྱུད་བོད་སྐད་སྲུང་སྐར་འཕྲིན་ལམ་འདི་བོད་སྐད་ལེ་ཚན་སྒྲ་སྒྱུར་ཐབ་ཆག་ལས་བྱེད་མི་ཐུབ་པ་ནས་བཅར་འདྲི་དང་རྩོམ་སྒྲིག སྙན་སྒྲོན་བཅས་གཅིག་ཏུ་བསྡུས་པའི་སྲུང་སྐར་བརྙན་འཕྲིན་འཕྲིན་ལམ་ཞིག་ཏུ་འགྱུར་ཡོད་པ་དང༌། ཐོག་མར་བོད་རང་སྐྱོང་ལྗོངས་ཁོ་ནར་ཁ་ཕྱོགས་པའི་སྒྲ་སྒྱུར་ལེ་ཚན་ཞིག་ནས་རྒྱལ་ཡོངས་དང་རྒྱལ་ཕྱི་རྒྱལ་ནང་གི་བོད་རིགས་སྤུན་ཟླར་ཁ་ཕྱོགས་པའི་བོད་ཀྱི་རིག་གནས་ཁྱབ་སྤེལ་ལྟེ་གནས་དང༌།  ཏང་དང་སྲིད་གཞུང་གི་གླེང་ཕྱོགས་དྲིལ་བསྒྲགས་ཀྱི་གཡུལ་ས་གལ་ཆེན་ཞིག་ཏུ་འཕེལ་རྒྱས་བྱུང་ཡོད་པ་དང་ལྷག་པར་དུ་རང་རྒྱལ་གྱི་བོད་དང་འབྲེལ་བའི་དྲིལ་བསྒྲགས་ཐད་ནུས་པ་ཧ་ཅང་ཆེན་པོ་ཐོན་དང་ཐོན་མུས་ཡིན། བོད་ལྗོངས་བརྙན་འཕྲིན་ལས་ཁུངས་སྤྱི་ལོ ༡༩༨༥ ལོར་བཙུགས་པ་དང༌།  ལེ་ཚན་གཏོང་འགོ་ཚུགས་པའི་ཐོག་མ་ནས་བོད་སྐད་བརྙན་འཕྲིན་གྱི་དྲིལ་བསྒྲགས་ལས་དོན་སྤེལ་ཡོད།  བོད་ལྗོངས་བརྙན་འཕྲིན་ལས་ཁུངས་བཙུགས་པའི་ཐོག་མ་ནས་བོད་ལྗོངས་བརྙན་འཕྲིན་ལས་ཁུངས་ཀྱི་གསར་འགྱུར་གཏོང་སྤེལ་ལས་དོན་ཡང་དངོས་སུ་སྤེལ་འགོ་ཚུགས་ནས་བོད་སྐད་དང་རྒྱ་སྐད་ཀྱི་ བོད་ལྗོངས་གསར་འགྱུར་མཉམ་བསྒྲགས་ལེ་ཚན་གཉེར་བ་དང༌།  སྤྱི་ལོ ༡༩༩༡ ལོའི་ཟླ ༡༢ པར་བོད་ལྗོངས་བརྙན་འཕྲིན་ལས་ཁུངས་གསར་འགྱུར་པུའུ་བཙུགས་ནས་ 鉄བོད་ལྗོངས་གསར་འགྱུར་མཉམ་བསྒྲགས་鉅鉄ལྗོངས་ཡོངས་ཀྱི་གསར་འགྱུར་མཉམ་བསྒྲགས་鉅ཞེས་པར་མིང་བསྒྱུར་བྱས་པ་དང༌།  རྒྱལ་ཡོངས་ཀྱི་ས་ཁུལ་ཁག་དང་གྲོང་ཁྱེར་ཁག་གི་བརྙན་འཕྲིན་ལས་ཁུངས་དང་མཉམ་ལས་སྤེལ་རེས་ཀྱི་འགོ་བརྩམས་པ་དང་གཏོང་སྤེལ་གྱི་ནང་དོན་ ལྗོངས་ཡོངས་ཀྱི་ཆབ་སྲིད་དང་དཔལ་འབྱོར།  རིགས་གནས་སོགས་ཁྱབ་ཁྱོངས་མང་པོར་ཁྱབ་ཡོད་ཅིང་ལེ་ཚན་གྱི་དུས་ཚོད་ སྐར་མ ༡༠ ཡིན།  སྤྱི་ལོ ༡༩༩༥ ལོའི་ཟླ ༡༠ པར་鉄ལྗོངས་ཡོངས་ཀྱི་གསར་འགྱུར་མཉམ་བསྒྲགས་鉅འདི་ཡང་鉄བོད་ལྗོངས་གསར་འགྱུར་མཉམ་བསྒྲགས་鉅ཞེས་པར་མིང་བསྒྱུར་བྱས་པ་དང་ལོ་གཅིག་ཞག་མ་སུམ་བརྒྱ་དྲུག་བཅུ་རེ་ལྔ་ཉིན་ལྟར་གཏོང་ཐུབ་པ་བྱུང་ནས་

བོད་སྐད་གསར་འགྱུར་ཡང་དུས་གཅིག་ཏུ་གོང་འཕེལ་ཕྱིན་ཡོད།  སྤྱི་ལོ ༡༩༩༩ ལོའི་ཟླ ༡༠ པའི་ཚེས ༡ ཉིན་བོད་ལྗོངས་བརྙན་འཕྲིན་ལས་ཁུངས་བོད་སྐད་སྲུང་སྐར་འཕྲིན་ལམ་དངོས་སུ་གཏོང་ཐུབ་པ་བྱུང་ནས་ བོད་སྐད་བརྙན་འཕྲིན་གྱི་དྲིལ་བསྒྲགས་ལས་དོན་གྱི་འགོ་གསར་པ་བཙུགས་ཡོད། བོད་སྐད་སྲུང་སྐར་འཕྲིན་ལམ་གྱིས་ཏང་གི་ལམ་ཕྱོགས་དང་མཛད་ཕྱོགས།  སྲིད་ཇུས་བཅས་དྲིལ་བསྒྲགས་བྱ་རྒྱུ་དང་  བོད་མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དར་སྤེལ་གཏོང་རྒྱུ།  བོད་རང་སྐྱོང་ལྗོངས་དང་རྒྱལ་ནང་གི་བོད་རིགས་ས་ཁུལ་གཞན་གྱི་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱ་རྒྱུ།  མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་རྒྱུ།  མི་རིགས་ཁག་འདྲ་མཉམ་དང་མཐུན་སྒྲིལ། རོགས་རེས། ཞི་མཐུན་བཅས་ཡིན་པའི་མི་རིགས་འབྲེལ་བ་མངོན་པ་བྱ་རྒྱུ།ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་ ཐུན་མོང་ཐོག་གྲ་རྒྱས་གོང་འཕེལ་ཡོང་རྒྱུར་སྐུལ་སྤེལ་གཏོང་རྒྱུ་སོགས་ཀྱི་ཐད་ནུས་པ་གལ་ཆེན་བཏོན་ཡོད།  བོད་སྐད་སྲུང་སྐར་འཕྲིན་ལམ་འདི་ཉིད་ཁ་ཕྲལ་དང་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་གཡུལ་ས་མདུན་མར་གནས་ཡོད་པས་  མེས་རྒྱལ་གོང་བུ་གཅིག་གྱུར་སྲུང་སྐྱོང་དང་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་རྙོག་འཛིང་ཆེ་ལ་རྣོ་ངར་ཆེ་བའི་ཆབ་སྲིད་འཐབ་རྩོད་ཁྲོད་  ལངས་ཕྱོགས་བརྟན་པོ་དང་དར་ཆ་གསལ་སྟོན།  གླེང་ཕྱོགས་ཡང་དག་བཅས་ཀྱི་སྒོ་ནས་  དོན་དངོས་འབོར་ཆེན་བགྲང་སྟེ་ཀྲུང་གོར་ངོ་རྒོལ་བྱེད་མཁན་ནུབ་ཕྱོགས་དགྲ་འཛིན་ཕྱོགས་གཏོགས་དང་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་རུ་ཚོགས་ཀྱིས་རང་རེའི་ཏང་གིས་བོད་དུ་སྤེལ་བའི་ལས་དོན་ཐད་སྐྱོན་འཛུགས་བྱེད་པ་དང་དམའ་འབེབས་གཏོང་བ་ཐེར་འདོན་ནུས་ལྡན་བྱས་ཡོད་པ་དང༌།  སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་དྲིལ་བསྒྲགས་བྱ་རྒྱུ་དང་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པའི་གཟུགས་བརྙན་བཟང་པོ་གཏོད་རྒྱུའི་ཐད་ནུས་པ་གང་ཡོད་བཏོན་ཡོད།།

སྤྱི་ལོ ༢༠༠༢ ལོའི་ཟླ ༩ པར་བོད་སྐད་སྲུང་སྐར་བརྙན་འཕྲིན་ནེ་པ་ལར་ལྟ་ཐུབ་པ་བྱུང་ནས་བོད་སྐད་སྲུང་སྐར་འཕྲིན་ལམ་བཙུགས་ཚུན་གྱི་ལོ ༡༡ ནང་རྒྱལ་ཁབ་ཕྱི་ནང་དུ་བག་ཆགས་དེ་བས་ཟབ་ཏུ་ཕྱིན་ཡོད།  བོད་སྐད་སྲུང་སྐར་འཕྲིན་ལམ་དེ་རྒྱལ་ཡོངས་དང༌། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོའི་རྒྱལ་ཁབ་དང་ས་ཁུལ་ཁག་ཅིག  ཡོ་རོབ་གླིང་ཆེན་གྱི་རྒྱལ་ཁབ་དང་ས་ཁུལ་ཁག་ཅིག་བཅས་སུ་ལྟ་ཐུབ་ཀྱི་ཡོད།  དཔྱད་ཡིག་ཐོག་ནས་མངོན་པར་གཞིགས་ན།  སྤྱི་ལོ ༢༠༠༧ ལོ་བར་འཛམ་གླིང་ས་ཕྱོགས་གང་སར་གནས་པའི་བོད་རིགས་སྤུན་ཟླ་མི་གྲངས་ཁྲི་ཚོ ༡༤ ལྷག་ཙམ་ཟིན་གྱི་ཡོད་པའི་ནང་ནས་བརྒྱ་ཆ ༧༠ ཙམ་རྒྱ་གར་དང་ནེ་པ་ལ་རྒྱལ་ཁབ་གཉིས་སུ་གནས་སྡོད་བྱེད་ཀྱི་ཡོད།  ཤེས་རྟོགས་བྱས་པར་གཞིགས་ན། 

འཛམ་གླིང་ས་ཕྱོགས་གང་སར་གནས་པའི་བོད་རིགས་སྤུན་ཟླས་སྲུང་སྐར་བརྙན་འཕྲིན་བསྡུ་ལེན་སྒྲིག་བཀོད་བརྒྱུད་བོད་ལྗོངས་བརྙན་འཕྲིན་ལས་ཁུངས་བོད་སྐད་སྲུང་སྐོར་འཕྲིན་ལམ་གྱི་ལེ་ཚན་ལྟ་མཁན་མང་པོ་ཡོད་པ་དང་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པས་ཀྱང་སྲུང་སྐར་བརྙན་འཕྲིན་བསྡུ་ལེན་སྒྲིག་བཀོད་བརྒྱུད་བོད་སྐད་སྲུང་སྐར་འཕྲིན་ལམ་གྱི་ལེ་ཚན་ལྟ་གི་ཡོད་པ་རེད།རང་སྐྱོང་ལྗོངས་ཀྱི་དབུ་ཁྲིད་ནེ་པ་ལར་བཅར་འདྲིར་ཕེབས་སྐབས་དང་ནེ་པ་ལར་བྱེས་སྡོད་རྒྱལ་གཅེས་བོད་རིགས་སྤུན་ཟླ་དང་འབྲེལ་བ་བྱེད་སྐབས།  བོད་ལྗོངས་བརྙན་འཕྲིན་ལས་ཁུངས་བོད་སྐད་འཕྲིན་ལམ་འདི་ཉིད་ནེ་པ་ལར་བྱེས་སྡོད་བོད་རིགས་སྤུན་ཟླས་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་ཤེས་རྟོགས་བྱེད་པའི་སྐར་ཁུང་གལ་ཆེན་ཞིག་ཏུ་འགྱུར་ཡོད་པ་མ་ཟད་བོད་ཀྱི་འཕེལ་རྒྱས་དང་འགྱུར་ལྡོག་ལ་དོ་ཁུར་ཆེན་པོ་བྱུང་ཡོད།
སྤྱི་ལོ ༢༠༠༣ ལོ་ནས་བཟུང༌།  ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་རྒྱུན་ལས་ཨུ་ཡོན་བློ་མཐུན་ལི་གྲང་ཁྲུན་གྱིས་བོད་སྐད་འཕྲིན་ལམ་གྱི་ལེ་ཚན་གཏོང་བའི་དུས་ཚོད་རིང་དུ་གཏོང་དགོས་པའི་མཆན་བཀོད་མཛུབ་སྟོན་གནང་བ་གཞིར་བཟུང་ལོ་མང་དཀའ་དཔྱད་འབད་བརྩོན་བྱས་པ་བརྒྱུད་བོད་ལྗོངས་བརྙན་ལས་ཁུངས་བོད་སྐད་སྲུང་སྐར་འཕྲིན་ལམ་གྱི་ལེ་ཚན་གཏོང་བའི་དུས་ཚོད་སྤྱི་ལོ ༢༠༠༧ ལོའི་ཟླ ༡༠ པའི་ཚེས ༡ ཉིན་ནས་ཆུ་ཚོད ༢༤ མངོན་འགྱུར་བྱུང་བ་དང༌།  བོད་སྐད་རླུ ང་འཕྲིན་བརྙན་འཕྲིན་གྱི་དྲིལ་བསྒྲགས་ནང་དོན་ཕུན་སུམ་ཚོགས་སུ་གཏོང་ཕྱིར་སྒྲ་བསྒྱུར་སྒྲིག་བཟོའི་ལས་དོན་སྤེལ་ཤུགས་ཆེ་རུ་བཏང་བས་ལོའི་སྒྲ་བསྒྱུར་སྒྲིག་བཟོ་ཚད་སྤྱི་ལོ ༢༠༠༠ ལོའི་ཆུ་ཚོད ༦༠༠༠ ལྷག་ཙམ་ནས་སྤྱི་ལོ ༢༠༠༨ ལོའི་ཆུ་ཚོད ༡༡༠༠༠ བར་མང་དུ་ཕྱིན་ཡོད།

སྤྱི་ལོ ༢༠༠༦ ལོའི་ཟླ ༧ པར་བོད་ལྗོངས་བརྙན་འཕྲིན་ལས་ཁུངས་བོད་སྐད་ལེ་ཚན་ལྟེ་གནས་དངོས་སུ་བཙུགས་པ་དང༌། དེ་ནི་དེ་སྔའི་གསར་འགྱུར་པུའུ་དང་ཆེད་སྒྲིག་པུའུ།  རིག་རྩལ་པུའུ་བཅས་ཀྱི་བོད་སྐད་བརྙན་འཕྲིན་ལས་དོན་པ་ལས་གྲུབ་པ་ཞིག་ཡིན།  བོད་སྐད་ལེ་ཚན་ལྟེ་གནས་ནི་བརྙན་འཕྲིན་ལས་ཁུངས་དབུ་ཁྲིད་ལ་གཞོགས་འདེགས་ཀྱིས་བརྙན་འཕྲིན་ལས་ཁུངས་ཀྱི་བོད་སྐད་དྲིལ་བསྒྲགས་ལས་དོན་ལ་དོ་དམ་བྱེད་མཁན་འགན་ནུས་ཚན་པ་གལ་ཆེན་ཞིག་ཡིན།

ད་ལྟ་བོད་ལྗོངས་བརྙན་འཕྲིན་ལས་ཁུངས་བོད་སྐད་འཕྲིན་ལམ་ལ་གསར་འགྱུར་རིགས་དང་སྤྱི་ཚོགས་སློབ་གསོ་རིགས།  བརྡ་ཁྱབ་རིགས།  ཞབས་ཞུ་རོལ་རྩེད་རིགས།  བརྙན་འཕྲིན་འཁྲབ་ཚན་རིགས་བཅས་ལེ་ཚན་རིགས་མི་འདྲ་བ་༥ ཡོད་པ་དང༌། ལེ་ཚན་གཏོང་བའི་དུས་ཚོད་ཆུ་ཚོད ༢༤ ཟིན་གྱི་ཡོད།  བོད་སྐད་ལེ་ཚན་鉄བོད་ལྗོངས་གསར་འགྱུར་མཉམ་བསྒྲགས་དང་ཀྲུང་དབྱང་གསར་འགྱུར་མཉམ་བསྒྲགས། ཉིན་གུང་གསར་འགྱུར། གསར་འགྱུར་དབྱེ་ཞིབ། ཤེས་བྱ་ཀུན་བཏུས། དྲི་གཞོན་ལྷ་མོ། གངས་ལྗོངས་ཀུན་གླེང་། སྒྲུང་གཏམ་དགའ་ཚལ། ཞིང་འབྲོག་གླེང་སྟེགས། བགྲོ་གླེང་། སྒྲོན་མེ་བཅས ༡༡ ཡོད་པ་མ་ཟད་བོད་སྐད་བརྙན་འཕྲིན་འཁྲབ་ཚན་ཡང་ཡོད།