带格式文本

སྤྱི་ལོའི་དུས་རབས་བཅུ་པར་བོད་བརྒྱུད་ནང་བསྟན་དར་རྒྱས་ཆེན་པོ་བྱུང་བ་མ་ཟད།  གཙོ་བོ་རང་རྒྱལ་གྱི་བོད་རིགས་དང་།  སོག་རིགས།  མོན་པ་རིགས།  ཡུ་གུར་རིགས།  ཧོར་རིགས།  ལྗང་རིགས་སོགས་མི་རིགས་ས་ཁུལ་དུ་དར་ཁྱབ་བྱུང་།  ཏཱ་ལའི་བླ་མ་དང་པཎ་ཆེན་ཨེར་ཏི་ནི་རྣམ་གཉིས་ནི་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་བླ་སྤྲུལ་ཆེན་པོ་གཉིས་ཡིན་ཅིང་།  ཀྲུང་དབྱང་སྲིད་གཞུང་རིམ་པས་གནང་སྦྱིན་བསྩལ་བ་བརྒྱུད་ཁོང་རྣམ་གཉིས་ཀྱི་ཆབ་སྲིད་དང་ཆོས་ལུགས་ཀྱི་གནས་བབས་གཏན་འཁེལ་བྱེད།  བོད་ལ་དམངས་གཙོའི་བཅོས་བསྒྱུར་བཏང་རྗེས་སུ།  ཆོས་སྲིད་ཀྱི་དབང་ཆ་ལོགས་སུ་དགར།  སྤྱི་ལོ ༡༩༥༩ ལོར་ཏཱ་ལ་སྐུ་ཕྲེང་བཅུ་བཞི་ཕྱི་རྒྱལ་དུ་བྲོས་བྱོལ་བྱས་ནས་རང་ཉིད་ཀྱི་སྔོན་གྱི་ལངས་ཕྱོགས་རྒྱབ་ཏུ་བསྐྱུར།  པཎ་ཆེན་བཅུ་པ་ཆེན་པོས་སྐུ་ཚེ་ཧྲིལ་པོར་བོད་ཀྱི་འཕེལ་རྒྱས་དང་། རྒྱལ་གཅེས་ཆོས་གཅེས་ཀྱི་མཛད་པ་བསྐྱངས་པས་རྒྱལ་ཡོངས་མི་དམངས་ཀྱི་གུས་བཀུར་ཆེན་པོ་ཐོབ།

འདིར་བཤམས་པའི་རྩ་ཆེའི་རིག་དངོས་བརྒྱ་ལ་ཉེ་བ་དེ་དག་ནི་མི་རིགས་རིག་གནས་ཕོ་བྲང་དུ་ཉར་ཚགས་བྱས་པའི་ཕྱག་རྟགས་དང་མཛོད་ཉར་རིག་དངོས་གཞན་དག་གི་ཁྲོད་ནས་བདམས་གསེས་བྱས་པ་ཞིག་ཡིན།  དེར་ཏཱ་ལའི་བླ་མ་དང་པཎ་ཆེན་ཨེར་ཏི་ནི་རྣམ་གཉིས་ཀྱི་མཚན་གནས་ཀྱི་བྱུང་ཚུལ་དང་ཀྲུང་དབྱང་སྲིད་གཞུང་དབར་གྱི་འབྲེལ་བ།  ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་དང་པཎ་ཆེན་ཨེར་ཏི་ནི་སྐུ་ཕྲེང་བཅུ་པ་རྣམ་གཉིས་ནས་ཀྲུང་དབྱང་སྲིད་གཞུང་ལ་ཕུལ་བའི་ཕྱག་རྟགས།  པཎ་ཆེན་ཨེར་ཏི་ནི་སྐུ་ཕྲེང་བཅུ་གཅིག་ནས་ཀྲུང་དབྱང་སྲིད་གཞུང་ལ་ཕུལ་བའི་ཕྱག་རྟགས།  པཎ་ཆེན་ཨེར་ཏི་ནི་སྐུར་ཕྲེང་བཅུ་གཅིག་ནས་ཀྲུང་དབྱང་མི་དམངས་སྲིད་གཞུང་ལ་ཕུལ་བའི་ཕྱག་རྟགས་སོགས་ནང་དོན་གསུམ་དུ་དབྱེ་ཡོད།  འགྲེམས་སྟོན་དེའི་ནང་བོད་བརྒྱུད་ནང་བསྟན་གྱི་རྒྱ་ཆེ་ལ་གཏིང་ཟབ་པའི་རིག་གནས་མངོན་པར་བྱེད་པའི་ཆོས་པའི་ཡོ་བྱད་ཡོད་པ་མ་ཟད་ད་དུང་གང་ལྗོངས་ས་མཐོའི་ཕུན་སུམ་ཚོགས་པའི་རང་བྱུང་ཐོན་ཁུངས་དང་མི་རྣམས་ལས་ལ་བརྩོན་ཞིང་རྣམ་རིག་བཀྲ་བར་མཚོན་པའི་ཡོ་བྱད་སོགས་ཡོད།  དེས་ན་ཞིབ་ཚགས་ལ་ཕུན་སུམ་ཚོགས་པའི་ལོ་རྒྱུས་ཀྱི་དཔྱད་གཞི་འདི་དག་ལས་ཏཱ་ལའི་བླ་མ་དང་པཎ་ཆེན་ཨེར་ཏི་ནི་སྐུ་ཕྲེང་རིམ་བྱོན་དང་ཀྲུང་དབྱང་སྲིད་གཞུང་དབར་གྱི་མཛའ་བརྩེའི་འབྲེལ་བ་མཚོན།  ལྷག་པར་དུ་འདི་དག་ལས་པཎ་ཆེན་ཨེར་ཏི་ནི་སྐུ་ཕྲེང་བཅུ་པ་དང་བཅུ་གཅིག་གིས་ཀྲུང་དབྱང་མི་དམངས་སྲིད་གཞུང་ལ་ཕུལ་བའི་ཕྱག་རྟགས་ལས་བོད་ཀྱི་མཐོ་རིམ་ཆོས་ལུགས་མི་སྣས་མེས་རྒྱལ་ཁྱིམ་ཚང་ཆེན་མོར་བཅངས་པའི་དགའ་ཞེན་དང་མི་དམངས་ཀྱི་དབུ་འཛིན་ལ་གུས་བཀུར་ཆེན་པོ་བྱེད་པ་མཚོན།། 

 

ས་བཅད་དང་པོ། 更多>>

带格式文本

ཏཱ་ལའི་བླ་མ་དང་པཎ་ཆེན་ཨེར་ཏི་ནི་རྣམ་གཉིས་ནི་རང་རྒྱལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་གྲུབ་མཐའི་སྲོལ་གཏོད་པ་ཙོང་ཁ་པའི་ཐུགས་སྲས་ཆེན་པོ་གཉིས་ཡིན། སྤྱི་ལོའི་དུས་རབས་བཅོ་ལྔ་པར་དགེ་ལུགས་པའི་གྲུབ་མཐའ་དར་འགོ་ཚུགས་པ་ནས་བཟུང་དུས་རབས་འགའི་རིང་འཕེལ་རྒྱས་བྱུང་བ་བརྒྱུད་དགེ་ལུགས་པ་འདི་ཉིད་བོད་ཀྱི་སྤྱི་ཚོགས་ནང་སྟོབས་ཤུགས་ཆེ་ཤོས་ཀྱི་གྲུབ་མཐའ་ཞིག་ཏུ་གྱུར་བ་དང༌། ཏཱ་ལ་དང་པཎ་ཆེན་རྣམ་གཉིས་ནི་སྤྲུལ་སྐུ་ངོས་འཛིན་གྱི་ལམ་ལུགས་བརྒྱུད་པར་བརྟེན་དགེ་ལུགས་པའི་བླ་སྤྲུལ་རྒྱུད་པ་ཆེ་ཁག་གཉིས་སུ་གྲུབ། སྤྱི་ལོ ༡༦༥༢ ལོར། ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པ་པེ་ཅིན་དུ་ཕེབས་འབྱོར་བྱུང༌། དེའི་ཕྱི་ལོར་ཁོང་ལ་ཆིང་རྒྱལ་རབས་ཀྱི་གོང་མ་ཧྲུན་ཀྲིས་ནུབ་ཕྱོགས་མཆོག་ཏུ་དགེ་བའི་ཞིང་གི་སངས་རྒྱས་བསྟན་པའི་མངའ་བདག་ཐམས་བཅད་མཁྱེན་པ་རྡོ་རྗེ་འཆང་ཏཱ་ལའི་བླ་མ་ཞེས་པའི་མཚན་གནས་གནང་བ་མ་ཟད་གསེར་གྱི་བྱང་བུ་དང་གསེར་ཐམ་གྱི་འཇའ་ས་བསྩལ། སྤྱི་ལོ ༡༧༡༣ ལོར། པཎ་ཆེན་སྐུ་ཕྲེང་ལྔ་པར་ཆིང་རྒྱལ་རབས་ཀྱི་གོང་མ་ཁང་ཞིས་པན་ཆེན་ཨེར་ཏི་ནི་ཅེས་པའི་མཚན་གནས་གནང་བ་མ་ཟད་གསེར་གྱི་བྱང་བུ་དང་གསེར་ཐམ་གྱི་འཇའ་ས་ཡང་བསྩལ། དེ་ནས་བཟུང༌། ཆིང་ཀྲུང་དབྱང་སྲིད་གཞུང་ནས་ཏཱ་ལ་དང་པཎ་ཆེན་གྱི་ཆོས་སྲིད་ཀྱི་གནས་བབས་དངོས་སུ་གཏན་འཁེལ་བྱས། དེ་རྗེས་ཏཱ་ལའི་བླ་མ་དང་པཎ་ཆེན་ཨེར་ཏི་ནིའི་མཚན་གནས་དང་གནས་བབས་ངེས་པར་དུ་ཀྲུང་དབྱང་སྲིད་གཞུང་གིས་ཆོག་མཆན་ཐོབ་དགོས་པ་དེ་ལོ་རྒྱུས་ཀྱི་གོམས་ལུགས་སུ་གྱུར།སྤྱི་ལོ ༡༧༩༢ ལོར། གོང་མ་ཆན་ལུང་ནས་ཀྲུང་དབྱང་གི་དབང་གྲགས་མཚོན་བྱེད་དང་མེས་རྒྱལ་གོང་བུ་གཅིག་གྱུར་ལ་སྲུང་སྐྱོབ། སྤྲུལ་སྐུ་ངོས་འཛིན་གྱི་བརྒྱུད་རིམ་ནང་ལྷག་བསྡད་པའི་སྐྱོན་ཆ་སྣ་ཚོགས་ཡོ་བསྲང་བྱ་ཆེད་དུ་དམིགས་སུ་བཀར་ནས་གསེར་བུམ་དཀྲུག་འདོན་གྱི་ལམ་ལུགས་གསར་དུ་གཏོད་ཅིང༌། དེ་ནས་བཟུང་ལམ་ལུགས་འདི་ཉིད་ངེས་པར་དུ་ལག་བསྟར་བྱེད་དགོས་པའི་རྒྱལ་ཁབ་ཀྱི་ཁྲིམ་ལུགས་དང་ཆོས་ལུགས་ཀྱི་བྱེད་སྒོ་ཞིག་ཏུ་གྱུར་སྟབས་ཏཱ་ལ་དང་པཎ་ཆེན་སྐུ་ཕྲེང་རིམ་བྱོན། དེ་བཞིན་བླ་སྤྲུལ་ཆེ་ཁག སེར་སྐྱ་མང་ཚོགས་བཅས་ཀྱི་བརྩི་འཇོག་ཆེན་པོ་ཐོབ།།

ས་བཅད་དང་པོ།

ས་བཅད་གཉིས་པ། 更多>>>

ཀྲུའུ་ཞི་མའོ་ཙེ་ཏུང་གིས་ཏཱ་ལའི་བླ་མ་སྐུ་ཕྲེང་༡༤དང་པཎ་ཆེན་ཨེར་ཏི་ནི་སྐུ་ཕྲ...

༡༩༥༤ལོའི་ཟླ་༩པའི་ཚེས་༡༡ཉིན་ཀྲུའུ་ཞི་མའོ་ཙེ་ཏུང་གིས་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་པ་དང་པཎ་ཆེན་ཨེར་ཏི་ནི་སྐུ་ཕྲེང་བཅུ་པ་རྣམ་གཉིས་ལ་མཇལ་འཕྲད་དང་མཛའ་བརྩེ་བཀའ་མོལ་གནང་བ། >>>

ཀྲུང་དབྱང་དབུ་ཁྲིད་ཀྱིས་ཏཱ་ལ་སྐུ་ཕྲེང་༡༤དང་པཎ་ཆེན་སྐུ་ཕྲེང་༡༠ལྷན་དུ་བོད་ཀ...

༡༩༥༥ལོའི་ཟླ་༢པའི་ཚེས༢༤ཉིན་ཀྲུའུ་ཞི་མའོ་ཙེ་ཏུང་དང༌། ཀྲུའུ་ཞི་སྐུ་གཞོན་ལིའུ་ཧྲའོ་ཆི་ཙུང་ལི་ཀྲའུ་ཨེན་ལན། ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་པ་དང་པཎ་ཆེན་ཨེར་ཏི་ནི་སྐུ་ཕྲེང་བཅུ་པ་ལྷན་དུ་བོད་ཀྱི་ལོ་གསར་དགའ་གཏོང་གནང་བ། >>>

གྲེན་ཡིས་ཀྱིས་བོད་རང་སྐྱོང་ལྗོངས་གྲབས་འཛུགས་ཨུ་ཡོན་ལྷན་ཁང་གི་ཐམ་ག་ཏཱ་ལའི་...

ཙུང་ལི་སྐུ་གཞོན་གྲེན་ཡིས་ཀྱིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྐུ་ཚབ་གནང་ནས་བོད་རང་སྐྱོང་ལྗོངས་གྲབས་འཛུགས་ཨུ་ཡོན་ལྷན་ཁང་གི་ཐམ་ག་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞིར་གནང་བ། >>>

带格式文本

ཀྲུང་གོ་གསར་པ་དབུ་བརྙེས་པ་དེས་མི་རིགས་འདྲ་མཉམ་དང་མཐུན་སྒྲིལ་གྱི་སྒོ་མོ་ཡོངས་སུ་ཕྱེ། ཏང་ཀྲུང་དབྱང་དང་མི་དམངས་སྲིད་གཞུང་གིས་ཁྱོན་ཡོངས་ནས་ཏང་གི་མི་རིགས་དང་ཆོས་ལུགས་ཀྱི་སྲིད་ཇུས་དོན་འཁྱོལ་གནང་བ་དང༌། གྲང་ཉུང་མི་རིགས་ཀྱི་མཐོ་རིམ་མི་སྣ་དང་མང་ཚོགས་དབར་གྱི་འབྲེལ་བ་ལ་ཤུགས་སྣོན་བརྒྱབ་ཏེ་ལོ་རྒྱུས་ཐོག་ལྷག་བསྡད་པའི་མི་རིགས་ཀྱི་བཀག་རྒྱ་མེད་པར་བཟོས། དུས་རབས་ཉི་ཤུ་པའི་ལོ་རབས་ལྔ་བཅུའི་དུས་འགོར། ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་དང་པཎ་ཆེན་ཨེར་ཏི་ནི་སྐུ་ཕྲེང་བཅུ་པ་རྣམ་གཉིས་ནས་ཀྲུང་དབྱང་མི་དམངས་སྲིད་གཞུང་ལ་ཡིད་ཆེས་དང་གྲོས་མཐུན་དོན་ཚན་བཅུ་བདུན་ལ་བརྩི་འཇོག མི་རིགས་མཐུན་སྒྲིལ་རྒྱུན་འཁྱོངས། ལྷན་ཅིག་ཏུ་བོད་གསར་འཛུགས་བསྐྲུན་བྱ་རྒྱུ་བཅས་ཀྱི་འདུན་པ་བསྟན། ལྷག་པར་དུ་པཎ་ཆེན་ཨེར་ཏི་ནི་སྐུ་ཕྲེང་བཅུ་པས་ཐོག་མཐའ་བར་གསུམ་དུ་བཙན་རྒྱལ་རིང་ལུགས་ལ་ངོ་རྒོལ་དང་རྒྱལ་གཅེས་རིང་ལུགས་ཀྱི་ལངས་ཕྱོགས་རྒྱུན་འཁྱོངས་གནང་སྟེ་ཀྲུང་དབྱང་ལ་བརྩི་འཇོག་གིས་རྒྱལ་ཁབ་ཀྱི་གོང་བུ་གཅིག་གྱུར་ལ་སྲུང་སྐྱོབས་དང་མི་རིགས་མཐུན་སྒྲིལ་གྱི་ཆེད་དུ་མཛད་འཕྲིན་མང་དུ་བསྐྱངས། སྤྱི་ལོ ༡༩༥༤ ལོར། ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་དང་པཎ་ཆེན་ཨེར་ཏི་ནི་སྐུ་ཕྲེང་བཅུ་པ་རྣམ་གཉིས་པེ་ཅིན་ལ་ཕེབས་ཏེ་སྐབས་དང་པོའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་ལ་བཞུགས་སྐབས་སུ་མའོ་ཀྲུའུ་ཞི་དང་རྒྱལ་ཁབ་ཀྱི་དབུ་ཁྲིད་གཞན་གྱི་བྱམས་བརྩེའི་མཇལ་འཕྲད་གནང༌། སྐབས་འདིར་ཁོང་རྣམ་གཉིས་ནས་ཀྲུང་དབྱང་མི་དམངས་སྲིད་གཞུང་དང་རྒྱལ་ཁབ་ཀྱི་དབུ་ཁྲིད་རྣམས་ལ་རྩ་ཆེའི་ཕྱག་རྟགས་མང་པོ་ཕུལ་ཏེ་མེས་རྒྱལ་ཁྱིམ་ཚང་ཆེན་མོར་དགའ་ཞེན། ཏང་གི་མི་རིགས་སྲིད་ཇུས་དང་རྒྱལ་ཁབ་ཀྱི་དབུ་ཁྲིད་ལ་བརྩི་འཇོག་གི་བསམ་པ་མཚོན་པར་བྱས།སྤྱི་ལོ ༡༩༥༩ ལོར། ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་ཕྱི་རྒྱལ་དུ་བྲོས་བྱོལ་བྱས་ནས་རང་ཉིད་ཀྱི་སྔོན་གྱི་ལངས་ཕྱོགས་རྒྱབ་ཏུ་བསྐྱུར་ཏེ་ཕྱི་རྒྱལ་གྱི་སྟོབས་ཤུགས་འགའི་རོགས་བསྐྱོར་འོག་མེས་རྒྱལ་ཁ་ཕྲལ་གྱི་བྱ་སྤྱོད་སྤེལ།།

ས་བཅད་གཉིས་པ། 更多>>>

带格式文本

པཎ་ཆེན་སྐུ་ཕྲེང་བཅུ་པ་དགོངས་པ་ཆོས་དབྱིངས་སུ་འཐིམས་རྗེས། རྒྱལ་སྲིད་སྤྱི་ཁྱབ་ཁང་ནས་པཎ་ཆེན་སྐུ་ཕྲེང་བཅུ་པའི་དགོངས་རྫོགས་དང་ཡང་སྲིད་ཀྱི་གནས་དོན་སྒྲུབ་རྒྱུའི་ཐག་གཅོད་གནང་སྟེ། བཀྲས་ལྷུན་དགོན་གྱི་སྤྲུལ་སྐུ་གཙོ་བོ་དང༌། མཁན་པོ། བླ་མ་བཅས་ཀྱི་གྲུབ་པའི་ཡང་སྲིད་བཙལ་འཚོལ་ཚོགས་པ་བཙུགས། ཆོས་ལུགས་ཀྱི་ཆོ་ག་དང་ཡོངས་སུ་བསྟུན་ནས་ལོ་ངོ་དྲུག་གི་རིང་དུ་ནན་ཏན་གྱི་སྒོ་ནས་ཡང་སྲིད་བཙལ་འཚོལ་གྱི་ལས་དོན་གྲུབ་པ་དང༌། མཐའ་མཇུག་ཏུ་ཡང་སྲིད་འོས་འགུགས་ཁྱེའུ་གསུམ་བདམས་ཐོན་བྱུང་བ་དེ་ལོ་རྒྱུས་ཀྱི་གོམས་ལུགས་བཞིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆེད་མངགས་ཕོ་ཉའི་གཙོ་སྐྱོང་འོག་གསེར་བུམ་དཀྲུག་ཏེ་ཁྱེའུ་རྒྱལ་མཚན་ནོར་བུ་པཎ་ཆེན་སྐུ་ཕྲེང་བཅུ་པའི་ཡང་སྲིད་ལ་དངོས་སུ་ངོས་འཛིན་བྱས་པ་མ་ཟད་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཏར་བཏང་སྟེ་ཆོག་མཆན་གནང༌།པཎ་ཆེན་སྐུ་ཕྲེང་བཅུ་གཅིག་གསེར་ཁྲིར་མངའ་གསོལ་གནང་རྗེས། རྒྱ་ཆེའི་སེར་སྐྱ་མང་ཚོགས་དང་རྒྱལ་གཅེས་མི་སྣའི་བརྩི་བཀུར་ཆེན་པོ་ཐོབ། པཎ་ཆེན་སྐུ་ཕྲེང་བཅུ་གཅིག་དང་བཀྲས་ལྷུན་དགོན་གྱི་ཐུགས་རྗེ་ལེགས་འབུལ་གྱི་ཚོགས་པ་པེ་ཅིན་དུ་བསྐྱོད་པར་ཅང་ཙེ་མིན་དང་ལིའི་རུས་ཧོན་སོགས་ཏང་དང་རྒྱལ་ཁབ་དབུ་ཁྲིད་ཀྱི་བྱམས་བརྩེའི་མཇལ་འཕྲད་གནང་བ་དང་བཀྲིས་བདེ་ལེགས་ཞུས། དེ་བཞིན་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་དང་བཀྲས་ལྷུན་དགོན་གྱིས་སྔར་སྲོལ་ལྟར་ཀྲུང་དབྱང་མི་དམངས་སྲིད་གཞུང་ལ་ཕྱག་རྟགས་ཕུལ་ཏེ་པཎ་ཆེན་སྐུ་ཕྲེང་རིམ་བྱོན་གྱི་རྒྱལ་གཅེས་རིང་ལུགས་དགོངས་པ་རྒྱུན་འཁྱོངས་དང༌། ཀྲུང་དབྱང་ལ་བརྩི་འཇོག རྒྱལ་གཅེས་ཆོས་གཅེས་ཀྱི་ལངས་ཕྱོགས་བརྟན་པོ་མཚོན་པར་བྱས།།