ཧི་མ་ལ་ཡའི་རི་རྒྱུད་འགྲིམ་ཞེས་པའི་གསར་འགོད་པ་ཚོས་ཕུ་མ་བྱང་ཐང་གི་མཐའ་སྲུང་དཔོན་དམག་ལ་བཅའ་འདྲི་བྱས་པ།

ཡོང་ཁུངས།   བོད་ལྗོངས་འཕྲིན་དྲ།       རྩོམ་པོ།   པ་སངས་ཚེ་རིང་།      སྤེལ་དུས།   2014-07-28

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཕུ་མ་བྱང་ཐང་སྤྱི་བདེ་མཐའ་སྲུང་མངགས་གཏོང་ཁང་གི་ཉེན་རྟོགས་པར་བཅའ་འདྲི་བྱེད་པ།

ལྗོངས་ཡོངས་ཀྱི་མཐའ་མཚམས་འགོག་སྲུང་ལས་དོན་གྱི་དགོས་མཁོ་དང་བོད་ལྗོངས་སྤྱི་བདེ་མཐའ་སྲུང་སྤྱི་ཁྱབ་རུ་ཁག་གི་གཅིག་གྱུར་བཀོད་སྒྲིག་ལྟར།  ལྷོ་ཁ་ས་ཁུལ་སྣ་དཀར་རྩེ་རྫོང་ཕུ་མ་བྱང་ཐང་སྤྱི་བདེ་མཐའ་སྲུང་མངགས་གཏོང་ཁང་དེ་སྤྱི་ལོ ༢༠༡༢ ལོར་དངོས་སུ་བཙུགས་ནས་བེད་སྤྱོད་གཏོང་འགོ་ཚུགས་པ་རེད།  ད་ལྟའི་ཆར་ཕུ་མ་བྱང་ཐང་སྤྱི་བདེ་མཐའ་སྲུང་མངགས་གཏོང་ཁང་དེ་ནི་རང་རྒྱལ་གྱི་ས་བབ་མཐོ་ཤོས་ཀྱི་མཐའ་སྲུང་མངགས་གཏོང་ཁང་ཤིག་རེད།  དཔོན་དམག་ཚོས་བློ་དཀར་སེམས་དཀར་དང་ཡིད་རྟོན་རུང་བའི་མཐའ་སྲུང་དམག་གི་སྙིང་སྟོབས་དང༌།  མང་ཚོགས་ཁྲོད་དུ་རྐང་པ་བཙུགས་ནས་དམངས་ལ་ཞབས་ཞུ་སྒྲུབ་པའི་སྙིང་སྟོབས།  ལེགས་སྐྱེས་སུ་འབུལ་འདོད་པའི་རང་སྲོག་བློས་གཏོང་ཕོད་པའི་སྙིང་སྟོབས་བཅས་ལ་བརྟེན་ནས་མཐའ་མཚམས་སྲུང་སྐྱོབ་དང་སྤྱི་ཚོགས་བརྟན་ལྷིང་ཆེད་རང་ཉིད་ཀྱི་གཞོན་ནུའི་ལངས་འཚོ་ལེགས་སྐྱེས་སུ་འབུལ་བཞིན་ཡོད། 

 

མཐའ་སྲུང་མངགས་གཏོང་ཁང་གི་དཔོན་དམག་ཚོས་འཛམ་གླིང་ཡང་རྩེའི་རྡོ་རིང་མདུན་དུ་དྲན་བརྟེན་པར་བརྒྱག་བཞིན་པ།

རྒྱ་མཚོའི་ངོས་ལས་མཐོ་ཚད་སྤྱི་ཁྲི ༥༣༧༣ ལྷག་ཟིན་ཅིང་ཧེ་མ་ལ་ཡའི་བྱང་རྒྱུད་དུ་གནས་པའི་ཕུ་མ་བྱང་ཐང་ཤང་ནི་བོད་ལྗོངས་ལྷོ་ཁ་ས་ཁུལ་སྣ་དཀར་རྩེ་རྫོང་གི་ཁོངས་སུ་གཏོགས་པ་དང་།  ད་ལྟའི་ཆ་ནས་བཤད་ན་འཛམ་གླིང་ཐོག་ས་བབ་མཐོ་ཤོས་ཀྱི་སྲིད་འཛིན་ཤང་ཞིག་རེད།  དེའི་ཤར་རྒྱུད་དུ་སྣ་དཀར་རྩེ་རྫོང་གི་སྟག་ལུང་གྲོང་རྡལ་དང་།  ལྷོ་རྒྱུད་དུ་ལྷོ་བྲག་རྫོང་།  ནུབ་རྒྱུད་དུ་གཞི་རྩེ་ས་ཁུལ་ཁང་དམར་རྫོང་བཅས་དང་ས་འབྲེལ་ཡིན་པ་མ་ཟད།  མཐའ་མཚམས་འབྲུག་རྒྱལ་ལྡན་རྒྱལ་ཁབ་དང་ས་འབྲེལ་ཡང་ཡིན།  ཕུ་མོ་བྱང་ཐང་ཤང་གི་ས་ཁོངས་རྒྱ་ཁྱོན་ཆེན་པོ་ཡོད་པ་དང་།  ས་བབ་མཐོ་བའི་རྐྱེན་གྱིས་དེ་གར་མཁའ་རླུང་ནང་དབྱང་རླུང་བསྡུས་ཚད་ཆ་སྙོམས་ཀྱི་བརྒྱ་ཆ ༤༠ ཡང་ཟིན་གྱི་མེད་པ་དང་།  གྲང་ངར་ཆེ་བས་ལོ་རེའི་ཆ་སྙོམས་དྲོད་ཚད་ཀླད་སྐོར་འོག་ཁོ་ནར་གནས་ཡོད།། 

  ༼  རྩོམ་སྒྲིག་ཚེ་སྒྲོལ ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]