您没有安装FlashPlayer或版本太低, 请点击获得最新版本FlashPlayer
གྲེན་ཡུན་གི་ཡིས་གསར་འགོད་པར་ཁང་པ་བརྒྱབ་པའི་བརྒྱུད་རིམ་གསུངས་བཞིན་པ།
ཧི་མ་ལ་ཡའི་རི་རྒྱུད་འགྲིམ་ཞེས་པའི་བོད་ལྗོངས་རླུང་འཕྲིན་ལས་ཁུངས་ཀྱི་གསར་འགོད་ཚོགས་པས་མི་སེམས་འགུལ་བའི་མི་ཚེའི་ལོ་རྒྱུས་ཡོད་མཁན་ཟི་ཁྲོན་མེ་ཧྲན་ནས་ཡིན་པའི་རྒད་པོ་གྲེན་ཡུན་གོ་ལ་བཅའ་འདྲི་བྱས་ཡོད། རྒད་པོ་ཁོང་ནི་ད་ལོ་དགུང་གྲངས ༦༥ ཕེབས་ཡོད་ཅིང་། རྒད་པོ་གྲེན་ཡུན་གོ་ཡིས་ལོ་མང་པོའི་རིང་དཀའ་ངལ་ཁྱད་སད་བྱས་ཏེ་བོད་ཀྱི་ས་ཆ་གང་སར་འཚོ་བའི་དོན་དུ་ལས་ཀ་བྱེད་པར་བསྐྱོད་མྱོང་ཡོད། ད་ལྟའི་བརྩེ་བ་ཆེ་བའི་བོད་རིགས་བཟའ་ཚོ་དང་འཕྲད་རྗེས་གྲོ་མོའི་ཁུལ་དུ་གཞིས་ཆགས་ནས་འཚོ་སྡོད་བྱས་པ་ཞིག་རེད། རང་གི་མི་ཚེའི་ནང་ས་ཡོམ་གི་འཇིགས་པ་ལ་སོགས་པའི་དཀའ་སྡུག་ཚད་མེད་འཕྲད་མྱོང་ཡང་། སོ་སོའི་ལག་གཉིས་ལ་བརྟེན་ནས་བདེ་སྐྱིད་ཀྱི་འཚོ་བ་གཏོད་པའི་ལེ་ཚན་ཞིག་བརྩམས་ཡོད།།
གྲེན་ཡོན་གི་ཡིས་འདེབས་འཛུགས་བྱས་པའི་ཀོ་ཤ།