ཧི་མ་ལ་ཡའི་རི་རྒྱུད་འགྲིམ་ཞེས་པའི་གསར་འགོད་པས་ཇོ་མོ་གླང་མའི་མཐའ་སྲུང་མངག་གཏོང་ཁང་ལ་བཅའ་འདྲི་བྱས་པ།

ཡོང་ཁུངས།   བོད་ལྗོངས་འཕྲིན་དྲ།       རྩོམ་པོ།   ཡུལ་ཏེའི་ཅང་།      སྤེལ་དུས།   2014-08-23

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉེན་རྟོག་པས་གངས་སྐྱོན་ནང་ལས་པའི་ཡུལ་སྐོར་བ་སྐྱོབ་བཞིན་པ།

ཇོ་མོ་གླང་མའི་མཐའ་སྲུང་སྤྱི་བདེ་མངག་གཏོང་ཁང་ནི་གཞིས་རྩེ་ས་ཁུལ་དེང་རི་རྫོང་ནས་སྤྱི་ལེ ༡༢༠ ལྷག་ཙམ་གྱི་འཛམ་གླིང་གི་ཡང་རྩེར་གནས་ཡོད་པ་དང་མཐོ་ཚད་རྒྱ་མཚོའི་ངོས་ལས་སྨིད ༤༥༠༠ ཡོད་པ་རེད།  ཇོ་མོ་གླང་མའི་མཐའ་སྲུང་སྤྱི་བདེ་མངག་གཏོང་ཁང་གིས་རོང་པོ་དགོན་མཚམས་སུ་ཞིབ་བཤེར་ས་ཚིགས་ཞིག་བཙུགས་ཡོད་པས་དེར་མཐོ་ཚད་རྒྱ་མཚོའི་ངོས་ལས་སྨིད ༥༡༠༠ ཡོད།  ཇོ་མོ་གླང་མར་ཕེབས་མཁན་མགྲོན་པོ་དང་རླངས་འཁོར་བཅས་ལ་རྟོག་ཞིབ་དང་ཐོ་བཀོད་ཀྱི་འགན་འཁུར་བཞིན་ཡོད་པ་དང་།  མཐོ་ཚད་རྒྱ་མཚོའི་ངོས་ལས་སྨིད ༥༢༠༠ ཡི་སར་ཡོད་པའི་ཇོ་མོ་གླང་མའི་སྒར་ས་ཆེན་མོའི་ཁུལ་དུ་ཉེན་དོན་དོ་དམ་ཁུལ་བཙུགས་ཡོད།  ཇོ་མོ་གླང་མའི་ལྟ་ཞིབ་ཁང་དེས་མཐའ་མཚམས་ས་ཁུལ་གྱི་སྲུང་སྐྱོང་ལས་དོན་སྒྲུབ་བཞིན་ཡོད་པ་མ་ཟད་ཇོ་མོ་གླང་མའི་རི་གཤམ་དུ་ཡོད་པའི་ཇ་ཁང་སོགས་ཀྱི་བདེ་འཇགས་ཀྱང་འགན་སྲུང་བྱེད་བཞིན་ཡོད་པ་རེད།

མཐའ་མཚམས་ཉེན་རྟོག་པས་མང་ཚོགས་ལ་ལོ་ཏོག་བསྡུ་རོགས་བྱེད་བཞིན་པ།

ཇོ་མོ་གླང་མའི་མཐའ་སྲུང་མངག་གཏོང་ཁང་གིས་རྒྱ་ཆེའི་ཡུལ་སྐོར་བར་ཞབས་འདེགས་ཡག་པོ་ཞུས་ནས།  བོད་ལྗོངས་མཐའ་མཚམས་ས་ཁུལ་གྱི་སྤྱི་ཚོགས་བརྟན་ལྷིང་དང་དཔལ་འབྱོར་འཛུགས་སྐྲུན་བཅས་ལ་ཁོར་ཡུག་བཟང་པོ་ཞིག་གཏོད་བཞིན་ཡོད་པ་རེད།།

  ༼  ཡིག་བསྒྱུར་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]