སྤྱི་ཟླ༧པའི་ཚེས༡ཉིན་སྲིད་གཞུང་དང་ལས་རིགས་སྤྱོད་ཚུལ་སྐོར་གྱི་ཐད་སྦྲེལ་ཁ་པར་ལེ་ཚན་གཏོང་འགོ་ཚུགས་རྒྱུ།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2015-06-30

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

སྤྱི་ཟླ ༧ པའི་ཚེས ༡ ཉིན་ནས་བཟུང་།  བོད་ལྗོངས་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་བོད་སྐད་འཕྲིན་ལམ་ཐོག་རེས་གཟའ་ལྷག་པ་དང་པ་སངས་ཀྱི་ཕྱི་དྲོའི་ཆུ་ཚོད་བཞི་པ་ནས་ཆུ་ཚོད་ལྔ་པའི་བར།   བོད་རང་སྐྱོང་ལྗོངས་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་ཏང་དང་སྲིད་གཞུང་གི་ལས་རིགས་སྤྱོད་ཚུལ་བལྟ་སྐུལ་ཁང་དང་བོད་རང་སྐྱོང་ལྗོངས་ཚུལ་མིན་སྤྱོད་ཚུལ་ཡོ་བསྲང་གཞུང་ལས་ཁང་།   བོད་ལྗོངས་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་བཅས་ཀྱིས་མཉམ་འབྲེལ་ཐོག་གཉེར་བའི་སྲིད་གཞུང་དང་ལས་རིགས་སྤྱོད་ཚུལ་སྐོར་གྱི་ཐད་སྦྲེལ་ཁ་པར་ལེ་ཚན་གཏོང་འགོ་ཚུགས་རྒྱུ་དང་།  རེས་གཟའ་ཕུར་བུ་དང་སྤེན་པའི་ཕྱི་དྲོའི་ཆུ་ཚོད་བཞི་པ་ནས་ཆུ་ཚོད་ལྔ་པའི་བར་བསྐྱར་གཏོང་བྱེད་རྒྱུ་ཡིན།

སྤྱི་ཟླ ༧ པའི་ཚེས ༡ ཉིན་གྱི་ཕྱི་དྲོའི་ཆུ་ཚོད་བཞི་པའི་ཐོག  ལྗོངས་སློབ་གསོ་ཐིང་གི་འགན་ཁུར་བ་བོད་སྐད་རླུང་འཕྲིན་ཐད་སྦྲེལ་ཁ་པར་ལེ་ཚན་ཐད་གཏོང་ཁང་ནང་ཕེབས་ནས།  རྒྱ་ཆེའི་གསན་མཁན་རྣམ་པ་ཚོར་ལས་ཁུངས་དེའི་འགན་ནུས་དང་ལས་སྒོ་ངོ་སྤྲོད་གནང་རྒྱུ་མ་ཟད།  རྒྱ་ཆེའི་གསན་པ་པོ་རྣམས་ཀྱིས་ཐད་སྦྲེལ་ཁ་པར་ཐོག་ནས་བཏོན་གནང་བའི་འབྲེལ་ཡོད་གནས་ཚུལ་སྐོར་གྱི་དྲི་བར་ལན་རྒྱག་རྒྱུ་ཡིན་པས།  གསན་མཁན་ལྷན་རྒྱས་ནས་ཁ་པར 0891-- 6835266 དང་ 0891-- 6815779 ཐོག་ནས་ལས་ཁུངས་དེ་དང་འབྲེལ་བའི་དྲི་བ་འདོན་གནང་རྒྱུ་དང་དུས་ཐོག་ཏུ་ལེ་ཚན་དེ་གསན་གནང་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན།།

  ༼  རྩོམ་སྒྲིག་བློ་དབང་། ༽
མཉམ་སྤྱོད།  
Document

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]