འདམ་གཞུང་རྫོང་ཀོང་ཐང་གྲོང་ཚོའི་གྲོང་མིས་མཚོ་བོད་ལྕགས་ལམ་ལ་བརྟེན་ནས་འབབ་འཕར་ལམ་བུར་སྐྱོད་པ།

ཡོང་ཁུངས།   ཤིན་ཧྭ་དྲ་བ།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2016-05-25

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

བོད་ལྗོངས་འཁྱགས་རོམ་གཏེར་ཆུ་ཚད་ཡོད་ཀུང་སིའི་ལས་བཟོ་ཚེ་བསྟན་རྡོ་རྗེ་བཟོ་གྲྭའི་ནང་གི་གཏེར་ཆུ་དབོར་འདྲེན་བྱེད་བཞིན་པ།

ལྷ་ས་གྲོང་ཁྱེར་འདམ་གཞུང་རྫོང་ཀོང་ཐང་ཤང་གྲོང་དཀར་གྲོང་ཚོའི་གྲོང་མི་ཚེ་བརྟན་རྡོ་རྗོ་ནི་བོད་ལྗོངས་འཁྱགས་རོམ་གཏེར་ཆུ་ཐུང་ཆུའི་ཚད་ཡོད་ཀུང་སིའི་བཟོ་པ་དཀྱུས་མ་ཞིག་ཡིན།  ཀུང་སི་དང་ཐག་ཉེ་ཤོས་ཀྱི་འདམ་གཞུང་རྫོང་མེ་འཁོར་འབབ་ཚུགས་བར་སྤྱི་ལེ ༡༠ ལས་མེད་པས།  ལྕགས་ལམ་གྱིས་དངོས་ཟོག་དབོར་འདྲེན་ཐད་སྟབས་བདེ་སྐྲུན་པ་དེ་ཀུང་སི་གོང་འཕེལ་གཏོང་བའི་སྒུལ་ཤུགས་སུ་འགྱུར་ཡོད།  ཚེ་བརྟན་རྡོ་རྗེ་ནི་དངོས་ཟོག་དབོར་འདྲེན་གྱི་ཁ་ལོ་བ་ཞིག་ཡིན་ལ་གཏེར་ཆུ་དབོར་འདྲེན་བ་ཞིག་ཡིན་པས།  ཟླ་རེར་ཡོང་འབབ་སྒོར ༤༠༠༠ ལྷག་ཙམ་གྱིས་གྲོང་ཁྱེར་དང་རྒྱང་ཐག་བྲལ་བའི་གྲོང་དཀར་གྲོང་ཚོར་ནང་མི་འཚོ་སྐྱོང་བྱེད་བཞིན་ཡོད།  མཚོ་བོད་ལྕགས་ལམ་གྱི་འགྱེད་འཕྲོའི་ནུས་པར་བརྟེན་ནས་ཚེ་བརྟན་རྡོ་རྗེ་དང་འདྲ་བའི་ཉེ་འགྲམ་གྱི་གྲོང་མི་མང་པོའི་འཚོ་བ་ལེགས་བཅོས་ཆེན་པོ་བྱུང་ཡོད་པ་རེད།།

  ༼  ཡིག་བསྒྱུར་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]