མཚོ་བོད་ལྕགས་ལམ་གྱིས་ཡུལ་སྐོར་ལས་རིགས་འཕེལ་རྒྱས་འགྲོ་རྒྱུར་གསོན་ཤུགས་ཆེན་པོ་བསྣོན་ཡོད།

ཡོང་ཁུངས།   ཤིན་ཧྭ་དྲ་བ།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2016-06-23

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

སྲོལ་རྒྱུན་གྱི་ཞིང་འབྲོག་ལས་ལ་བརྟེན་ནས་འཚོ་བ་སྐྱེལ་མཁན་བོད་ལྗོངས་ཀྱི་ཞིང་འབྲོག་མང་ཚོགས་ཚོས་ད་ཆ་ཞིང་འབྲོག་ལས་ཀྱི་ཐོན་སྐྱེད་བྱེད་པ་དང་ཆབས་ཅིག་ལྕགས་ལམ་ལ་བརྟེན་ནས་ཞིང་ཁྱིམ་མགྲོན་ཁང་དང་འབྲོག་གུར་མགྲོན་ཁང་སོགས་ཁྱད་ལྡན་ཡུལ་སྐོར་ཞབས་ཞུའི་རིགས་གཉེར་ནས། ལྕགས་ལམ་གྱིས་ཡུལ་སྐོར་ལས་རིགས་འཕེལ་རྒྱས་ཐད་གཏོད་པའི་གོ་སྐབས་དམ་འཛིན་བྱས་ཐོག་ཕྱུག་འགྱུར་གྱི་ལམ་བུར་སྐྱོད་ཐབས་བྱས་ཡོད།  བོད་རང་སྐྱོང་ལྗོངས་ཡུལ་སྐོར་ཅུས་ཀྱི་བསྡོམས་རྩིས་གྲང་གཞིའི་ཐོག་ནས་མངོན་པར་གཞིགས་ན།  སྤྱི་ལོ ༢༠༡༥ ལོར་བོད་ལྗོངས་ཁོ་ནར་ཡུལ་སྐོར་ཞབས་ཞུའི་ནང་ཞུགས་མཁན་ཞིང་འབྲོག་མང་ཚོགས་ཆིག་འབུམ་ཙམ་བྱུང་ཡོད་པ་དང་མི་རེའི་ལོའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི་གཅིག་ལས་བརྒལ་ཡོད།  འདམ་གཞུང་རྫོང་གནམ་མཚོ་གྲོང་ཚོའི་གྲོང་མི་དུད་ཚང་ ༣༢༩ ཡོད་པ་ཚང་མ་སྤྱིར་བཏང་ཆ་ནས་བོད་ལྗོངས་གནམ་མཚོ་རྒྱལ་ཁབ་སྤྱི་གླིང་མཛེས་ལྗོངས་ཁུལ་དུ་ཡུལ་སྐོར་ཞབས་ཞུའི་ནང་ཞུགས་ཀྱི་ཡོད།  གྲོང་ཚོ་ཏང་ཀྲེ་པུའི་ཧྲུའུ་ཅི་བཀྲ་ཤིས་ཆུང་བས།  འདི་ཁུལ་ཡོང་འབབ་མང་ཤོས་ཀྱི་འབྲོག་དུད་ལ་ལོའི་ནང་ཡོང་འབབ་སྒོར་ལྔ་འབུམ་ལྷག་ཙམ་ཡོང་གི་ཡོད་ཅེས་ངོ་སྤྲོད་གནང་བ་རེད།།

མཛེས་པའི་བོད་ལྗོངས་ང་ཡི་ཡིད་དབང་འཕྲོག  གཙུགས་ལག་ཁང་གི་མདུན་དུ་དྲན་པར་ལེན།

ཕྱོགས་བཞིའི་སྐུ་མགྲོན་ཐག་རིང་ཡུལ་ནས་ཕེབས། ལས་དོན་མི་སྣས་བསུ་བ་བྱེད་ལ་བྲེལ།

  ༼  མིག་ཚེས་བསྒྱུར། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]