མཚོ་བོད་ལྕགས་ལམ་ལམ་བརྒྱུད་ཀྱི་ས་འབབ་མཐོ་ཚད་རྒྱ་མཚོའི་ངོས་ལས་སྨིད༥༠༠༠སར་གནས་པའི་སྦྲ་གུར་ཇ་ཁང་།

ཡོང་ཁུངས།   ཤིན་ཧྭ་དྲ་བ།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2016-06-27

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

འཆི་མེད་ལྷ་མོས་སྐུ་མགྲོན་ལ་ཇ་བསྲུབས་མ་བཟོ་བཞིན་པ།

ལོ ༢༦ ལ་སླེབས་པའི་འཆི་མེད་ལྷ་མོ་ནི་ནག་ཆུ་ས་ཁུལ་ཨ་མདོ་རྫོང་བྲག་སྨུག་གྲོང་རྡལ་གྱི་གྲོང་ཚོ་བརྒྱད་པའི་མི་ཡིན།  ད་ལོའི་སྤྱི་ཟླ ༦ པར་ཁོ་མོ་གདང་ལ་དང་བྲག་སྨུག་ཁུལ་གྱི་ལམ་དུམ་བུའི་ལམ་སྲུང་བ་ཞིག་ཆགས་པ་དང་།  ལས་ཀ་གཙོ་བོ་ནི་ཉིན་རེར་རང་འགན་སྒྲུབ་སའི་གཞུང་ལམ་དུམ་བུར་ཉེན་ཟོན་སྐོར་ཞིབ་བྱེད་རྒྱུ་དེ་ཡིན།  ཉིན་རེའི་སྔ་དྲོའི་ཆུ་ཚོད ༦ པར་ཁོ་མོ་དང་ལས་རོགས་མཉམ་དུ་རླངས་འཁོར་སྡད་ནས་ལས་གནས་སུ་སྐྱོད་པ་དང་ཕྱི་དྲོའི་ཆུ་ཚོད ༤ པར་ལས་ཀ་གྲོལ་རྗེས།  ཁོ་མོ་རང་ཉིད་ཀྱི་ཇ་ཁང་ཆུང་ཆུང་དེར་གཙང་སྦྲ་བྱས་ནས་ཚོང་རྒྱག་གི་ཡོད།  ཁོ་མོའི་ཇ་ཁང་ནི་མཚོ་བོད་ལྕགས་ལམ་གདང་ལའི་ལམ་བརྒྱུད་དུ་གནས་ཡོད་པ་དང་རྒྱལ་ལམ ༡༠༩ ཐག་ཉེ་པོ་ཡོད་པ་མ་ཟད།  ས་འབབ་མཐོ་ཚད་རྒྱ་མཚོའི་ངོས་ལས་སྨིད ༥༠༠༠ ཟིན་གྱི་ཡོད།  བོད་བཟོའི་ཅོག་ཙེ་ཁ་ཤས་དང་མེ་ཏོག་བརྒྱབ་པའི་འབོལ་སྟན།  དྲོད་དང་ཇ་སྐོལ་བྱེད་ཀྱི་ཐབ་གཅིག  ལྷ་སའི་སྦི་རག་དང་ཐུང་ཆ་མངར་མོ་སྒྲིག་སའི་སྒྲོམ།  ད་དུང་བོད་གཞས་གཏོང་བྱེད་ཀྱི་སྒྲ་ཕབ་འཕྲུལ་འཁོར་སོགས་ནི་སྦྲ་གུར་ཇ་ཁང་ནང་གི་དངོས་ཆས་ཚང་མ་ཡིན།  དགོང་མོ་ཆུ་ཚོད ༧ པ་ཡོལ་ཙམ་ལ་ཉེ་འགྲམ་ལས་ཁུལ་ཁག་གི་ལས་བཟོ་པ་རྣམས་ཁ་ལག་ཟས་རྗེས་འཆི་མེད་ལྷ་མོའི་ཇ་ཁང་དུ་འཛོམས་ནས་ཇ་མངར་མོ་དང་ཇ་བསྲུབས་མ་འཐུང་བཞིན་དུ་ཁ་བརྡ་ཤོད་པར་སླེབས་ཀྱི་ཡོད།  འཆི་མེད་ལྷ་མོས་ཚོང་ཡག་ཤོས་ཀྱི་སྐབས་དགོང་མོ་གཅིག་ལ་སྒོར ༧༠༠ ལྷག་ཙམ་གྱི་དངོས་ཟོག་ཚོང་ཐུབ་གྱི་འདུག་ཞེས་བཤད་པ་དང་།  གསར་འགོད་པ་འཆི་མེད་ལྷ་མོའི་སྦྲ་གུར་ཇ་ཁང་ནས་ཁ་བྲལ་ཏེ་སྤྱི་ལེ ༢༠ ཙམ་སོང་རྗེས་བོད་རིགས་བུད་མེད་གནམ་མཚོའི་སྦྲ་གུར་ཇ་ཁང་དུ་སླེབས་པ་དང་།  གནམ་མཚོས་མཚོ་བོད་ལྕགས་ལམ་ཤར་གཏོང་ཐུབ་པ་དེས་ཁོང་ཚོར་དངུལ་སྨར་ཡོང་འབབ་བསགས་པའི་ཐབས་ལམ་དེ་བས་མང་བ་སྐྲུན་བྱུང་ཞེས་ཤོད་ཀྱི་ཡོད་པ་རེད།།

འཆི་མེད་ལྷ་མོའི་སྦྲ་གུར་ཇ་ཁང་།

གདང་ལའི་གཡས་གཡོན་ལམ་སྲུང་ལས་བཟོ་བ་དང་ཕར་འགྲོ་ཚུར་འོང་བྱེད་མཁན་མགྲོན་པོ་འཆི་མེད་ལྷ་མོའི་ཇ་ཁང་དུ་ཚ་ཕོག་རྒྱག་བཞིན་པ།

  ༼  ཡིག་བསྒྱུར་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]