མཚོ་བོད་ལྕགས་ལམ་ཐོག་གི་གཅེས་པར་འོས་པའི་མི།

ཡོང་ཁུངས།   བོད་ལྗོངས་འཕྲིན་དྲ།       རྩོམ་པོ།   བློ་བཟང་སྒྲོལ་མ།      སྤེལ་དུས།   2016-07-01

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

སྤྱིའི་རིང་ཚད་སྤྱི་ལེ ༡༩༥༦ ཡོད་པའི་མཚོ་བོད་ལྕགས་ལམ་ལམ་རྒྱུད་ལ་ལྟ་བས་མི་ངོམ་པའི་མཛེས་ལྗོངས་ཀྱིས་ཁེངས་ཡོད་པས།  མི་རྣམས་ཀྱིས་རང་བྱུང་ཁམས་ཀྱི་མཛེས་ལྗོངས་ལ་ངོ་མཚར་དང་རེ་སྨོན་སྐྱེ་བཞིན་པའི་སྐབས་སུ་ལྕགས་ལམ་སྲུང་སྐྱོང་གནང་མཁན་དེ་རྣམས་ལ་དོ་སྣང་བྱེད་ཡོད་དམ།  ཆར་ཆུ་དང་གངས་རླུང་གི་གནམ་གཤིས་ཅི་འདྲ་ཞིག་བསྟན་ན་ཡང་ལྕགས་ལམ་སྤྱི་ལེ་རེ་གཉིས་ཀྱི་མཚམས་སུ་ལས་གོས་གྱོན་པའི་མིས་མེ་འཁོར་ལ་གུས་འདུད་ཞུ་བ་དང་།  ལུས་དྲང་པོར་ལངས་བ།  སྒམ་བརླིང་གི་རྣམ་འགྱུར་རྡོ་རྐོས་ཞིག་དང་འདྲ་བར་ཕར་འགྲོ་ཚུར་འོང་གི་མེ་འཁོར་ལ་གཟབ་ནན་ངང་ལྟ་བཞིན་ཡོད།

སྤྱི་ལོ ༢༠༠༧ ལོའི་ཟླ ༦ པར་མཚོ་བོད་ལྕགས་ལམ་ཤར་གཏོང་ཐུབ་པ་དང་བསྟུན་མཁའ་ལམ་གྱི་སྐུ་སྲུང་པ་ཞེས་གྲགས་པའི་ལམ་སྲུང་རུ་ཁག་དབུ་བརྙེས་པ་རེད།  འོན་ཀྱང་ལམ་སྲུང་ལས་ཀ་ནི་གུས་འདུད་ཞུ་བ་ཙམ་མིན་པར།  ལྕགས་ལམ་དབོར་འདྲེན་གྱི་བདེ་འཇགས་དང་ཤར་གཏོང་འགན་ལེན་ནུས་ལྡན་ཡོང་ཆེད་དང་།  ལམ་རྒྱུད་ཀྱི་བདེ་འཇགས་བརྟན་ལྷིང་གི་རྣམ་པ་རྒྱུན་འཁྱོངས་ཡོང་ཆེད།  ཁོར་ཡུག་ཆ་རྐྱེན་ཅི་འདྲའི་ངན་ན་ཡང་ལམ་སྲུང་རུ་ཁག་གིས་ཆུ་ཚོད ༢༤ ལས་གནས་བརྟན་སྲུང་བྱེད་དགོས་པ་དང་།  ལྕགས་ལམ་རྒྱུད་ཀྱི་ཟམ་པ་དང་ལམ་འོག་གི་ཆུ་འགྲོ་ལམ།  ལྕགས་ལམ་གྱི་ལམ་གདན་བཅས་ལ་ཕྱུགས་ཟོག་ཡོད་མེད་ལྟ་དགོས་པ་མ་ཟད།  ལྕགས་ལམ་གཡས་གཡོན་གྱི་སྒྲིག་ཆས་ལ་གཏོར་སྐྱོན་གཏོང་མཁན་ཡོད་མེད་ལྟ་བ།  ལམ་རྒྱུད་ཀྱི་གད་སྙིགས་གཙང་སེལ་བྱེད་པ་སོགས་ཉིན་གཅིག་གི་ལས་ཀ་ཚར་རྗེས་དཀའ་ལས་ཆེ་ཞིང་གོམ་པ་ཡང་བརྒྱབ་མི་ཐུབ་པ་གྱུར་རྒྱུ་ཡོད།  དེ་དང་འདྲ་བའི་མཚོ་བོད་ལྕགས་ལམ་ཀྱི་བདེ་འཇགས་སྲུང་སྐྱོང་མཁན་ད་ལྟ་ལྗོངས་ཡོངས་སུ་ཁྱོན་མི་གྲངས་ལྔ་སྟོང་ལྷག་ཡོད།  ཁོར་ཡུག་ཆ་རྐྱེན་ཞན་པོ་ཡོད་ན་ཡང་ཁོང་ཚོའི་སྙིང་སྟོབས་ཆག་མེད་ལ།  དཀའ་ངལ་གྱིས་ཁོང་ཚོས་ལས་ཀར་བཅངས་བའི་བརྩེ་སེམས་ཕྲན་ཙམ་ཡང་འགྱུར་ལྡོག་གཏོང་མེད།  ལོ་ངོ་བཅུ་ཡི་རིང་ལ་ཁོང་ཚོས་མཚོ་བོད་ལྕགས་ལམ་གྱི་སྲུང་སྐྱོང་ལས་ཀ་ཉིན་གཅིག་ལྟར་རྒྱུན་འཁྱོངས་བྱས་ཡོད་པས་ཁོང་ཚོ་ནི་མཚོ་བོད་ལྕགས་ལམ་ཐོག་གི་གཅེས་པར་འོས་པའི་མི་ཞིག་ཡིན།།

ཕུན་ཚོགས་ཚེ་རིང་ནི་སྤྱི་ལོ ༢༠༠༦ ལོར་ལམ་སྲུང་བ་ཞིག་ཆགས་པ་དང་།  ལམ་སྲུང་རུ་ཁག་གི་མ་བྱན་དང་ཁ་ལོ་བ་བྱེད་མྱོང་ཡོད།  ད་ཆ་ནག་ཆུ་རྫོང་མཚོ་བོད་ལྕགས་ལམ་ཨམ་མདོ་ལམ་རྒྱུད་མཚོ་ནག་ལྕགས་ལམ་ལམ་སྲུང་རུ་ཆེན་གྱི་རུ་དཔོན་ཡིན།  ཁ་ལག་བཟོ་བའི་ལག་རྩལ་ཡག་པོ་ཡོད་པས་ལྷ་སར་གདན་ཞུ་བྱེད་མཁན་ཡོད་ཀྱང་ཕྱིན་མེད།  ཁོང་གིས་ད་ལྟའི་ལས་ཀའི་ཁོར་ཡུག་ཡག་པོ་མེད་པ་དང་དཀའ་ལས་ཆེ་ཡང་ང་རང་ལྕགས་ལམ་ལས་ཀར་དགའ་ཞེན་ཆེན་པོ་ཡོད།  ངས་མུ་མཐུད་ལམ་སྲུང་ལས་ཀ་རྒྱུན་འཁྱོངས་བྱེད་ཀྱི་ཡིན་ཞེས་ཤོད་ཀྱི་ཡོད།

ཀརྨ་ཆོས་གྲགས་ནི་སྟོད་ལུང་བདེ་ཆེན་རྫོང་ཁོངས་ཀྱི་ལྕགས་ལམ་ལམ་སྲུང་བ་ཞིག་ཡིན།  ད་ལོ་ལོ ༢༦ ལ་སླེབས་པ་དང་ལོ ༦ གི་ན་གཞོན་དུས་བཟང་ལྕགས་ལམ་ལ་ཕུལ་བ་དང་།  ཁོང་གིས་ང་དེ་སྔོན་ཕྱི་ལོག་ལ་ཞོར་ལས་ཕྱིན་པས་ཡོང་འབབ་ལས་འགྲོ་གྲོན་ཆེ་བ་ཡོད་པས།  ལྕགས་ལམ་ལམ་སྲུང་བའི་རུ་མི་བྱེད་རྒྱུ་དེ་དང་པོ་དངུལ་རག་པའི་ཆེད་ཡིན།  དེ་རྗེས་རིམ་བཞིན་ལས་ཀ་དེར་དགའ་པོ་ཆགས་པས་ངས་མུ་མཐུད་ལྕགས་ལམ་ལམ་སྲུང་ལས་གནས་དེ་བརྟན་སྲུང་བྱེད་ཀྱི་ཡིན་ཞེས་བཤད།།

  ༼  ཡིག་བསྒྱུར་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]