ལྷ་ས་མེ་འཁོར་འབབ་ཚུགས་སུ་ཏང་བཙུགས་ནས་ལོ་ངོ་༩༥འཁོར་བ་དང་མཚོ་བོད་ལྕགས་ལམ་ཤར་གཏོང་ཐུབ་ནས་ལོ༡༠འཁོར་བར་གཅིག་ཆར་རྟེན་འབྲེལ་ཞུས་པ།

ཡོང་ཁུངས།   བོད་ལྗོངས་འཕྲིན་དྲ།       རྩོམ་པོ།   བསོད་ནམས་ཉི་མ། རྡོ་རྗེ་ཚེ་རིང་།      སྤེལ་དུས།   2016-07-05

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

 

མཚོ་བོད་ལྕགས་ལམ་ཤར་གཏོང་ཐུབ་ནས་ལོ་ངོ་བཅུ་འཁོར་བར་རྟེན་འབྲེལ་ཞུ་ཆེད་གཉེར་བའི་རླུང་འཕྲིན་ཐད་གཏོང་ལེ་ཚན་བཀྲ་ཤིས་ལྕགས་ལམ།

སྤྱི་ལོ ༢༠༡༦ ལོའི་ཟླ་བ ༧ པའི་ཚེས ༡ ཉིན་ནི་ཏང་བཙུགས་ནས་ལོ་ངོ་ ༩༥ འཁོར་བའི་དྲན་གསོའི་ཉིན་མོ་ཡིན་ལ་མཚོ་བོད་ལྕགས་ལམ་ཤར་གཏོང་ཐུབ་ནས་ལོ ༡༠ འཁོར་བའི་དྲན་གསོའི་ཉིན་མོའང་རེད།  ཏང་བཙུགས་ནས་ལོ་ངོ་ ༩༥ འཁོར་བ་དང་མཚོ་བོད་ལྕགས་ལམ་ཤར་གཏོང་ཐུབ་ནས་ལོ ༡༠ འཁོར་བར་གཅིག་ཆར་རྟེན་འབྲེལ་ཞུ་ཆེད་བོད་ལྗོངས་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་ཀྱིས་མཚོ་བོད་ལྕགས་ལམ་ཀུང་སི་ལྷ་སའི་འབབ་ཚུགས་དང་།  བོད་ལྗོངས་ཡིག་གཟུགས་མཁས་ཅན་མཐུན་ཚོགས།  གངས་ལྗོངས་སྙན་དབྱངས་སྟེགས་བུ།  ཐེན་ལི་རིག་གནས་སྨྱན་སྦྱོར་ཚོགས་པ་བཅས་དང་མཉམ་འབྲེལ་བྱས་ཏེ་ལྷ་སའི་མེ་འཁོར་འབབ་ཚུགས་སུ་རྟེན་འབྲེལ་གྱི་བྱེད་སྒོ་རབ་དང་རིམ་པ་སྤེལ་ཡོད།།

པིར་རྩལ་ངོམས་ནས་རྟེན་འབྲེལ་མཚོན་པའི་ཤིས་ཚིག་དུས་སྟོན་གྱི་ཉི་མོར་ཕུལ།

རྟེན་འབྲེལ་བྱེད་སྒོའི་ནང་ཞུགས་མཁན་གྱི་ཏང་ཡོན་ལས་བྱེད་པ།

མཁའ་ལམ་གྱིས་གྲུབ་པའི་རྨི་ལམ་ཞེས་པའི་ཞབས་བྲོ།

ཏང་བཙུགས་ནས་ལོ་ངོ་ ༩༥ འཁོར་བ་དང་མཚོ་བོད་ལྕགས་ལམ་ཤར་གཏོང་ཐུབ་ནས་ལོ་ངོ་

༡༠འཁོར་བའི་རྟེན་འབྲེལ་བྱེད་སྒོའི་ནང་ཞུགས་མཁན་ལས་དོན་མི་སྣའི་དྲན་རྟེན་འདྲ་པར།

  ༼  ཡིག་བསྒྱུར་བློ་གྲོས། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]