ལོ་བཅུ་གཉིས་རྗེས་ཧྥ་རན་སིར་སླར་ཡང་འཛམ་གླིང་བུམ་པའི་ཨང་དང་པོ་རྩོད་ལེན་བྱེད་པའི་འགྲན་བསྡུར་ནང་ཞུགས་དབང་རག

ཡོང་ཁུངས།   བོད་ལྗོངས་འཕྲིན་དྲ།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2018-07-11

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

པེ་ཅིན་གྱི་དུས་ཚོད་སྤྱི་ཟླ་བདུན་པའི་ཚེས ༡༡ ཉིན་གྱི་ཐོ་རེངས་ཆུ་ཚོད་གཉིས་པའི་ཐོག་རྒྱབ་པའི་སྐབས་ཉེར་གཅིག་པའི་འཛམ་གླིང་བུམ་པའི་རྐང་རྩེད་སྤོ་ལོའི་རུ་ཁག་དྲག་གྲས་བཞིའི་འགྲན་བསྡུར་ཁག་དང་པོ་དེའི་ནང་ཧྥ་རན་སིས་སྡུར་གྲངས ༡ དང་ ༠ ཐོག་ནས་པེལ་ཀྲེམ་ཕམ་ཉེས་བཏང་སྟེ་ལོ་བཅུ་གཉིས་རྗེས་སླར་ཡང་འཛམ་གླིང་བུམ་པའི་ཨང་དང་པོ་རྩོད་ལེན་བྱེད་པའི་འགྲན་བསྡུར་མཇུག་ཤོས་དེའི་ནང་ཞུགས་དབང་བླངས་ཡོད།

 

འགྲན་བསྡུར་འགོ་ཚུགས་པ་ནས་ཕྱོགས་གཉིས་པོས་རུ་མི་དྲག་ཤོས་གང་ཡོད་བསྔགས་ཏེ་འགྲན་རྩོད་དྲག་པོ་བྱས་ཡོད་པ་དང་།  མདུན་གྱི་སྐར་མ་གསུམ་ཅུ་ལྷག་ཙམ་ནང་པེལ་ཀྲེམ་རུ་ཁག་གིས་ཁ་གཏད་ཀྱི་སྒོའི་མདུན་དུ་ཉེན་ཁ་ཆེ་ཙམ་བཟོས་ཡོད་པ་དང་།  དེ་རྗེས་ཧྥ་རན་སི་རུ་ཁག་གིས་གོ་སྐབས་དམ་འཛིན་བྱས་ཏེ་ཕར་རྒོལ་ཡང་ཤུགས་དྲག་ཆེ་ཙམ་བྱས་པས་པེལ་ཀྲེམ་གྱི་སྒོའི་མདུན་དུ་ཡང་ཉེན་ཁ་ཆེན་པོ་བཟོས་ཡོད།  འོན་ཀྱང་སྒོ་ལ་ཞུས་པའི་སྤོ་ལོ་འཁྱོགས་པ་དང་ཡང་ན་ཁ་གཏད་ཀྱི་སྒོ་ར་བས་རྩལ་ནུས་ཡག་པོ་ཐོན་པའི་རྐྱེན་གྱིས་འགྲན་སྟོད་ཚར་དུས་རུ་ཁག་དེ་གཉིས་དབར་སྡུར་གྲངས་ཀླད་ཀོར་གཅིག་མཚུངས་ཀྱི་ཐོག་ནས་ཐོབ་ཤོར་བྱུང་མེད། 

 

འགྲན་སྨད་དུ་ཕྱོགས་གཉིས་པོས་མུ་མཐུད་འགྲན་རྩོད་དྲག་པོ་བྱས་པ་དང་།  འགྲན་བསྡུར་གྱི་སྐར་མ ༥༡ ཐོག་ཧྥ་རན་སིས་ཕར་རྒོལ་བྱས་ཏེ་དཀྱིལ་འཁོར་གྱི་མདུན་ངོས་ནས་ཞུས་པའི་སྤོ་ལོ་པེལ་ཀྲེམ་གྱི་རུ་མིས་བཀག་སྟེ་མཐའ་ཐིག་ནས་དོན་པས་ཧྥ་རན་སི་རུ་ཁག་ལ་ཀོ་ནཱར་ཞུ་དབང་རག་ཡོད།  དགའ་རི་ཙེ་མཱན་གྱིས་དེ་མུར་གཡས་ཕྱོགས་ནས་དཀྱིལ་འཁོར་ངོས་སུ་ཞུས་པའི་སྤོ་ལོར་རུ་ཁག་གཅིག་པའི་རུ་མི་ཨུམ་ཏི་ཏི་ཡིས་སྒོ་རྡུང་སྟེ་ཁ་གཏད་ཀྱི་སྒོའི་ནང་སྤོ་ལོ་བླུགས་ཐུབ་ནས་སྡུར་གྲངས་ཀྱང་ ༡ དང་ ༠ ལ་གྱུར་ཡོད།

དེ་རྗེས་སྡུར་གྲངས་རྗེས་སུ་ལུས་པའི་པེལ་ཀྲེམ་གྱིས་ཕར་རྒོལ་མང་ཙམ་བྱས་ན་ཡང་ཁ་གཏད་ཀྱི་སྒོའི་ཕྱོགས་ལ་ཉེན་ཁ་དེ་ཙམ་བཟོ་ཐུབ་མེད་པ་དང་ཧྥ་རན་སིས་ཀྱང་དེར་མཚུངས་ཀྱི་ཕར་རྒོལ་བྱས་པར་ཡང་གྲུབ་འབྲས་ཐོན་མ་ཐུབ་པས།  མཐར་སྡུར་གྲངས ༡ དང་ ༠ དེ་ལ་འགྱུར་བ་བཏང་མ་ཐུབ་པར་ཧྥ་རན་སི་རུ་ཁག་ལ་ད་རེས་འགྲན་བསྡུར་གྱི་ཨང་དང་པོ་རྩོད་ལེན་བྱེད་དབང་རག་པ་དང་།  པེལ་ཀྲེམ་རུ་ཁག་ཨང་གསུམ་པ་རྩོད་ལེན་བྱེད་པའི་འགྲན་བསྡུར་ནང་ཞུགས་རྒྱུ་རེད།།

པར་རིས་ཡོང་ཁུངས་དེང་ཤུན་དྲ་བ།

  ༼  མིག་ཚེས་སྒྲིག ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]