ཁང་པའི་ཡང་ཐོག་ཏུ་དར་ལྕོག་འཛུགས་པ།

ཡོང་ཁུངས།   བོད་ལྗོངས་རིག་གནས་དྲ་བ།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-01-29

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

 

བོད་མིས་གནམ་ཀུན་ནད་པ་སོགས་རླུང་རྟ་འཕེལ་བར་བྱེད་པའི་དམིགས་བསལ་དོན་རྐྱེན་འོག་དང་ཆོས་ལུགས་ཀྱི་དུས་སྟོན་ཆེ་ཁག་རིང་ལ་རྩེ་དང་ཆུ་ཁ།  ཁང་པའི་ཡང་ཐོག་ཏུ་དར་ལྕོགས་འཛུགས་སྲོལ་ཡོད་པ་ཕུད།  ལོ་གསར་རིང་ནི་དར་ལྕོག་འཛུགས་པའི་དུས་ཚོད་ངེས་གཏན་ཆེ་ཤོས་ཡོད་པ་ཞིག་ཡིན།  དེ་ཡང་ཕལ་ཆེ་བ་ཚེས་གསུམ་ཉིན་འཛུགས་པ་ཡིན་ཏེ་ཁ་རྒྱུན་དུ་ཚེས་གསུམ་ཟ་སྐར་བལྟ་མི་དགོས་ཞེས་པ་ལས་ཟུར་ལྟས་ལེབ་མཐོང་ཡིན། 
བོད་མིས་དར་ལྩོག་འཛུགས་པའི་སྲོལ་དེ་དར་ནས་དུས་ཡུན་ཇི་ཙམ་ཕྱིན་ཡོད་མིན་དང་།  དར་ལྕོག་འཛུགས་སྲོལ་དེ་ཇི་ལྟར་དར་བ་ཡིན་ནམ།  དེའི་ནང་དོན་གང་ཡིན་སྐོར་གྱི་ལན་འདེབས་མདོར་བསྡུས་ཞིག་ཞུ་ན།  དང་ཐོག་དར་ལྕོག་ཞེས་པའི་ཐ་སྙད་དེ་ལ་དཔྱད་ན་དར་ཞེས་པ་ནི་སྲིང་བལ་དང་ཀྲང་མེན་སོགས་ལས་བཏགས་པའི་སེང་རས་ལ་ཟེར་ཞིང་།  ལྕོག་ཅེས་པ་ནི་དབྱིབས་ཙོག་ཙོག་གི་དོན་ཡིན་པས་རྒྱུ་དང་དབྱིབས་ཀྱི་ཐོག་ནས་དར་ལྕོག་ཅེས་པའི་མིང་དེ་བྱུང་བ་ཡིན་ཤས་ཆེ། བོད་མིས་དར་ལྕོག་འཛུགས་སྲོལ་ཐད་ལ་མཁས་དབང་དགེ་འདུན་ཆོས་འཕེལ་མཆོག་གི་དེབ་ཐེར་དཀར་པོའིནང་གསལ་བར་ལྟར་ན།  བཙན་པོའི་དུས་ནས་དར་བ་ཞིག་ཡིན་གསུངས་ཡོད་པས་ད་བར་ལོ་ངོ་སྟོང་ལྷག་ཙམ་གྱི་ལོ་རྒྱུས་ལྡན་ཡོད།  ད་དུང་མཁས་དབང་མཆོག་གི་གསུང་ནང་ཁྱིམ་རེ་རེ་བཞིན་གྱི་སྒོ་སྟེང་དུ་དར་མདུང་རེ་སློང་བ་འདི་ཡང་བོད་ཀྱི་ཐུན་མོང་མ་ཡིན་པའི་སྲོལ་ལྟ་བུ་ཡིན་ཏེ།  དེ་ཡང་ཐོག་མར་དམག་གི་རྟགས་སུ་མངོན་ལ།  རྗེས་སོར་ཆོས་ཀྱི་ལས་སུ་སོང་བ་ཞེས་པའི་བཀའ་མོལ་དུམ་བུ་དེས་དར་ལྕོག་གི་འབྱུང་རྩ་དང་།  འཕེལ་རིམ།  ངོ་བོ་བཅས་གསལ་རྟོགས་ཐུབ་ཀྱི་རེད།  དེའང་བོད་མིའི་ཁྲོད་དུ་ནང་བསྟན་ཆོས་ལུགས་གཏིང་ཟབ་ཁྱབ་གདལ་སོང་བ་དང་ཆབས་ཅིག་སྔ་མོ་དམག་གི་རྟགས་སུ་མངོན་པའི་དར་མདུང་དེ་རིམ་བཞིན་ཆོས་ལུགས་ཀྱི་ནང་དོན་གཏིང་ཟབ་ལྡན་པའི་རླུང་རྟ་འཕེལ་བ་དང་།  བགེགས་བར་བཟློག་ཆེད་དར་ལྕོག་འཛུགས་སྲོལ་ཞིག་ཏུ་གྱུར་པ་རེད།  
ང་ཚོས་རྒྱུན་དུ་ལ་རྩེ་དང་ཁང་པའི་ཡང་ཐོག་སོགས་ལ་འཛུགས་པའི་དར་ལྕོག་ཚོན་མདོག་རྣམ་པར་བཀྲ་བ་དེ་ཚོ་ཚོན་སྣ་རང་དགར་སྒྲིག་པ་ཞིག་མ་ཡིན་ཅིང་།  དར་ལྩོག་ལ་ཚོན་མདོག་མི་འདྲ་བ་ལྔ་ཡོད་པ་དེ་དག་གོ་རིམ་མ་འཁྲུག་པའི་སྒོ་ནས་སྒྲིག་དགོས།  དེའི་གོ་རིམ་ནི་རྩེ་མོར་སྔོན་པོ་དང་དེའི་འོག་དཀར་པོ།  དེའི་འོག་དམར་པོ།  དེའི་འོག་ལྗང་གུ་དེའི་འོག་སེར་པོ་བཅས་སོ།  ཚོན་སྣ་མི་འདྲ་བ་ལྔ་པོས་ཕྱི་རོལ་རང་བྱུང་ཁམས་ཀྱི་རྣམ་པ་མཚོན་གྱི་ཡོད་པ་སྟེ།  སྔོན་པོ་ལས་ནམ་མཁའ་དང་།  དཀར་པོ་ལས་སྤྲིན་པ།  དམར་པོ་ལས་མེ།  ལྗང་གུ་ལས་ཆུ།  སེར་པོ་ལས་ས་བཅས་མཚོན་གྱི་ཡོད།  དེའི་དགོས་དོན་ནི་ཕྱི་སྣོད་ཀྱི་འཇིག་རྟེན་དེ་ནང་བཅུད་སེམས་ཅན་གྱི་བརྟེན་ཡུལ་ཡིན་ཞིང་།  འབྱུང་ཁམས་འཕྲོད་ན་ལོ་ཕྱུགས་ལེགས་ཤིང་ཚེ་བསོད་འཕེལ་ནས་མི་ཡུལ་དེ་དུས་བདེ་དགའ་སྐྱིད་ལྡན་པ་ཞིག་ཏུ་འགྱུར་བ་དང་།  འབྱུང་ཁམས་འཁྲུག་ཚེ་མི་ཡུལ་སྡུག་བསྔལ་ཏུ་འགྱུར་ཟེར་བའི་མཚོན་རྟགས་ཡིན།  དེ་མིན་བཤད་ཚུལ་གཞན་ཞིག་ནི་རྩིས་ཀྱི་དགོངས་དོན་ལྟར་ས་ཆུ་ཤིང་མེ་ལྩགས་བཅས་འབྱུང་བ་ལྔའི་མཚོན་རྟགས་ཏེ་མེ་དམར།  ས་སེར།  ཤིང་ལྗང།  ཆུ་སྔོན།  ལྕགས་དཀར་བཅས་བརྩི་སྲོལ་ཡོད།  དེར་བརྟེན་ཁམས་བསྟུན་ཀླུང་རྟ་ཞེས་པའི་སོ་སོའི་ལོ་ཁམས་མེ་ཡིན་ན་དམར་པོ་གཙོ་བོར་བྱེད་པ་སོགས་གཞན་རིགས་བསྒྲེ་བ་ཡིན། 
ད་དུང་དར་ལྕོག་གི་ཐོག་ཆོས་ཀྱི་གཟུང་སྔགས་དང་།  སྲོག་ཆགས་ཀྱི་གཟུགས་རིས་དཔར་བཏབ་ཡོད།  བོད་ན་ཆེས་དར་བའི་རླུང་རྟའི་བ་དན་ངོགས་དབུས་སུ་རྟ་མཆོག་ནོར་བུས་མཚོན་པ་དང་།  ཕྱོགས་གཞིར་སྟག་སེང་ཁྱུང་འབྲུག་བཞིའི་གཟུགས་བརྙན་བཀོད་ཡོད་པ་དེ་ནི་རྣམ་པར་རྒྱལ་བའི་མཚོན་དོན་ཡིན་ཅེས་བཤད་སྲོལ་འདུག  གང་ལགས་ཤེ་ན།  གཅན་གཟན་གྱི་རྒྱལ་པོ་སྟག་དང་།  རི་དྭགས་ཀྱི་རྒྱལ་པོ་སེང་གེ།  འདབ་ཆགས་ཀྱི་རྒྱལ་པོ་ཁྱུང་།  མཐོ་སྐྱེས་ཀྱི་རྒྱལ་པོ་འབྲུག་བཅས་མཆོག་གྱུར་བཞི་ནི་ཐམས་ཅད་ཟིལ་གྱི་གནོན་པའི་མཚོན་དོན་ཡིན་ཟེར་སྲོལ་འདུག  དེ་བཞིན་བྱེད་ལས་རྟ་མཆོག་གི་གཟུགས་སུ་བཀོད་པ་དེའང་ཉེས་ལམ་ནས་ལེགས་ལམ་དུ་བགྲོད་པ་སོགས་སྐྱེ་བོའི་རེ་འདོད་ཡོངས་སུ་སྐོང་པ་ཡིད་བཞིན་གྱི་ནོར་བུ་རིན་ཆེན་འདྲ་བས་རྟ་མཆོག་ནོར་བུའི་རྒྱན་དུ་བཀོད་སྲོལ་བྱུང་བ་དེ་ནི་ཀླུང་རྟའི་གོ་དོན་ཡང་དག་པ་ཡིན།  དུས་ཕྱིས་སུ་ཀླུང་རྟ་ལ་རླུང་རྟ་ཞེས་རླུང་གི་གཞོན་པ་ལྟ་བུའི་གོ་དོན་དང་སྦྱར་ནས་འབྲི་སྲོལ་འདུག་པ་དེ་དག་ནི།  རླུང་རྟ་བར་སྣང་དུ་འཕྱར་ཞིང་རླུང་གི་གཡོ་བའི་བྱེད་ལས་དང་བསྟུན་པས་དེ་ལྟ་བུའི་དབང་དུ་བྱས་སམ་སྙམ།།

  ༼  བློ་དབང་། ༽
མཉམ་སྤྱོད།  
བོད་ཡིག་དྲ་བ།-གསར་འགྱུར།-ལོ་གསར་གྱི་ཤེས་བྱ།
མ་ངོས།>>ཆེད་དོན།>>2019>>ས་ཕག་ལོའི་ལོ་གསར།>>ལོ་གསར་གྱི་ཤེས་བྱ།
དུ་ཕྱག
ལོ་ལྟར་བོད་ཟླ་བཅུ་གཉིས་པའི་ཚེས་བཅོ་ལྔ་ཡོལ་རྗེས་ལྷ་ས་གཙོ་བོར་གྱུར་པའི་བོད་ཀྱི་དབུས་ཕྱོགས་སུ་ལོ་གསར་གྱི་དུ་ཕྱག་ཅེས་དུ་ཚེས་ཀྱི་སྟབས་དང་བསྟུན་ནས་གཙང་སྦྲ་གད་བདར་གྲ...
དགུ་ཐུག
ལོ་རྙིང་པའི་ཟླ་བ་མཐའ་མའི་ཚེས ༢༩ ཡི་དགོང་མོར་དགུ་ཐུག་ཅེས་པའི་བག་ཚ་རྗས་དགུ་ཚང་ཞིག་སྐོལ་བ་སྟེ་རྫས་དགུ་ཚང་བ་ཞིག་སྐོལ་བ་སྟེ་རྫས་དགུ་ནི་ཤ་དང་ཕྱུར་བ། ལ་ཕུག གྲོ་མ། སྔོ...
གླུད་རྫོངས།
གླུད་རྫོངས་བྱེད་རྒྱུ་ནི་ཚེས ༢༩ ཉིན་གྱི་དགོང་མོར་ལོ་གཅིག་གི་གེགས་དང་བར་ཆད་སེལ་ཆེད་དུ་གླུད་དབྱུགས་པའི་ཡུལ་སྲོལ་གོམ་གཤིས་ཁྱབ་ཆེ་བ་ཞིག་ཡོད་པ་དེ་ཡིན། དེ་ཡང་དགུ་ཐུག་...
གནམ་གང་།
གནམ་གང་གི་ཉིན་མོ་འདི་ནི་བྲེལ་བ་ཤིན་ཏུ་ཆེ་བའི་ཉིན་མོ་ཞིག་ཡིན། ཁྱིམ་ཚང་གི་ཨ་མས་གཙོས་བུད་མེད་རྣམས་ཀྱིས་ལོ་གསར་གྱི་ཤ་ཆང་སོགས་ཟས་རིགས་གྲ་སྒྲིག་དང་གྲོ་བཟོ་ཕྱེ་མར་སྒ...
དབུ་བསིལ་སྐྲ་ཁྲུས།
སྤྱིར་ན་གནམ་གང་ལྷ་མོའི་དབུ་བསིལ་ཞེས་ལོ་རྙིང་པའི་མགོ་འཁྲུ་བའི་མཐའ་མ་དེ་ཡིན་པས་མི་རྣམས་ངེས་པར་དུ་མགོ་འཁྲུ་དགོས་པ་ཡིན་ཀྱང་ཉིན་མོ་ལས་བྲེལ་གྱིས་མགོ་འཁྲུ་ལོང་མ་བྱུང...
གྲོ་སོ་ཕྱེ་མར།
གྲོ་སོ་ཕྱེ་མར་ནི། བོད་དུ་ལོ་གསར་སོགས་དུས་སྟོན་གྱི་རྟེན་འབྲེལ་བྱེད་སྒོའི་སྐབས་སུ་སྒྲིག་གཤོམ་བྱས་པའི་གྲོ་དང་ཕྱེ་མར་འབོ་གཞོང་དུ་བླུགས་ནས་དེའི་ཐོག་ཏུ་གྲོ་སྙེ་དང་མེ...
ལོ་ཕུད་དང་ལུག་མགོ་བསྒྲིགས་སྲོལ།
བོད་མིར་ལོ་གསར་གྱི་སྐབས་སུ་ལོ་ཕུད་དང་ལུག་མགོ་བསྒྲིགས་པའི་སྲོལ་ཞིག་ཡོད། ཡུལ་སྲོལ་གོམས་གཤིས་ནི་འཚོ་བ་དངོས་ཀྱི་ནང་ནས་བྱུང་བ་ཞིག་ཡིན་པ་སྨོས་ཅི་དགོས། སྐབས་དེའི་བོད...
ལོ་གསར་ཚེས་གཅིག་ཉིན་གྱི་འཛེམས་ཆ།
ལོ་གསར་ཚེས་གཅིག་གི་ཉིན་ཁ་རྩོད་དང་། ངུ་བ། བཀྲ་མི་ཤིས་པའི་ཚིག་ཁ་ནས་ཐོན་པ་སོགས་བྱུང་ན་རྣམ་རྟོག་ཆེན་པོ་བརྩིས་སྲོལ་ཡོད་པས་ཞོགས་པ་ཡར་ལངས་ནས་མི་ཐུག་ཚད་ལ་སྐད་ཆའི་ཚིག་ད...
བརྙན་མཐོང་གསར་འགྱུར།
རླུང་འཕྲིན་གསར་འགྱུར།

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]