གནམ་གང་།

ཡོང་ཁུངས།   བོད་ལྗོངས་འཕྲིན་དྲ།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-01-28

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

གནམ་གང་ཞེས་པ་ནི་ཚེས ༣༠ དང་དོན་གཅིག་ཡིན་ཅིང་།  ལོ་གསར་ལྔ་ནུབ་ཀྱི་ཉིན་མོ་འདི་ནི་བྲེལ་བ་ཤིན་ཏུ་ཆེ་བའི་ཉིན་མོ་ཞིག་ཡིན།  ཁྱིམ་ཚང་གི་ཨ་མས་གཙོས་བུད་མེད་རྣམས་ཀྱིས་ལོ་གསར་གྱི་ཤ་ཆང་སོགས་ཟས་རིགས་གྲ་སྒྲིག་དང་གྲོ་བཟོ་ཕྱེ་མར།  གྲོ་མ་འབྲས་བསིལ།  ཆུ་ཕུད་སོགས་སྣོད་སོ་སོར་བརྒྱངས་ཏེ་སྒྲིག་གཤོམས་དང་།  སྐྱེས་པ་རྣམས་ཀྱི་ཚོགས་ཆེན་གྱི་ཀ་བན་དང་གདུང་ཁེབ་གཏོང་བ་དང་།  སྒོ་དང་སྒེའུ་ཁུང་རྣམས་ཀྱི་གཤམ་བུ་དང་སྒོ་ཡོལ་གསར་བརྗེ།  ཐབ་ཚང་གི་དུ་དྲེག་ཅན་གྱི་བརྩེགས་ངོས་སུ་གྲོ་ཞིབ་བམ་བུལ་གྱིས་བཀྲ་ཤིས་རྟགས་བརྒྱད་དང་།  ཐབ་ཀྱི་ངོས་སུ་སྲོག་ཆགས་སྡིག་ར།  གདུང་མའི་སྟེང་དུ་གཡུང་དྲུང་ལག་འཁྱུད་སོགས་ཀྱི་ཡལ་གསེས་རྒྱག་པ་དང་།  མཆོད་གཤོམ་གྱི་མདུན་དུ་མེ་ཏོག་དང་གདུག་སྤོས།  སྣང་གསལ།  དྲི་ཆབ།  མར་མེ་བཅས་ཀྱི་ཉི་མཆོད་དང་།  མར་མཚོན་གྱི་ཉི་ཟླ་སོགས་ཀྱི་ཡལ་གསེས་བརྒྱབ་པའི་ལུག་མགོ་དང་།  གྲོ་ཟོ་ཕྱེ་མར།  ཁུར་ཁོག་དང་ཉ་ཤག  སྨུག་ཐུང་།  སྦོ་ལུག  པི་ཏོག་བཅས་ཀྱི་ཁ་ཟས་སྡེར་ཁ་དང་།  གཞན་ཡང་ཀ་ར་བུ་རམ་དང་ཇ་མར་ཚྭ་གསུམ།  གཡུང་དྲུང་གི་རི་མོས་བརྒྱན་པའི་ཐུད་གདར་སོགས་སྒྲིག་གཤོམ་བྱེད་དགོས།

དེ་ཡང་ཁྱིམ་ཚང་སོ་སོའི་འབྱོར་པ་ཆེ་ཆུང་ལ་གཞིགས་པའི་རྒྱས་བསྡུས་དང་འབོར་ཆེ་ཆུང་མི་འདྲ་སྟེ་འབྱོར་ལྡན་རྣམས་ཀྱིས་ཇ་དོ་བོའི་སྟེང་དུ་མར་ལྟང་འཇོག་པ་དང་།  དེ་ལས་འབྱོར་པ་ཆུང་བ་རྣམས་ནི་རིམ་པ་བཞིན་ཇ་བག་ཆེན་གྱི་སྟེང་དུ་མར་གྲོད་རིལ་དང་།  ཇ་བག་ཆུང་གི་སྟེང་དུ་མར་ཀྲོག་ཁ་འཇོག་པ་ལྟ་བུའོ།  གྲ་སྒྲིག་དེ་དག་བྱེད་པར་མཚན་མོ་ཕྱི་པོའི་བར་འགོད་ཞིང་དེ་དག་ཡོངས་སུ་ཚར་རྗེས་སླར་ཡང་གད་ཕྱིས་གཙང་མ་ཞིག་བྱེད་དགོས།  དེའི་རྒྱུ་མཚན་ནི་ལོ་གསར་ཚེས་གཅིག་ཉིན་གད་རྒྱག་རྒྱུ་ལྟ་ཅི་ཕྱག་མར་ལག་པའང་འཆང་མི་རུང་ཞེས་བརྗོད་སྲོལ་ཡོད།  གང་ལགས་ཞེ་ན་ཕྱག་མའི་ལས་ཀ་ནི་དངོས་པོ་ནང་ནས་ཕྱིར་ཕྱག་རྒྱུ་དེ་ཡིན་པས་ཕྱག་མས་རྒྱུ་དངོས་ཕྱིར་ཕྱག་པ་ལྟ་བུའི་རྣམ་རྟོག་བྱེད་ལ།  ལོ་གསར་ཚེས་གཅིག་ཉིན་དངོས་པོ་ཕྱིར་བཏང་ན་གཡང་ཤོར་ཆེན་པོ་བྱེད་པའི་རྣམ་རྟོག་གིས་གད་སྙིགས་ཀྱང་ཕྱིར་འདོན་མི་རུང་བར་བརྗོད་པས་ཡིན།།

  ༼  རྩོམ་སྒྲིག་ཚེ་སྒྲོན། ༽
མཉམ་སྤྱོད།  
བོད་ཡིག་དྲ་བ།-གསར་འགྱུར།-ལོ་གསར་གྱི་ཤེས་བྱ།
མ་ངོས།>>ཆེད་དོན།>>2019>>ས་ཕག་ལོའི་ལོ་གསར།>>ལོ་གསར་གྱི་ཤེས་བྱ།
དུ་ཕྱག
ལོ་ལྟར་བོད་ཟླ་བཅུ་གཉིས་པའི་ཚེས་བཅོ་ལྔ་ཡོལ་རྗེས་ལྷ་ས་གཙོ་བོར་གྱུར་པའི་བོད་ཀྱི་དབུས་ཕྱོགས་སུ་ལོ་གསར་གྱི་དུ་ཕྱག་ཅེས་དུ་ཚེས་ཀྱི་སྟབས་དང་བསྟུན་ནས་གཙང་སྦྲ་གད་བདར་གྲ...
དགུ་ཐུག
ལོ་རྙིང་པའི་ཟླ་བ་མཐའ་མའི་ཚེས ༢༩ ཡི་དགོང་མོར་དགུ་ཐུག་ཅེས་པའི་བག་ཚ་རྗས་དགུ་ཚང་ཞིག་སྐོལ་བ་སྟེ་རྫས་དགུ་ཚང་བ་ཞིག་སྐོལ་བ་སྟེ་རྫས་དགུ་ནི་ཤ་དང་ཕྱུར་བ། ལ་ཕུག གྲོ་མ། སྔོ...
གླུད་རྫོངས།
གླུད་རྫོངས་བྱེད་རྒྱུ་ནི་ཚེས ༢༩ ཉིན་གྱི་དགོང་མོར་ལོ་གཅིག་གི་གེགས་དང་བར་ཆད་སེལ་ཆེད་དུ་གླུད་དབྱུགས་པའི་ཡུལ་སྲོལ་གོམ་གཤིས་ཁྱབ་ཆེ་བ་ཞིག་ཡོད་པ་དེ་ཡིན། དེ་ཡང་དགུ་ཐུག་...
གནམ་གང་།
གནམ་གང་གི་ཉིན་མོ་འདི་ནི་བྲེལ་བ་ཤིན་ཏུ་ཆེ་བའི་ཉིན་མོ་ཞིག་ཡིན། ཁྱིམ་ཚང་གི་ཨ་མས་གཙོས་བུད་མེད་རྣམས་ཀྱིས་ལོ་གསར་གྱི་ཤ་ཆང་སོགས་ཟས་རིགས་གྲ་སྒྲིག་དང་གྲོ་བཟོ་ཕྱེ་མར་སྒ...
དབུ་བསིལ་སྐྲ་ཁྲུས།
སྤྱིར་ན་གནམ་གང་ལྷ་མོའི་དབུ་བསིལ་ཞེས་ལོ་རྙིང་པའི་མགོ་འཁྲུ་བའི་མཐའ་མ་དེ་ཡིན་པས་མི་རྣམས་ངེས་པར་དུ་མགོ་འཁྲུ་དགོས་པ་ཡིན་ཀྱང་ཉིན་མོ་ལས་བྲེལ་གྱིས་མགོ་འཁྲུ་ལོང་མ་བྱུང...
གྲོ་སོ་ཕྱེ་མར།
གྲོ་སོ་ཕྱེ་མར་ནི། བོད་དུ་ལོ་གསར་སོགས་དུས་སྟོན་གྱི་རྟེན་འབྲེལ་བྱེད་སྒོའི་སྐབས་སུ་སྒྲིག་གཤོམ་བྱས་པའི་གྲོ་དང་ཕྱེ་མར་འབོ་གཞོང་དུ་བླུགས་ནས་དེའི་ཐོག་ཏུ་གྲོ་སྙེ་དང་མེ...
ལོ་ཕུད་དང་ལུག་མགོ་བསྒྲིགས་སྲོལ།
བོད་མིར་ལོ་གསར་གྱི་སྐབས་སུ་ལོ་ཕུད་དང་ལུག་མགོ་བསྒྲིགས་པའི་སྲོལ་ཞིག་ཡོད། ཡུལ་སྲོལ་གོམས་གཤིས་ནི་འཚོ་བ་དངོས་ཀྱི་ནང་ནས་བྱུང་བ་ཞིག་ཡིན་པ་སྨོས་ཅི་དགོས། སྐབས་དེའི་བོད...
ལོ་གསར་ཚེས་གཅིག་ཉིན་གྱི་འཛེམས་ཆ།
ལོ་གསར་ཚེས་གཅིག་གི་ཉིན་ཁ་རྩོད་དང་། ངུ་བ། བཀྲ་མི་ཤིས་པའི་ཚིག་ཁ་ནས་ཐོན་པ་སོགས་བྱུང་ན་རྣམ་རྟོག་ཆེན་པོ་བརྩིས་སྲོལ་ཡོད་པས་ཞོགས་པ་ཡར་ལངས་ནས་མི་ཐུག་ཚད་ལ་སྐད་ཆའི་ཚིག་ད...
བརྙན་མཐོང་གསར་འགྱུར།
རླུང་འཕྲིན་གསར་འགྱུར།

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]