འབྲི་ཆུའི་འགག་མཚོའི་ཁམས་བཀྲ་ཤིས་བཀོད་སྒྲིག་ས་ཚིགས་ཀྱི་མང་ཚོགས་ཚོས་བོད་ཀྱི་ལོ་གསར་དགའ་གཏོང་བྱེད།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-02-12

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

བོད་ཤར་རྒྱུད་ཀྱི་འབྲི་ཆུའི་འགྲམ་ངོགས་ཀྱི་ལུང་ཤུར་དུ་སྟབས་བདེའི་ཁང་པ་བསྟར་སྒྲིག་ཏུ་བརྒྱབ་ཡོད་པ་དང་དམར་མདངས་བཀྲ་བའི་རྒྱལ་དར་ཐོག་ཁར་ལྷབ་ལྷུབ་ཏུ་གཡོ་ཞིང༌།  ཤོག་སྦག་གི་སྒྲ་དང་ཕྲུ་གུ་ཚོའི་དགའ་སྤྲོའི་དགོད་སྒྲས་གནས་སྐབས་ཀྱི་གྲོང་ཚོ་དེར་ལོ་གསར་དགའ་གཏོང་གི་རྣམ་པས་ཁེངས་ཡོད།
དེ་ག་ནི་ཆབ་མདོ་གྲོང་ཁྱེར་འཇོ་མདའ་རྫོང་འབོ་ལོ་ཤང་ཁམས་བཀྲ་ཤིས་གནས་སྐབ་བཀོད་སྒྲིག་ས་ཚིགས་ཡིན་པ་དང༌།  དེ་གའི་བོད་རིགས་མང་ཚོགས་དང་ལས་བྱེད་པ་ཚོས་རྒྱུན་གཏན་ལྟར་བོད་ཀྱི་ལོ་གསར་དགའ་གཏོང་བྱེད་བཞིན་ཡོད།  སྤྱི་ལོ ༢༠༡༨ ལོའི་ཟླ ༡༠ ཚེས ༡༡ ཉིན་དང་ཟླ ༡༡ ཚེས ༣ ཉིན་འབྲི་ཆུའི་འཇོ་མདའ་རྫོང་གི་པད་དགེ་དུམ་བུར་རི་རུད་ཐོན་ཞིང༌།  ཏང་དང་སྲིད་གཞུང་གི་རོགས་སྐྱོབ་ནུས་ལྡན་དང་སྤྱི་ཚོགས་ལས་རིགས་ཁག་གི་སེམས་ཁུར་དང་རྒྱབ་སྐྱོར་འོག་གནོད་འཚེ་ཕོག་པའི་མང་ཚོགས་དུས་ཐོག་ཏུ་གནས་སྤོ་བཀོད་སྒྲིག་བྱས་པས་ཁོང་ཚོའི་འཚོ་བ་དང་ཐོན་སྐྱེད་རིམ་བཞིན་སླར་གསོ་བྱུང་ཡོད།
ཁམས་བཀྲ་ཤིས་བཀོད་སྒྲིག་ས་ཚིགས་སུ་གནོད་འཚེ་ཕོག་པའི་མང་ཚོགས་སྟོང་ཁ་ལོན་པ་བཀོད་སྒྲིག་བྱས་ཡོད་པ་དང༌།  དེ་ནི་འཇོ་མདའ་རྫོང་ནང་ཁོངས་ཀྱི་བཀོད་སྒྲིག་ས་ཚིགས་ཆེ་ཤོས་དེ་ཡིན།  ལོ་གསར་རིང་འབྲས་ཐོག་གྲོང་ཚོ་ནས་ཡིན་པའི་ཚེ་བཀྲའི་ནང་མི་ཚོས་གཟབ་མཆོར་ལེགས་པར་སྤྲས་ཏེ་ལོ་གསར་དགའ་གཏོང་བྱས་པ་དང༌།  ལྕོག་ཙེའི་ཐོག་ཁ་ཟས་དང་འཐུང་བྱ།  ཤིང་འབྲས།  སྦི་རག་སོགས་བཟའ་བཅའ་ཕུན་སུམ་ཚོགས་པོ་སྒྲིག་གཤོམ་བྱས་ཡོད་པ་དང་།  འབྲས་ཐོག་གྲོང་ཚོའི་གྲོང་མི་བུ་སྐྱིད་ཀྱིས།  ན་ནིང་གློ་བུར་དུ་ཆག་སྒོ་བྱུང་ན་ཡང་ཚང་མའི་རོགས་སྐྱོར་འོག་ང་ཚོ་ད་ལྟ་ཟས་གོས་ལ་སེམས་ཁྲལ་མེད་ལ་ལོ་གསར་ཀྱང་སྔོན་མ་ནང་བཞིན་གཏོང་རྒྱུ་བྱུང༌།  ལོ་གསར་པའི་ནང༌རང་ཉིད་ཀྱི་ལག་གཉིས་ལ་བརྟེན་ནས་དེ་བས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་ཐུབ་པ་བྱེད་རྒྱུ་ཡིན་ཞེས་བཤད་པ་རེད།
འབོ་ལོ་ཤང་གི་ཤང་ཀྲང་ཏོན་ཤུས་མིང་གིས།  ལོ་གསར་གོང་བཀོད་སྒྲིག་ས་ཚིགས་སུ་སྟབས་བདེའི་ཁང་པ ༡༨༨ བརྒྱབ་པ་དང་མང་ཚོགས་རྣམས་བདེ་འཇགས་ངང་དགུན་འགྲོལ་ཐུབ་པ་དང་།  དགའ་སྤྲོ་འཆམ་མཐུན་གྱི་ལོ་གསར་ཞིག་གཏོང་ཐུབ་པ་བྱ་ཆེད་ཤང་གི་ལས་བྱེད་པ་ཡང་དེ་གར་སྡོད་ཀྱི་ཡོད་ཅེས་བཤད་པ་རེད།

ལོ་གསར་གོང་ཆབ་མདོ་གྲོང་ཁྱེར་གྱིས་ད་དུང་རིག་གནས་དང་ཚན་རྩལ།  འཕྲོད་བསྟེན།  ཁྲིམས་ལུགས།  རྒྱལ་གཅེས་ཆོས་གཅེས་བཅས་ཀྱི་གཤམ་སྤེལ་ལྔའི་གཅིག་བསྡུས་ཞབས་ཞུའི་བྱེད་སྒོ་སྤེལ་ཏེ་བཀོད་སྒྲིག་ས་ཚིགས་ཀྱི་མང་ཚོགས་ལ་རིག་རྩལ་འཁྲབ་སྟོན་བྱས་པ་དང་འབྲེལ་ཡོད་ཚན་པས་རིགས་ཁག་གི་འཚམ་འདྲིའི་དངོས་པོ་ཡང་སྤྲད་ཡོད་པ་རེད། །

  ༼  རྩོམ་སྒྲིག་ནོར་བུ། ༽
མཉམ་སྤྱོད།  
བོད་ཡིག་དྲ་བ།-གསར་འགྱུར།-གསར་འགྱུར་མཉམ་བསྡུས།
མ་ངོས།>>ཆེད་དོན།>>2019>>ས་ཕག་ལོའི་ལོ་གསར།>>གསར་འགྱུར་མཉམ་བསྡུས།
རང་ལྗོངས་ཀྱི་སྐྱེལ་འདྲེན་ལམ་ཐིག་ཚང་མར་འགྲུལ་པ་ཕྱིར་ལོག་བྱེད་པའི་ཚ་རླབས་ཤིག་འཕྱུར།
ཉེ་དུས། རང་ལྗོངས་ཀྱི་མེ་འཁོར་དང་གཞུང་ལམ། དམངས་སྤྱོད་མཁའ་འགྲུལ་སོགས་ཀྱི་སྐྱེལ་འདྲེན་ལམ་ཐིག་ཚང་མར་ལོ་གསར་རྗེས་ཀྱི་འགྲུལ་པ་ཕྱིར་ལོག་བྱེད་མང་བའི་དུས་ཚིག་གཉིས་པ་དེ...
ད་ལོའི་བོད་ཀྱི་ལོ་གསར་རིང་རང་ལྗོངས་ཀྱིས་ཡུལ་སྐོར་བ་མི་ཐེངས་ཁྲི་ཚོ༥༡.༡༧ལ་སྣེ་ལེན་ཞུས།
བོད་ཀྱི་ལོ་གསར་དང་དཔྱིད་གསར་དུས་ཆེན་གྱི་ངལ་གསོའི་རིང་རང་ལྗོངས་ཀྱིས་ཡུལ་སྐོར་བ་མི་ཐེངས་ཁྲི་ཚོ ༥༡.༡༧ ལ་སྣེ་ལེན་ཞུས་པ་དང་ཡུལ་སྐོར་གྱི་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར ...
ལོ་གསར་རིང་ལྷོ་ཁ་གྲོང་ཁྱེར་གྱིས་རིག་གནས་དམངས་ཕན་གཤམ་སྤེལ་ལས་དོན་གཏིང་ཟབ་སྤེལ།
ད་ལོའི་ཚུན་དུ་ལྷོ་ཁ་གྲོང་ཁྱེར་གྱིས་སྤྱི་ལོའི་ལོ་གསར་དང་དཔྱིད་གསར་དུས་ཆེན། བོད་ཀྱི་ལོ་གསར་བཅས་དུས་ཆེན་ཆེ་མོ་གསུམ་རིང་། ལྗོངས་ཡོངས་ཀྱི་ཚན་པ་ཁག་དང་རྫོང་༼ཆུས༽བཅས་...
ཆུ་གསུམ་རྫོང་གོང་སྟོད་གྲོང་ཚོས་རིག་རྩལ་འཁྲབ་སྟོན་བྱས་ནས་ལོ་གསར་དགའ་གཏོང་བྱས།
དྲོ་སྐྱིད་ཉི་འོད་ས་གཞི་ཀུན་ལ་འཕྲོ་བའི་ཉིན་དེར་ཆུ་གསུམ་རྫོང་ཆུ་གསུམ་གྲོང་རྡལ་གོང་སྟོད་གྲོང་ཚོའི་གྲོང་མི་ཚོ་མཉམ་འཛོམས་ངང་རིག་རྩལ་འཁྲབ་སྟོན་གྱི་བྱེད་སྒོ་སྤེལ་ནས། ...
ད་ལོའི་བོད་ཀྱི་ལོ་གསར་དང་དཔྱིད་གསར་དུས་ཆེན་རིང་རང་ལྗོངས་ལ་ཡུལ་སྐོར་གྱི་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར༣.༥ཟིན།
ད་ལོའི་བོད་ཀྱི་ལོ་གསར་དང་དཔྱིད་གསར་དུས་ཆེན་ཉིན་གཅིག་ལ་འཁེལ་བས་རང་ལྗོངས་སུ་ངལ་གསོ་ཉིན་བཅུ་བཞག་ཡོད། གསར་འགོད་པས་སྤྱི་ཚེས ༡༤ ཉིན་རང་སྐྱོང་ལྗོངས་ཡུལ་སྐོར་གོང་འཕེལ་...
ས་བབ་མཐོ་བའི་སྐྱེ་ཁམས་གནས་སྤོས་ས་ཚིགས་ཀྱི་ལོ་གསར་གྱི་རྣམ་པ་གསར་པ།
སྟོད་ལུང་བདེ་ཆེན་ཆུས་རྒུ་རུམ་ཤང་དགའ་གྲོང་གྲོང་ཚོ་དང་ལྕགས་རུ་གྲོང་ཚོའི་བར་དུ་གནས་པའི་རང་ལྗོངས་ཀྱི་ས་བབ་མཐོ་བའི་སྐྱེ་ཁམས་གནས་སྤོས་ས་ཚིགས་དང་པོ་རུ། ས་བབ་མཐོ་ཚད་ར...
ད་ལོའི་དུས་ཆེན་གཉིས་རིང་རང་ལྗོངས་ཀྱིས་གནམ་གྲུར་བཞུཌ་མཁན་འགྲུལ་པ་མི་ཐེངས་ཁྲི་ཚོ༡༢.༢༣༥༢སྐྱེལ་འདྲེན་བྱས།
དམངས་སྤྱོད་མཁའ་འགྲུལ་བོད་ལྗོངས་ཁུལ་ཅུད་ནས་ཤེས་རྟོགས་བྱས་པར་གཞིགས་ན། ད་ལོའི་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་རིང་རང་ལྗོངས་ཀྱིས་གནམ་གྲུ་འཕུར་ཐེངས ༡༡༥༣ འགན་ལེན...
ལོ་གསར་གྱི་ངལ་གསོ་ཡོལ་མ་ཐག་རང་ལྗོངས་ཀྱི་རྒྱ་ཆེའི་ལས་བྱེད་མང་ཚོགས་ཚོས་ཧུར་སེམས་ཆེན་པོས་རང་འཁྲིའི་ལས་ལ་ཞུགས།
སྤྱི་ཟླ་གཉིས་པའི་ཚེས ༡༤ ཉིན་ནི་ལོ་གསར་གྱི་ངལ་གསོ་ཡོལ་ནས་ལས་འགོ་ཚུགས་པའི་ཉིན་དང་པོ་དེ་ཉིན། རང་ལྗོངས་ཀྱི་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཚོས་རྣམ་པ་གསར་རྐྱང་གི་ཐོག་...
བརྙན་མཐོང་གསར་འགྱུར།
རླུང་འཕྲིན་གསར་འགྱུར།

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]