རྒྱ་མདའ་རྫོང་འཕྲོད་བསྟེན་ཞབས་ཞུ་ལྟེ་གནས་ཀྱིས་ལྗོངས་ཡོངས་སུ་རྫོང་རིམ་པའི་རྨ་ཁ་ཆུང་བའི་གཤཌ་བཅོས་ལྟེ་གནས་ཐོག་མར་བཙུཌ།

ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-09-05

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉེ་བའི་ལོ་ཤས་རིང་།  ཕོ་བ་དང་རྒྱུ་མའི་ནད་གཞི་ཐོན་ཚད་མངོན་གསལ་དོད་པོས་མང་དུ་སོང་བ་དང་བསྟུན་ནས།  མི་ཚོས་འཇུ་བྱེད་མ་ལག་གི་ནད་གཞི་སྔོན་འགོག་དང་བདེ་སྲུང་ལ་མཐོང་ཆེན་བྱེད་པ་དང་།  ལྷག་པར་དུ་འཇུ་ལམ་གྱི་ནད་གཞི་སྔ་ཙམ་བརྟག་དཔྱད་དང་སྨན་བཅོས་ལ་དེ་བས་མཐོང་ཆེན་བྱེད་ཀྱི་ཡོད།

ཤེས་རྟོགས་བྱས་པར་གཞིགས་ན། ཕོ་བ་དང་རྒྱུ་མའི་མཐོང་ཤེལ་བརྟག་དཔྱད་ཀྱིས་ལུས་ལ་ན་ཟུག་གཏོང་བས་ནད་པ་མང་པོས་བརྟག་དཔྱད་བྱེད་འདོད་ཀྱི་མེད།  འོན་ཀྱང་སྨན་བཅོས་ལག་རྩལ་འཕེལ་རྒྱས་སོང་བ་དང་བསྟུན་ནས་ན་ཟུག་མེད་པའི་ཕོ་ཤེལ་ལ་ནད་པའི་དགའ་བསུ་ཐོབ་ཡོད།  ཀོང་པོ་རྒྱ་མདའ་རྫོང་འཕྲོད་བསྟེན་ཞབས་ཞུ་ལྟེ་གནས་ཁོག་ནད་ཚན་ཁག་གིས་སྤྱི་ལོ ༢༠༡༨ ལོའི་ཟླ་བདུན་པ་ནས་ན་ཟུག་མེད་པའི་ཕོ་ཤེལ་རྒྱག་ཐུབ་ཀྱི་ཡོད།  ཀོང་པོ་རྒྱ་མདའ་རྫོང་འཕྲོད་བསྟེན་ཞབས་ཞུ་ལྟེ་གནས་ཀྱི་ཁོག་ནད་ཚན་ཁག་གིས་ན་ཟུག་མེད་པའི་ཕོ་ཤེལ་མི་ཐེངས ༡༣༧ དང་ན་ཟུག་མེད་པའི་རྒྱུ་ཤེལ ༦༨ བརྒྱབ་པ་དང་།  གཞང་འབྲུམ CAES གཤགས་བཅོས་མི་ཐེངས ༢༡ དང་།  རྒྱུ་མའི་ཤ་འབུར་གཤགས་བཅོས་མི་ཐེངས ༩ མིད་ལམ་ནས་དངོས་པོ་ཡ་མཚན་ཅན་བཏོན་པའི་གཤགས་བཅོས་མི་ཐེངས ༡ ཕོ་བའི་གྲུབ་ཆ་བཏོན་ཏེ་བརྟག་དཔྱད་མི་ཐེངས ༡༠ བཅས་བྱས་པས་ཚང་མར་བློ་ཡིད་ཚིམ་པའི་གྲུབ་འབྲས་ཐོན་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན།  ཀོང་པོ་རྒྱ་མདའ་རྫོང་འཕྲོད་བསྟེན་ཞབས་ཞུ་ལྟེ་གནས་ཀྱིས་ཉིང་ཁྲི་གྲོང་ཁྱེར་གྱི་རྫོང་དྲུག་དང་ཆུས་གཅིག་ཏུ་ཕོ་ཤེལ་བརྒྱུད་དེ་དམིགས་བསལ་སྨན་བཅོས་ཀྱི་རྨ་ཁ་ཆུང་བའི་གཤགས་བཅོས་ཐོག་མར་བྱས་ནས།  ལྗོངས་ཡོངས་སུ་རྫོང་རིམ་པའི་རྨ་ཁ་ཆུང་བའི་གཤགས་བཅོས་ལྟེ་གནས་ཐོག་མར་བཙུགས་པ་རེད།།

  ༼  རྩོམ་སྒྲིག་གསལ་དགའ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]