རང་ལྗོངས་ཀྱི་མཁའ་ལམ་ཟོག་འདྲེན་བྱ་གཞག་གོང་འཕེལ་གྱི་ཡལ་ག་རྒྱས།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-05-29

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

སྤྱི་ལོ ༢༠༡༨ ལོར།  བོད་ལྗོངས་དམངས་སྤྱོད་མཁའ་འགྲུལ་དཔལ་འབྱོར་གོང་འཕེལ་ཚད་ཡོད་ཀུང་སི་ཟོག་འདྲེན་ཡན་ལག་ཀུང་སིས་དངོས་ཟོག་ཀྲོན་ཁྲི ༣.༦༥ དབོར་འདྲེན་བྱས་པ་དེ་སྤྱི་ལོ ༢༠༡༧ ལོ་ལས་བརྒྱ་ཆ ༡༠.༩ འཕར་ཏེ།  ལོ་བདུན་བསྟུད་མར་འཕར་སྣོན་མགྱོགས་པའི་ཕུགས་འདུན་མངོན་འགྱུར་བྱུང་ཡོད།

ལྷ་ས་གོང་དཀར་འབབ་ཐང་དེ་ཉིད་བོད་ལྗོངས་དམངས་སྤྱོད་མཁའ་འགྲུལ་དཔལ་འབྱོར་གོང་འཕེལ་ཚད་ཡོད་ཀུང་སི་ཟོག་འདྲེན་ཡན་ལག་ཀུང་སིའི་གཉེར་སྐྱོང་རྟེན་གཞི་ཡིན་པའི་ངོས་ནས།  ལྷ་ས་དང་མཁའ་འགྲུལ་ལམ་ཐིག་སྦྲེལ་མཐུད་བྱས་པའི་གྲོང་ཁྱེར་ཚང་མ་དང་དངོས་ཟོག་དབོར་འདྲེན་ལས་སྒོ་གཉེར་ཡོད།  སྤྱི་ལོ ༢༠༡༨ ལོར་ཟོག་འདྲེན་ཡན་ལག་ཀུང་སིས་ཟོག་འདྲེན་མཁའ་ལམ་གསར་པ་སྐྱེ་སྲིང་ཧུར་ཐག་བྱས་ཏེ་པེ་ཅིང་དང་ཀོང་ཀྲའུ།  གྲེན་ཏུ།  གྲུང་ཆིང་།  ཧྲང་ཧེ།  ཤིའི་ཨན།  ཁུན་མིང་།  ཧང་ཀྲའུ་བཅས་མཁའ་འགྲུལ་ལམ་ཐིག་བརྒྱད་ཐོག་དངོས་ཟོག་བར་བརྒྱུད་སྐྱེལ་འདྲེན་ལས་སྒོ་གཉེར་བས།  དེ་སྔོན་གཙོ་བོ་གྲེན་ཏུའི་ལམ་ཐིག་ལ་བརྟེན་པའི་ཟོག་འདྲེན་གནོན་ཤུགས་ཆུང་དུ་གཏོང་ཐུབ་པ་བྱུང་ཡོད།

བོད་ཀྱི་གྲོང་མིའི་འཛད་སྤྱོད་ནུས་པ་མཐོ་རུ་དང་འཛད་སྤྱོད་བྱེད་སྟངས་ལ་འགྱུར་བ་བྱུང་བ་དང་བསྟུན།  རིན་ཐང་མཐོ་བའི་ཚོང་ཟོག་དང་སྨན་རྫས།  སྔོ་ཚལ་དང་ཤིང་ཏོག  མཚོ་ཟས།  གཅེས་ཉར་སྲོག་ཆགས་སོགས་དམིགས་བསལ་དངོས་ཟོག་ཀྱང་དུས་བསྟུན་ངང་མཁའ་འགྲུལ་བརྒྱུད།  ནང་ས་ནས་བོད་ཀྱི་ཁྲོམ་རའི་ཐོག་དབོར་འདྲེན་ཐུབ་ཀྱི་ཡོད།
 དྲ་ཐོག་འཛད་སྤྱོད་རིམ་སྤོར་བྱུང་བ་དང་བསྟུན་ནས་མཁའ་འགྲུལ་ཟོག་འདྲེན་གྱི་དགོས་མཁོ་མགྱོགས་མྱུར་ཆེ་རུ་ཕྱིན་པའི་དུས་བབ་འོག  མཁའ་འགྲུལ་ཟོག་འདྲེན་གྱི་ལས་ཕྱོད་མཐོ་རུ་གཏོང་རྒྱུ་དེ་ཟོག་འདྲེན་ཀུང་སིའི་གོང་འཕེལ་གྱི་དགོས་མཁོ་དང་མང་ཚོགས་ཀྱི་རེ་སྒུག་ཞིག་ལ་གྱུར་ཡོད་པས།  ཟོག་འདྲེན་ཡན་ལག་ཀུང་སིས་མཁའ་འགྲུལ་དང་ལྕགས་ལམ་མཉམ་འབྲེལ་ཐོག་སྐྱེལ་འདྲེན་དང་།  གྲོང་ཁྱེར་གྱི་ཟོག་འདྲེན་ས་ཚིགས་སོགས་ཀྱི་གཉེར་སྐྱོང་བྱེད་སྟངས་གསར་པ་འཚོལ་ཞིབ་བྱས་ཏེ།  མཁའ་ལམ་ཐོག་ཟོག་འདྲེན་གྱི་སྤྱི་ཚོགས་ཕན་འབྲས་དེ་བོད་ཀྱི་ས་ཆ་ཁག་ཏུ་རྒྱ་སྐྱེད་གཏོང་རྒྱུ་རེད།

བོད་ལྗོངས་དམངས་སྤྱོད་མཁའ་འགྲུལ་ཟོག་འདྲེན་ཡན་ལག་ཀུང་སིས་ཕུན་སུམ་ཚོགས་པའི་བོད་ཀྱི་ཡུལ་ཟོག་ཕྱིར་སྐྱེལ་འདྲེན་བྱེད་པའི་ཐད་ནུས་པ་ཆེན་པོ་ཐོན་དང་ཐོན་མུས་ཡིན་པས།  མཁའ་ལམ་ཐོག་ཟོག་འདྲེན་བརྒྱུད་བེ་ཤ་དང་དབྱར་རྩྭ་དགུན་འབུ་སོགས་བོད་ཀྱི་ཡུལ་ཟོག་རྒྱལ་ཡོངས་ཀྱི་གྲོང་ཁྱེར་ཆེ་ཆུང་ཁག་ལ་དུས་ཐོག་ཏུ་དབོར་ཐུབ་ཀྱི་ཡོད།  དུས་རབས་གསར་པར་བོད་ལྗོངས་དམངས་སྤྱོད་མཁའ་འགྲུལ་ཟོག་འདྲེན་མཁའ་འགྲུལ་གྱིས་མུ་མཐུད་ཁྲོམ་ར་རྒྱ་སྐྱེད་བཏང་ནས་བོད་ལྗོངས་གོང་འཕེལ་མྱུར་པོ་ཡོང་རྒྱུར་རོགས་འདེད་བྱེད་རྒྱུ་རེད།།

  ༼  རྩོམ་སྒྲིག་ངག་དབང་། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]