རང་ལྗོངས་ཀྱི་ནག་སེལ་གཤེད་བཅོམ་ལས་ཀར་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཐོབ།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-08-21

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ལྗོངས་སྤྱི་བདེ་ཐིང་ནག་སེལ་གཤེད་བཅོམ་ཆེད་དོན་འཐབ་རྩོད་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་ནས་ཤེས་རྟོགས་བྱུང་བར་གཞིགས་ན།  ལོ་སྟོད་དུ་ནག་སེལ་གཤེད་བཅོམ་དང་ཁྲིམས་འགལ་རྡུང་རྡེག  ཟང་ཟིང་བཅོས་སྒྲིག་བྱས་པར་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད།  ནག་སེལ་གཤེད་བཅོམ་དང་ཁྲིམས་འགལ་ལ་རྡུང་རྡེག  ཟང་ཟིང་བཅོས་སྒྲིག་བཅས་ལོ་སྟོད་ཀྱི་ཆེད་དོན་འཐབ་རྩོད་ཁྲོད་ལྗོངས་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ནས་མུ་མཐུད་ནག་གཤེད་ཀྱི་ངོ་བོ་ལྡན་པའི་གྱོད་གཞི ༧༠ མྱུལ་ཞིབ་གཉེར་སྒྲུབ་བྱས་པ་དང་དོགས་ཡོད་ཉེས་ཅན་པ ༢༩༨ འཛིན་བཟུང་བྱས་པ།  དངུལ་ལམ་གཅོད་པའི་གྱོད་གཞི ༡༣ མྱུལ་ཞིབ་གཉེར་སྒྲུབ་བྱས་པའི་ནང་མ་དངུལ་སྒོར་ཁྲི་ཚོ ༡༤༠.༦ བསྡམས་བཅད་བྱས་པ་ད་ང་།  མ་དངུལ་སྒོར་ཁྲི་ཚོ ༢༢༢.༧ བཙན་ཉར་བྱས་པ།  མ་དངུལ་སྒོར་ཁྲི་ཚོ ༤༢ གཞུང་བཞེས་བཏང་བ་བཅས་རེད།

ཆེད་དོན་འཐབ་རྩོད་བཀོད་སྒྲིག་བྱས་རྗེས།  ལྗོངས་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ནས་དུས་ཐོག་ཏུ་ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་འགོ་ཁྲིད་ཚོགས་ཆུང་བཙུགས་ཞིང་  དེའི་གཤམ་འོག་ཏུ་གཞུང་ལས་ཁང་བཙུགས་པ་དང་།  གྲོང་ཁྱེར༼ ས་ཁུལ ༽ཁག་གི་སྤྱི་བདེ་ལས་ཁུངས་ནས་ཀྱང་དེ་མཚུངས་ཀྱི་ཆེད་ལས་ཚན་པ་བཙུགས་ཏེ་གཅིག་གྱུར་འཆར་འགོད་ཐོག་ནས་ཆེད་དོན་འཐབ་རྩོད་ལས་དོན་སྤེལ་བ་རེད།  གྱོད་གཞི་ཆེ་གྲས་དང་དོགས་གནད་དང་།  རྙོགས་འཛིང་ཆེ་བའི་གྱོད་གཞི་མྱུལ་ཞིབ་གཉེར་སྒྲུབ།  ཁུངས་སྣེ་ཞིབ་དཔྱད་ལས་དོན་ཐད་ལྗོངས་སྤྱི་བདེ་ཐིང་ནག་སེལ་གཤེད་བཅོམ་གཞུང་ལམ་ཁང་དང་གྲོང་ཁྱེར༼ ས་ཁུལ ༽བདུན་གྱི་སྤྱི་བདེ་ཅུས་ནས་ཉེན་རྟོག་པ ༢༦༣ ཧྲག་འདེམས་བྱས་ཏེ།  ཁུངས་སྣེ་ཞིབ་དཔྱད་ཀྱི་འགག་སྒྲོལ་རུ་ཁག་བཙུགས་ནས་གཅིག་བསྡུས་ཐོག་འགག་སྒྲོལ་མྱུལ་ཞིབ་གཉེར་སྒྲུབ་བྱས་པ་རེད། 

ཀྲུང་དབྱང་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་ནས་རྩིས་སྤྲོད་བྱས་པའི་གྱོད་གཞི་དང་ཁུངས་སྣེར་དུས་བཀག་ལྟར་ཞིབ་དཔྱད་དང་མྱུལ་ཞིབ་གཉེར་སྒྲུབ་བྱེད་པའི་སྤྱིའི་བླང་བྱར་གཞིགས་ཏེ་ལྗོངས་སྤྱི་བདེ་ཐིང་ནག་སེལ་གཤེད་བཅོམ་གཞུང་ལས་ཁང་གིས།  གྱོད་གཞིའི་ཁུངས་སྣེའི་ལྟ་སྐུལ་མཛུབ་ཁྲིད་དང་ཕྱོགས་སྒྲིག  ལྡོག་འདྲེན་བཅས་ལ་གཙོ་གནད་ཐོག་དམིགས་ནས་ཁུངས་སྣེ་དང་གྱོད་གཞི་ཁག་ལ་འགག་སྒྲོལ་མི་སྣ་གཉིས་གཏན་འཁེལ་བྱས་ཐོག་ལྟ་སྐུལ་གཉེར་སྒྲུབ་དང་རིམ་པ་བཞིན་ལྡོག་འདྲེན་ལས་དོན་སྤེལ་བ་རེད།  ལྗོངས་ཡོངས་སུ་མྱུལ་ཞིབ་གཉེར་སྒྲུབ་དང་ཞིབ་བཤེར་ལས་དོན་སྤེལ་བའི་བརྒྱུད་རིམ་ཁྲོད་གྱོད་གཞི་ཆེ་གྲས་དང་ལྟ་སྐུལ་གཉེར་སྒྲུབ་གྱོད་གཞི།  དོགས་གནད་དང་རྙོགས་འཛིང་ཆེ་བའི་གྱོད་གཞི་བཅས་ཁག་ཅིག་ལ་ལྗོངས་སྤྱི་བདེ་ཐིང་གིས་བྱ་ཐབས་གསར་གཏོད་བྱས་ཐོག་དཀའ་གནད་འགག་སྒྲོལ་བྱས་ཤིང་།  དེའི་རིང་ལྗོངས་སྤྱི་བདེ་ཐིང་གིས་གྱོད་གཞི ༥ དང་ཁུངས་སྣེ ༣༢ མིང་སྦྱར་གཉེར་སྒྲུབ་དང་།  གཙོ་གནད་གྱོད་གཞི་དང་ཁུངས་སྣེ་དགུར་རིམ་སྤོར་གཉེར་སྒྲུབ།  སྣེ་ཁྲིད་མྱུལ་ཞིབ་གཉེར་སྒྲུབ།  ས་ཆ་གཞན་གྱི་ཉེན་རྟོག་སྟོབས་ཤུགས་བེད་སྤྱོད་བྱེད་པ་བཅས་ཀྱི་བྱ་ཐབས་བཟུང་བ་མ་ཟད།  ཀྲུང་དབྱང་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་གིས་གཉེར་སྒྲུབ་བརྒྱུད་སྤྲོད་བྱས་པའི་གྱོད་གཞི་དང་ཁུངས་སྣེ་ཆ་ཚང་གཉེར་སྒྲུབ་ཀྱང་གང་ལེགས་བྱས་ཡོད།།

  ༼  རྩོམ་སྒྲིག་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]