བོད་ཀྱི་ཞིང་འབྲོག་ལས་གོང་འཕེལ་ཐད་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-09-21

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་འཁུར་དང་སྲ་ཞིང་བརྟན་པའི་དབུ་ཁྲིད་འོག  རང་ལྗོངས་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཚོས་སེམས་ནུས་གཅིག་སྒྲིལ་དང་འབད་འབུངས་ཡར་བརྩོན་བྱས་པ་བརྒྱུད།  ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་ ༧༠ འཁོར་བའི་སྐབས་སུ།  བོད་ཀྱི་ཞིང་འབྲོག་ལས་གོང་འཕེལ་ཐད་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་མང་པོ་ཐོན་ཡོད། 
ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན།  རང་ལྗོངས་ཀྱི་ཞིང་འབྲོག་ལས་གོང་འཕེལ་ཆེན་པོ་བྱུང་བ་དང་ཞིང་འབྲོག་མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་པས།  ཞིང་འབྲོག་ལས་སྟོབས་ཆེ་དང་ཞིང་འབྲོག་ཁུལ་མཛེས་སྡུག་ལྡན་པ།  ཞིང་འབྲོག་མང་ཚོགས་ཕྱུག་འགྱུར་ཐུབ་པ་བཅས་ཀྱི་རྣམ་པ་བཟང་པོ་ཐོན་ཡོད། 
དམངས་གཙོའི་བཅོས་བསྒྱུར་མ་བྱས་གོང་།  རང་ལྗོངས་མི་འབོར་གྱི་བརྒྱ་ཆ ༥ ཡང་མ་ཟིན་པའི་ཞིང་བྲན་བདག་པོར་བོད་ཀྱི་ཐོན་སྐྱེད་རྒྱུ་ཆ་ཚང་མ་དབང་བ་དང་ཞིང་ལས་ཐོན་སྐྱེད་བྱེད་སྟངས་རྗེས་ལུས་ཡིན་ལ།  རྒྱ་ཆེའི་ཞིང་བྲན་རྣམས་དཀའ་སྡུག་གི་འཚོ་བ་སྐྱེལ་དགོས་ཀྱི་ཡོད།  དམངས་གཙོའི་བཅོས་བསྒྱུར་བརྒྱུད་བོད་ཀྱི་ཞིང་འབྲོག་ལས་གོང་འཕེལ་ཆེན་པོ་བྱུང་ཡོད།  གྲངས་གཞིའི་ཐོག་ནས་མངོན་པར་གཞིགས་ན།  སྤྱི་ལོ ༢༠༡༨ ལོར་རང་ལྗོངས་ཀྱི་འབྲུ་རིགས་ཐོན་ཚད་ཀྲོན་ཁྲི་ཚོ ༡༠༤.༤ ཟིན་པ་དེ་སྤྱི་ལོ ༡༩༥༩
ལོའི་ལྡབ ༥.༧ ཟིན་པ་དང་།  ཚགས་ཤ་ཐོན་ཚད་ཀྲོན་ཁྲི་ཚོ ༢༧ ལྷག་ཙམ་ཟིན་པ་དེ་སྤྱི་ལོ ༡༩༧༨ ལོའི་ལྡབ ༦ ཟིན་པ།  འོ་རྫས་ཐོན་ཚད་ཀྲོན་ཁྲི་ཚོ ༤༠.༨༧ ཟིན་པ་དེ་སྤྱི་ལོ ༡༩༧༨ ལོའི་ལྡབ ༤.༤ ཟིན་པ།  ཞིང་འབྲོག་པ་མི་རེའི་ཆ་སྙོམས་ལག་ཡོད་ཡོང་འབབ་སྒོར ༡༡༤༥༠ ཟིན་པ་དེ་སྤྱི་ལོ ༡༩༦༥ ལོའི་ལྡབ ༡༠༦ ཟིན་པ་བཅས་བྱུང་ནས་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་ཆེན་པོ་བྱུང་ཡོད། 
བོད་ལ་དམངས་གཙོའི་བཅོས་བསྒྱུར་བྱས་ཚུན།  རྒྱལ་ཁབ་དང་སྤུན་ཟླའི་ཞིང་ཆེན༼ གྲོང་ཁྱེར། རང་སྐྱོང་ལྗོངས་༽ཁག་གི་རོགས་རམ་དང་རྒྱབ་སྐྱོར་འོག་དང་།  ལྗོངས་ཡོངས་ཀྱི་ཏང་སྲིད་དམག་དམངས་ཀྱི་དཀའ་སྤྱད་འབད་བརྩོན་བརྒྱུད་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་མྱུར་པོ་ཕྱིན་ནས།  ཞིང་འབྲོག་ལས་ཐོན་ལས་ཅན་གྱི་གོང་འཕེལ་ཐད་རྨང་གཞི་བཏིངས་ཡོད།
སྤྱི་ལོ ༡༩༧༧ ལོར་ལྗོངས་ཡོངས་ཀྱི་འབྲུ་རིགས་ཐོན་འབབ་ཀྲོན་ཁྲི་ཚོ ༥༠ ལས་འགག་སྒྲོལ་ཐུབ་པ་དང་།  སྤྱི་ལོ ༡༩༧༣ ལོར་འབྲོག་ལས་ཐོན་སྐྱེད་ཀྱི་གྲུབ་ཆ་དང་ཕྱུགས་ཁྱུའི་གྲུབ་ཆ་ལེགས་སྒྲིག་བྱེད་རྒྱུ་བཏོན་ཡོད།  སྤྱི་ལོ ༡༩༧༨ ལོར་ཕྱུགས་རིགས་ཀྱི་སྤྱི་འབོར་ཁྲི་ཚོ ༢༣༤༩ ཟིན་ཡང་སྐབས་དེ་དུས་ཞིང་འབྲོག་པའི་ཚོང་ལས་འདུ་ཤེས་དེ་ཙམ་ཆེན་པོ་མེད་པ་དང་།  ཁྲོམ་ར་སྐྱེད་བསྲིང་བྱེད་ཚད་ཅུང་དམའ་བས་ཞིང་འབྲོག་ལས་ཐོན་ལས་ཅན་གོང་འཕེལ་འགྲོ་རྒྱུར་ཚད་བཀག་ཆེན་པོ་ཐེབས་ཡོད། 
སྤྱི་ལོ ༡༩༨༠ ལོའི་རྗེས་ནས་དུས་རབས་འདིའི་དུས་འགོའི་བར་བོད་ཀྱི་མི་དམངས་ཚོས་ཀྲུང་དབྱང་གི་དམིགས་བསལ་ཐུགས་འཁུར་དང་རྒྱལ་ཡོངས་མི་དམངས་ཀྱི་རོགས་སྐྱོར་ཤུགས་ཆེན་འོག  ཞིང་འབྲོག་ཁུལ་གྱི་སྲིད་ཇུས་སྔར་བས་ལྷུག་ཏུ་བཏང་བ་དང་།  ས་ཆ་དང་རྩྭ་ཐང་སྤྱི་ལ་དབང་བའི་ལམ་ལུགས་མཐའ་འཁྱོངས་བྱས་པས།  ཞིང་ཁུལ་དུ་ས་ཞིང་དུད་ཚང་ལ་དབང་བ་དང་རང་བརྟེན་གཉེར་སྐྱོང་།  ཡུན་རིང་མི་འགྱུར་བ་བཅས་ཀྱི་སྲིད་ཇུས་ལག་ལེན་བསྟར་བ།  འབྲོག་ཁུལ་དུ་སྒོ་ཕྱུགས་དུད་ཚང་ལ་དབང་བ་དང་རང་ཟོག་རང་གསོ།  རང་བརྟེན་གཉེར་སྐྱོང་།  ཡུན་རིང་མི་འགྱུར་བ་བཅས་ཀྱི་སྲིད་ཇུས་ལག་ལེན་བསྟར་ཡོད་པས།  བོད་ལྗོངས་འདི་ཉིད་རྒྱལ་ཡོངས་ཀྱི་ཞིང་ལས་དཔྱ་ཁྲལ་རྩ་ཆགས་བཏང་བའི་ས་ཁུལ་ཐོག་མ་དེ་ཡིན།  ལྷག་པར་དུ་བོད་ཀྱི་ལས་དོན་སྐོར་གྱི་ཀྲུང་དབྱང་གི་བཞུགས་མོལ་ཚོགས་འདུ་ཐེངས་གསུམ་པ་འཚོགས་རྗེས།  ལྟེ་བ་གཅིག་དང་དོན་ཆེན་གཉིས།  འགན་ལེན་གསུམ་བཅས་ཀྱི་མཐུན་རྐྱེན་བཟང་པོའི་འོག་དུས་སྐབས་གསར་པའི་ཞིང་འབྲོག་ལས་དང་ཞིང་འབྲོག་ཁུལ་ལ་གོང་འཕེལ་མྱུར་པོ་བྱུང་ཞིང་།  མང་ཚོགས་མང་ཆེ་བའི་ཟས་གོས་ཀྱི་གནད་དོན་ཐག་གཅོད་ཐུབ་པ་དང་འབྲུ་སྣུམ་སྤྱིར་ན་རང་ཁ་རང་གསོ་ཐུབ་ཡོད། 
དུས་རབས་གསར་པར་སླེབས་རྗེས་ལྗོངས་ཡོངས་ཀྱི་ཞིང་འབྲོག་ལས་ཐོན་ལས་ལ་མཆོང་བསྐྱོད་གསར་པ་བྱུང་བ་དང་།  རང་ལྗོངས་ཀྱིས་སྔ་རྗེས་སུ་ཞིང་ཕན་སྲིད་ཇུས་ཀྱི་མ་དངུལ་སྒོར་དུང་ཕྱུར ༢༦༩ དོན་འཁྱོལ་བྱས་པ་དང་འབྲུ་རིགས་འདེབས་པའི་ཁ་གསབ་སོགས་ཀྱི་སྲིད་ཇུས་ཁག་དགུ་ལག་བསྟར་བྱས་ཏེ།  ནས་དང་འབྲི་གཡག  བོད་ཕག  བཞོན་མ།  ལུག  སྔོ་ཚལ།  ཟན་རྩྭ་བཅས་ཞིང་འབྲོག་ཐོན་ལས་ཆེ་གྲས་བདུན་གྱི་གོང་འཕེལ་ལ་སྐུལ་འདེད་བཏང་བས།  ཞིང་འབྲོག་ཐོན་རྫས་ཕུན་སུམ་ཚོགས་པོར་གྱུར་བ་མ་ཟད་སྤུས་ཚད་ཀྱང་རྒྱུན་ཆད་མེད་པར་ལེགས་སུ་ཕྱིན་ནས་སྤུས་རྟགས་ཐོན་རྗས ༢༢༥ ལ་ཁས་ལེན་དཔང་འདོན་རགས་པ་དང་།  ཨེ་མ་སྒང་གི་ཞོག་ཁོག་དང་གམ་པའི་ལུག  སྤང་རྒྱན་མེ་ཏོག་རུམ་སོགས་གྲགས་ཅན་ཚོང་རྟགས་མང་པོ་སྐྱེ་བསྲིངས་ཐུབ་ཡོད།  དེ་དང་ཆབས་ཅིག་ཞིང་འབྲོག་ལས་ཀྱི་རྣམ་པ་གསར་པའི་གཉེར་སྐྱོང་ཁེ་ལས་མེད་པ་ནས་ཡོད་པའི་བར་དང་།  ཡོད་པ་ནས་གོང་འཕེལ་ཆད་མེད་འགྲོ་བའི་བར་གྱི་འཕོ་འགྱུར་བྱུང་ཡོད།   དེང་སྐབས་ལྗོངས་ཡོངས་སུ་ཞིང་འབྲོག་ལས་ཀྱི་ཐོན་ལས་ཅན་གྱི་སྣེ་འདྲེན་ཁེ་ལས ༡༤༤ དང་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་ཁྲི ༡ ལྷག་ཙམ།  ཞིང་འབྲོག་ར ༡༣༨ བཅས་ཀྱིས་ཞིང་འབྲོག་པར་འབབ་འཕར་ཡོང་རྒྱུར་ནུས་པ་གལ་ཆེན་ཐོན་བཞིན་ཡོད། 
རང་ལྗོངས་ཀྱིས་ཞིང་འབྲོག་ཐོན་ལས་གོང་འཕེལ་གཏོང་ཆེད་སྔ་རྗེས་སུ་རྩྭ་ཐང་འགན་གཙང་ལམ་ལུགས་དང་གྲོང་གསེབ་ས་ཞིང་འགན་གཙང་ལམ་ལུགས།  གྲོང་གསེབ་མཉམ་སྡེབ་ཐོན་དབང་ལམ་ལུགས་བསྒྱུར་བཅོས་བཅས་བྱས་པས་གཙོ་གནད་ཞིང་འབྲོག་ཁུལ་གྱི་བསྒྱུར་བཅོས་ལས་དོན་སྤེལ་ཏེ།  བདག་དབང་དང་འགན་གཙང་བྱེད་དབང་།  གཉེར་སྐྱོང་བྱེད་དབང་བཅས་དབྱེ་ཏེ་ཞིང་འབྲོག་པའི་ཁེ་དབང་ལ་སྲུང་སྐྱོང་བྱས་པ་དང་ས་ཆའི་ཐོན་ཁུངས་ཀྱི་རིན་ཐང་མཐོ་རུ་བཏང་ཡོད།  ལྷག་པར་དུ་ཉེ་བའི་ལོའི་ནང་སྤེལ་བའི་གྲོང་གསེབ་བསྒྱུར་བཅོས་ཚོད་ལྟའི་ཁུལ་དང་གྲོང་གསེབ་ཀྱི་ས་ཞིང་འགན་གཙང་གཉེར་སྐྱོང་དབང་ཆའི་དབང་གཏན་ཐོ་འགོད་ལག་འཁྱེར་སྤྲོད་པ་སོགས་ཀྱི་བསྒྱུར་བཅོས་བརྒྱུད།  གྲོང་གསེབ་ས་ཞིང་གི་གསོན་ཤུགས་རིམ་བཞིན་འཕེལ་ཏེ་གྲོང་གསེབ་ཀྱི་ས་ཞིང་ཞིབ་མཆན་དོ་དམ་ལམ་སྲོལ་ལག་བསྟར་དང་།  གྲོང་གསེབ་ཏུ་བདག་དབང་ཉོ་ཚོང་ལམ་སྲོལ་དང་ཁེ་ཕན་མཉམ་མཐུད་ལམ་སྲོལ། མ་འཇོག་དོ་དམ་ལམ་སྲོལ་སོགས་ལག་བསྟར་བྱས་པ་ལས་བོད་ཀྱི་ཞིང་འབྲོག་ལས་འཕེལ་རྒྱས་འགྲོ་རྒྱུར་གསོན་ཤུགས་ཆེན་པོ་སྦྱིན་ཡོད།།

  ༼  རྩོམ་སྒྲིག་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]