བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་ཆེད་བརྗོད་སྤེལ་ནས་ལོ་ངོ་༧༠རིང་བོད་ཀྱི་འཕོ་འགྱུར་བཀོད།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-10-01

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

སྤྱི་ཟླ ༡༠ ཚེས ༡ ཉིན།  བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་ཏང་གིས་བོད་སྐྱོང་འཐབ་ཇུས་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ནས་མཐའ་སྐྱོང་བོད་བརྟན་གྱི་རྣམ་བཤད་གལ་ཆེན་ལག་བསྟར་བྱས་ཏེ།  སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་འཛུགས་སྐྲུན་བྱེད་པའི་རླབས་ཆེའི་བྱ་གཞག་མུ་མཐུད་མདུན་ཕྱོགས་སུ་སྐུལ་སྤེལ་བཏང་ནས།  རླབས་ཆེའི་གཟི་བརྗིད་མཉམ་རོལ་དང་བསྐྱར་དར་གྱི་ཕུགས་འདུན་སྒྲུབ་དགོས་ཞེས་འགོ་བརྗོད་དུ་འཁོད་པའི་ཆེད་བརྗོད་སྤེལ་ཡོད།

ཆེད་བརྗོད་ནང་།  ལོ་ངོ་ ༧༠ གོང་གི་དེ་རིང་ཀྲུའུ་ཞི་མའོ་ཙེ་ཏུང་གིས་འཛམ་གླིང་ཡོངས་ལ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་པ་དེ་བརྗིད་ཉམས་ཆེན་པོས་ཁྱབ་བསྒྲགས་གནང་བ་རེད།  དུས་དེ་ནས་བཟུང་ཀྲུང་ཧྭ་མི་རིགས་ལོ་ངོ་བརྒྱ་ལྷག་ཙམ་རིང་བརྙས་བཅོས་མྱངས་པའི་ལོ་རྒྱུས་ཡོངས་སུ་མཇུག་བསྒྲིལ་བ་དང་།  ཀྲུང་གོ་མི་དམངས་ཚོའི་ཁ་ཚ་དགོས་གཏུགས་ཀྱི་འདུན་པ་ཆེན་པོ་མངོན་འགྱུར་ཐུབ་པ།  ཀྲུང་ཧྭ་མི་རིགས་ལ་ལོ་རྒྱུས་རང་བཞིན་གྱི་ཚེ་སྲོག་གསར་པ་ཐོབ་པ།  རྒྱལ་ཁབ་འབྱོར་ཕྱུག་དང་མི་རིགས་གྲ་རྒྱས།  མི་དམངས་བདེ་སྐྱིད་བཅས་མངོན་འགྱུར་གྱི་རྒྱང་བསྐྱོད་གསར་པ་འགོ་ཚུགས་པ་བཅས་བྱུང་ཡོད།   
ལོ་ངོ་ ༧༠ ནང་བློ་མཐུན་མའོ་ཙེ་ཏུང་དང་ཏེང་ཞའོ་ཕིང་།  ཅང་ཙེ་མིང་།  ཧུའུ་ཅིང་ཐའོ།  ཞི་ཅིན་ཕིང་བཅས་ཀྱིས་འཐུས་མི་གཙོ་བོ་གནང་བའི་ཀྲུང་གོ་གུང་ཁྲན་ཏང་མིས་ཏང་ཡོངས་དང་དམག་ཡོངས།  རྒྱལ་ཡོངས་བཅས་མི་རིགས་ཁག་གི་མི་དམངས་མཐུན་སྒྲིལ་སྣེ་ཁྲིད་གནང་སྟེ།  ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་ལེགས་སྒྲུབ་ལྡན་པའི་ངང་བཏོད་པ་དང་འཕེལ་རྒྱས་བཏང་བ།  སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་གྱི་འོད་སྟོང་འབར་བའི་གྲུབ་འབྲས་དང་རྩ་ཆེའི་ཉམས་མྱོང་ཐོབ་ཡོད་ལ།  མི་སེམས་རབ་ཏུ་འགུལ་བའི་འབད་འཐབ་ཀྱི་ལོ་རྒྱུས་རབ་དང་རིམ་པ་བརྩམས་ཡོད་ཅེས་འཁོད་ཡོད།   
ཆེད་བརྗོད་ནང་།  སྤྱི་མཐུན་རྒྱལ་ཁབ་ཀྱི་པང་དུ་བོད་ལ་ཐོག་མཐའ་བར་གསུམ་དུ་ཏང་ཀྲུང་དབྱང་གི་དམིགས་གསལ་ཐུགས་ཁུར་ཐོབ་པ་དང་ཏང་གི་དྲོ་སྐྱིད་ཉི་འོད་ལོངས་སྤྱོད་ཐུབ་ནས།  དུས་ཐུང་ལོ་ངོ་བཅུ་ཕྲག་ནང་ལོ་ངོ་སྟོང་གི་མཆོང་སྐྱོད་འཕོ་འགྱུར་ལོ་རྒྱུས་བཏོད་ཡོད།  ལོ་ངོ་ ༧༠ གོང་འཕེལ་བརྒྱུད་རིམ་ལ་ཕྱིར་དྲན་བྱེད་སྐབས་ང་ཚོར་སྤོབས་སེམས་ཀྱིས་ཁེངས་པ་དང་།  དུས་རབས་གསར་པའི་རླབས་ཆེའི་བྱ་གཞག་ལ་རྒྱང་ལྟ་བྱེད་སྐབས་ང་ཚོར་ཡིད་ཆེས་ཀྱིས་ཁེངས་ཡོད།  ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དེ་བས་དམ་ཟབ་བྱས་ནས།  ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་དང་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་རྒྱུན་འཁྱོངས།  མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་རྒྱུན་འཁྱོངས།  ཏང་གི་བོད་སྐྱོང་འཐབ་ཇུས་དང་སྤྱི་ཁྱབ་ཧྲུའུ་ཅིའི་མཐའ་སྐྱོང་བོད་བརྟན་གྱི་རྣམ་བཤད་གལ་ཆེན་ལག་བསྟར་བྱེད་རྒྱུ་རྒྱུན་འཁྱོངས་བཅས་བྱས་ཏེ།  ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་འཆང་བ་དང་།  རྩ་ཆེའི་གོ་སྐབས་དམ་འཛིན་བྱེད་པ།  རྒྱལ་ཡོངས་ཀྱི་རྒྱབ་སྐྱོར་བེད་སྤྱོད་ཡག་པོ་བྱེད་པ།  དཀའ་སྤྱད་འབད་འཐབ་བྱེད་པ་བཅས་བྱས་ཏེ་དུས་རབས་གསར་པར་བོད་ཀྱི་བྱ་གཞག་ཁག་གི་འོད་སྟོང་གསར་པ་གཏོད་རྒྱུ་དང་།  མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་མི་དམངས་ཀྱི་རེ་འདོད་རྒྱུན་ཆད་མེད་པར་མངོན་འགྱུར་ཡོང་བ་བྱས་ཏེ།  ཀྲུང་ཧྭ་མི་རིགས་རླབས་ཆེའི་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་གྱི་བོད་ལྗོངས་ལེའུ་རྩོམ་ཆེད་འབད་བརྩོན་ལྷོད་མེད་བྱེད་དགོས་ཞེས་འཁོད་ཡོད།།

  ༼  རྩོམ་སྒྲིག་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]