རང་ལྗོངས་ཀྱི་གློག་ཤུགས་བྱ་གཞག་གོང་འཕེལ་ཆེན་པོ་བྱུང་ཏེ་མི་དམངས་མང་ཚོགས་ཀྱི་རྒྱུན་གཏན་གློག་གི་དགོས་མཁོ་ཡོངས་སུ་བསྐོང་ཐུབ།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-10-12

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

བོད་ལ་ཞི་བས་བཅིངས་འགྲོལ་བཏང་ཚུན་དུ།  ཏང་དང་རྒྱལ་ཁབ་ཀྱི་བྱམས་བརྩེའི་ཐུགས་ཁུར་འོག་རང་ལྗོངས་ཀྱི་གློག་ཤུགས་བྱ་གཞག་ལ་གོང་འཕེལ་ཆེན་པོ་བྱུང་ནས་མི་དམངས་མང་ཚོགས་ཀྱི་རྒྱུན་གཏན་གློག་གི་དགོས་མཁོ་ཡོངས་སུ་བསྐོང་ཐུབ་པ་བྱུང་བ་མ་ཟད།  དཔལ་འབྱོར་གོང་འཕེལ་དང་སྤྱི་ཚོགས་བརྟན་ལྷིང་ལ་སྒུལ་ཤུགས་ཆེན་པོ་སྦྱིན་ཡོད།

དུས་མཚུངས་པའི་གྲངས་གཞིའི་ཐོག་ནས་མངོན་པར་གཞིགས་ན།  སྤྱི་ལོ ༢༠༡༨ ལོའི་ལོ་མཇུག་ཏུ་སླེབས་སྐབས།  རང་ལྗོངས་གློག་ཤུགས་ཀྱིས་སྤྱིའི་གློག་གཏོང་ཚད་ཝ་སྟོང་ཚན་ཁྲི་ཚོ ༣༣༢.༡ ཟིན་པ་དེ་སྤྱི་ལོ ༡༩༥༩ ལོའི་ལྡབ ༣༩༩༢ ཡིན་པ་དང་།  སྤྱི་ཚོགས་ཡོངས་ཀྱིས་གློག་སྤྱོད་ཚད་ཝ་སྟོང་ཚན་དུང་ཕྱུར ༦༩.༢ ཟིན་པ་དེ་སྤྱི་ལོ ༡༩༥༩ ལོའི་ལྡབ ༧༨༤༣ ཡིན།  ཁྱོན་མ་དངུལ་སྒོར་དུང་ཕྱུར ༧༤ བཏང་བའི་མངའ་རིས་གློག་དྲ་དང་བོད་དབུས་རྒྱུད་གློག་དྲ།  དྲ་སྦྲེལ་ལས་གཞི་བཅས་ད་ལོའི་སྤྱི་ཟླ ༩ པའི་ཚེས ༡༧ ཉིན་སྐྲུན་འགོ་ཚུགས་པ་དང་ལས་གཞི་དེ་སྐྲུན་ཟིན་རྗེས་མངའ་རིས་ས་ཁུལ་གྱི་གློག་དྲ་རྐྱང་མ་འཁོར་རྒྱུགས་བྱེད་པའི་ལོ་རྒྱུས་ཡོངས་སུ་མཇུག་སྒྲིལ་ནས།  རང་ལྗོངས་ཀྱི་གཅིག་གྱུར་གློག་དྲའི་ནང་མཉམ་འདྲེས་ཐུབ་སྟེ་མངའ་རིས་ས་ཁུལ་དུ་གློག་ཁ་ཐང་བའི་གནད་དོན་ཐག་གཅོད་ཐུབ་རྒྱུ་རེད།།

  ༼  རྩོམ་སྒྲིག་ངག་དབང་། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]