དད་སེམས་ཀྱི་རྨང་གཞི་བརྟན་དུ་བཏང་ནས་འབད་འཐབ་ཀྱི་སྟོབས་ཤུགས་གཅིག་ཏུ་སྒྲིལ།

ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-10-11

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་ ༧༠ འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱིས་རང་ལྗོངས་ཀྱི་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་འཆང་ཞེས་པའི་བརྗོད་དོན་གཙོ་བོའི་སློབ་གསོ་ཁག་གཉིས་པའི་ཚན་པའི་ཏང་ཡོན་ལས་བྱེད་པ་ཚོས་ཏང་གི་ཕུགས་བསམ་དང་དད་སེམས་དང་གཞི་རྩའི་དམིགས་ཡུལ་བློ་ལ་བརྟན་པོར་འཆང་བ་དང་།  ཆབ་སྲིད་ཀྱི་ངེས་ཤུགས་བརྟན་པོར་བརྟེན་ཏེ་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་ལྗོངས་ཏང་ཨུད་ཀྱི་བླང་བྱ་ཁག་ཇི་མ་ཇི་བཞིན་ལག་བསྟར་དོན་འཁྱོལ་ཡག་པོ་བྱས་ནས་དུས་རབས་གསར་པའི་ལས་དོན་ཁག་ཡག་པོ་སྒྲུབ་པའི་བསམ་བློའི་རྨང་གཞི་བརྟན་དུ་གཏོང་བའི་སྒོ་ནས་བོད་ལྗོངས་འདི་ཉིད་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ཡོང་བར་སྔར་བས་སྐུལ་འདེད་ཡག་པོ་གཏོང་དགོས་པའི་ལྕག་སྐུལ་གནང་ཡོད།།

ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་ཨུད་ཀྱི་ཧྲུའུ་ཅི་ཨན་ཤིང་གོ་ཡིས་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས། ང་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་ནས་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་འཆང་ཞེས་པའི་བརྗོད་དོན་གཙོ་བོའི་སློབ་གསོ་དེང་སྐབས་སྤེལ་བཞིན་པའི་སློབ་སྦྱོང་གཉིས་དང་ཚད་ལོན་གཅིག  རྒྱུན་རྣམ་ཅན་དང་ལམ་ལུགས་ཅན་དུ་འགྱུར་བར་བྱེད་པ་དང་།  ཚད་ལོན་པའི་ཏང་ཡོན་དང་གདོང་ལེན་དཔེ་བཟང་བྱེད་པའི་སློབ་གསོ་གཏོང་བ།  གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ལག་ལེན་བསྟར་བ།  སྡོད་མལ་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་བྱེད་པ།  ཞིང་འབྲོག་པར་རྒྱུན་མཐུད་འབབ་འཕར་ཡོང་བ་བྱེད་པ།  ནག་སེལ་གཤེད་བཅོམ་སོགས་ལས་དོན་དང་ཟུང་འབྲེལ་བྱས་ཏེ་ཡིད་རྟོན་སྤྱོད་གསུམ་གཅིག་སྒྲིལ་ཡོང་བ་བྱེད་པ།  སློབ་བསམ་སྤྱོད་གསུམ་ཁྱོན་ཡོངས་ལ་ཁྱབ་པར་བྱེད་པ་བཅས་ཀྱི་སྒོ་ནས་བརྗོད་དོན་གཙོ་བོའི་སློབ་གསོ་དམིགས་སར་དོན་འཁྱོལ་གཏིང་ཟབ་ཡོང་བ་དང་སློབ་གསོའི་གྲུབ་འབྲས་དེ་བསམ་བློར་གོ་རྟོགས་སྤྲོས་པ་དང་ལག་ལེན་ལ་མཛུབ་ཁྲིད་བྱེད་པ།  ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་དངོས་ཡོད་ཕན་འབྲས་ལ་འགྱུར་བ་བྱ་རྒྱུ་ཡིན་ཞེས་བརྗོད།
དུས་ཆེན་ཚར་རྗེས་ལས་ཀར་སྐྱོད་པའི་ཉིན་དང་པོར་གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་ཁྲོམ་རའི་ལྟ་སྐུལ་དོ་དམ་ཅུས་ཀྱི་ཞབས་ཞུའི་ཚོམས་ཆེན་ནང་ཕར་འགྲོ་ཚུར་འོང་བྱེད་མཁན་མང་བ་དང་སྐར་ཁུང་གི་ལས་སྒྲུབ་མི་སྣས་ལས་སྒོ་ཁག་གོ་རིམ་ཡོད་པའི་སྒོ་ནས་སྒྲུབ་བཞིན་ཡོད། བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་ཚུན། ཅུས་དེས་མང་ཚོགས་ཀྱིས་དོ་སྣང་དང་དགོས་གཏུགས་ཆེ་ཤོས་ཡིན་པའི་གླེང་མང་བའི་དཀའ་གནད་ནས་འགོ་བཙུགས་ཏེ་ལས་ཕྱོད་སྔར་བས་གོང་མཐོར་གཏོང་བ་དང་། བརྒྱུད་རིམ་སྟབས་བདེ་རུ་གཏོང་བ། དུས་ཚོད་ཐུང་དུ་གཏོང་བ་བཅས་ལ་བརྟེན་ནས་དམངས་ལ་ཞབས་ཞུ་སྒྲུབ་པ་དང་དཀའ་གནད་སེལ་རྒྱུ་དེ་དམིགས་སར་དོན་འཁྱོལ་ངོ་མ་ཡོང་བར་བྱས་ཡོད།
ཅུས་དེའི་ཅུས་ཀྲང་གཞོན་པ་ཀའོ་ལུང་གིས་གསར་འགོད་པར་དམངས་ཆེད་ཁེ་ཕན་སྒྲུབ་པ་དང་དམངས་ཆེད་འགན་འཁྲི་སྒྲུབ་པའི་ཕན་འབྲས་དངོས་ལ་བརྟེན་ནས་དམངས་ཀྱི་ཡིད་ཆེས་ཐོབ་པ་བྱེད་རྒྱུ་ནི་བརྗོད་དོན་གཙོ་བོའི་སློབ་གསོ་ཡག་ཤོས་དེ་རེད་ཅེས་བརྗོད་བྱུང་། ཀའོ་ལུང་གིས་སླད་ཕྱིན་གྱི་ལས་དོན་ཁྲོད་ང་ཚོས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་དང་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ལག་བསྟར་དོན་འཁྱོལ་ཡག་པོ་བྱས་ཏེ། ལས་ཀའི་དམིགས་ཚད་དང་ཁ་ཕྱོགས་གསལ་པོ་བཟོ་བ་དང་། ཚོང་གྲོས་ལམ་ལུགས་སྒྱུར་བཅོས་དང་བདེ་འཇགས་ལྟ་འདོམས་སོགས་ཀྱི་གཙོ་གནད་ལས་དོན་མངོན་གསལ་དོད་དུ་གཏོང་བ། ཁྲོམ་རའི་ཆོག་འཐུས་ལྷུག་ཏུ་གཏོང་བ་དང་ལས་དོན་སྒྲུབ་རིང་དང་བསྒྲུབས་རྗེས་ཀྱི་ལྟ་འདོམས་ལ་ཤུགས་སྣོན་རྒྱག་པ་སོགས་ཀྱི་ཐད་འབད་བརྩོན་བྱེད་རྒྱུ་དང་དུས་མཚུངས། འཛད་སྤྱོད་པའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་དང་། སྤྱི་ཚོགས་ཀྱི་སྤྱི་པའི་ཁེ་ཕན་དང་སྤྱི་པའི་བདེ་འཇགས་སྲུང་སྐྱོང་ཡག་པོ་བྱེད་པ། འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོང་མཁན་དང་སྤུས་ཚད་དང་བདེ་འཇགས་ཀྱི་མཐའ་ཚད་སྲུང་མཁན་ཡག་པོ་ཞིག་བྱས་ཏེ། གྲོང་ཁྱེར་ཡོངས་ཀྱི་ཁྲོམ་རའི་ལྟ་འདོམས་ལས་དོན་གྱི་སྤུས་ཚད་སྔར་བས་ལེགས་པའི་ངང་གོང་འཕེལ་ཡོང་བར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བརྗོད།
རྒྱལ་ཁབ་ཀྱི་རྟེན་འབྲེལ་མཛད་སྒོ་ནི་དམངས་ཡོངས་ཀྱི་གཟི་བརྗིད་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་ ༧༠ འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་ལས་ཉིང་ཁྲི་གྲོང་ཁྱེར་སློབ་གསོ་ཅུས་ཀྱི་ལས་དོན་པ་ཀྲང་ཁའེ་ཡི་རྒྱལ་གཅེས་སྤྲོ་སེམས་འཕེལ་བ་དང་གུང་ཁྲན་ཏང་ཡོན་ཞིག་ཡིན་པའི་ངོས་ནས་འགན་འཁྲི་འཁུར་སེམས་སྔར་བས་ཆེ་རུ་ཕྱིན་ཡོད།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ངར་ཤུགས་ལྡན་ལ་མི་སེམས་ལ་སྐུལ་མ་ཐེབས་པ་ཞིག་ཡོད་པས་ང་ཚོས་རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག་མུ་མཐུད་འབད་འཐབ་བྱེད་པ་དང་།  ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་འཆང་བའི་བརྗོད་དོན་གཙོ་བོའི་སློབ་གསོའི་ནང་དོན་ལ་སྔར་བས་གོ་བ་གཏིང་ཟབ་ལེན་པར་སྐུལ་ལྕག་བཏང་ཡོད་པས།  རང་འགུལ་ངང་ལས་ཀ་དང་འཚོ་བའི་ཁྲོད་ཏང་ཡོན་གྱི་གདོང་ལེན་དཔེ་བཟང་གི་སྣེ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱ་རྒྱུ་ཡིན་ཞེས་བརྗོད་ཅིང་།  ཁོང་ནས་གསར་འགོད་པར་ངེས་པར་དུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་ལག་བསྟར་ལ་དམ་པོར་དམིགས་པ་དང་།  ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་འཆང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ལ་དམ་པོར་དམིགས་ཏེ།  བསམ་བློ་ཆབ་སྲིད་ལ་ཞུན་བརྡར་གསར་པ་ཐེབས་པ་དང་རིག་པའི་གཞུང་ལུགས་སློབ་སྦྱོང་ལ་གྲུབ་འབྲས་གསར་པ་ཐོབ་པ།  ཐོག་མའི་བསམ་འདུན་བརྟན་སྲུང་ཐད་སྔར་བས་ངེས་ཤུགས་ལྡན་པ།  འགན་འཁྲི་འཁུར་ཕོད་པར་སྔར་བས་རང་འགུལ་ཐུབ་པ།  ལས་དོན་སྒྲུབ་པར་བྱ་ཐབས་གསར་པ་ལྡན་པ་བཅས་བྱ་རྒྱུ་ཡིན།  ལས་དོན་དངོས་ཁྲོད་བརྗོད་དོན་གཙོ་བོའི་སློབ་གསོ་དེ་སློབ་གསོའི་བྱ་གཞག་འཕེལ་རྒྱས་དང་ཟུང་འབྲེལ་དམ་ཟབ་དང་སློབ་གསོའི་མ་ལག་དོ་དམ་མཐོར་གཏོང་གི་འདུ་འགོད་དང་ཟུང་འབྲེལ་བྱས་ཏེ་ལས་ཀའི་ནུས་པ་ཆེར་གཏོང་དང་ལས་ཕྱོད་མཐོ་རུ་གཏོང་རྒྱུ་ཡིན་ཞེས་བརྗོད་བྱུང་།།

  ༼  རྩོམ་སྒྲིག་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]