མདུན་སྐྱོད་ཀྱི་གོམ་སྟབས་འགོག་མི་ཐུབ།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-10-14

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

མི་དམངས་ཉིན་རེའི་ཚགས་པར་ཐོག་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་ ༧༠ འཁོར་བའི་རྟེན་འབྲེལ་ཚོགས་ཆེན་ཐོག་གནང་བའི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་སློབ་སྦྱོང་ལག་བསྟར་སྐོར་གླེང་བའི་མདུན་སྐྱོད་ཀྱི་གོམ་སྟབས་འགོག་མི་ཐུབ་ཅེས་པའི་དཔྱད་གཏམ་པའི་རྩོམ་ཡིག་སྤེལ་ཡོད་པ་རེད། 
རྩོམ་ཡིག་ནང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་ ༧༠ འཁོར་བའི་རྟེན་འབྲེལ་ཚོགས་ཆེན་ཐོག  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དེང་སྐབས་སྤྱི་ཚོགས་རིང་ལུགས་ཀྱི་ཀྲུང་གོ་འདི་ཉིད་འཛམ་གླིང་ཤར་ཕྱོགས་སུ་འགྱེང་ངེར་གནས་ཡོད་ཅིང་།  སྟོབས་ཤུགས་གང་འདྲ་ཞིག་གིས་ཀྱང་རང་རེའི་རླབས་ཆེའི་མེས་རྒྱལ་གྱི་གནས་བབས་ལ་འགྱུར་བ་གཏོང་མི་ཐུབ་ལ།  ཀྲུང་གོ་མི་དམངས་དང་ཀྲུང་ཧྭ་མི་རིགས་ཀྱི་མདུན་སྐྱོད་གོམ་སྟབས་འགོག་མི་ཐུབ་ཅེས་གསུངས་ཡོད་པ་མ་ཟད་ལོ་ངོ་བདུན་ཅུའི་ནང་ཐོབ་པའི་གྲུབ་འབྲས་ལ་བསྔགས་བརྗོད་ཀྱང་གནང་སྟེ།  རང་རེའི་མི་དམངས་ཚོའི་སྤྱི་མཐུན་རྒྱལ་ཁབ་སྲ་བརྟན་གོང་འཕེལ་གཏོང་བའི་ཆོད་སེམས་བརྟན་པོ་མཚོན་པར་གནང་བས།  ཀྲུང་གོ་མི་དམངས་ཀྱི་ཕུགས་འདུན་སྒྲུབ་པ་དང་སླར་ཡང་བྱས་རྗེས་འཇོག་པའི་སེམས་ཤུགས་སྔར་བས་འཕེལ་ཐུབ་ཡོད་ཅེས་འཁོད་ཡོད། 
རྩོམ་ཡིག་ནང་། ཀྲུང་ཧྭ་མི་རིགས་འདི་ཉིད་ཡར་ལངས་ནས་འབྱོར་ཕྱུག་དང་སྟོབས་ཆེའི་ཕྱོགས་སུ་བསྐྱོད་དེ་ལོ་རྒྱུས་རང་བཞིན་གྱི་མཆོང་སྐྱོད་བྱུང་ཡོད་ཅིང་།  དུས་རབས་ཀྱི་རྗེས་ཟིན་པ་ནས་དུས་རབས་ཀྱི་སྣེ་ཁྲིད་བར་འགྱུར་ནས་ཀྲུང་གོའི་མི་དམངས་ཚོའི་བློ་སྟོབས་དུས་རབས་ཀྱི་མདུན་གྲལ་དུ་སླེབས་ཡོད།  ང་ཚོ་ལོ་རྒྱུས་གོང་འཕེལ་གྱི་ཁྲོད་དུ་གནས་ཡོད་པས་མདུན་སྐྱོད་ཀྱི་གོམ་སྟབས་འགོག་མི་ཐུབ།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་ཧྭ་མི་རིགས་ཚོས་ཡུན་རིང་བསགས་པའི་ནུས་སྟོབས་དེ་རླབས་ཆེའི་ཀྲུང་གོའི་ཕུགས་འདུན་སྒྲུབ་པའི་ཁྲོད་སྤྱོད་དགོས་པའི་ནན་གསུངས་གནང་ཡོད།  ཀྲུང་གོའི་ཕུགས་འདུན་གྱི་ངོ་བོ་ནི་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་བའི་མི་དམངས་ཚོའི་རེ་འདོད་ཡིན་པས།  དེ་ནི་བཙན་གནོད་བྱེད་མི་རུང་བའི་བླ་མེད་ཀྱི་ཁེ་དབང་ཞིག་ཡིན།  ཀྲུང་གོའི་ཕུགས་འདུན་སྒྲུབ་རྒྱུ་ནི་མི་དམངས་ཚོའི་རེ་འདོད་དང་མཐུན་ལ་ལོ་རྒྱུས་ཀྱི་གཏན་ཚིགས་དང་མཐུན་པའི་བདེན་པའི་བྱ་གཞག་ཅིག་ཀྱང་རེད།  ང་ཚོ་དུས་རབས་ཀྱི་གོང་འཕེལ་ཁྲོད་གོང་འཕེལ་གཏོང་བཞིན་ཡོད་པས་མདུན་སྐྱོད་ཀྱི་གོམ་སྟབས་འགོག་མི་ཐུབ།  ཞི་བདེ་དང་གོང་འཕེལ།  མཉམ་ལས།  གཉིས་ཕན་བཅས་དང་མཐུན་པའི་དུས་རབས་ཀྱི་འཕེལ་རིམ་ཁྲོད།  ཀྲུང་གོས་བློ་བརྟན་འགྱུར་མེད་ངང་ཞི་བདེ་དང་གོང་འཕེལ་གྱི་འགྲོ་ལམ་ཐོག་སྐྱོད་དེ་ཐོག་མཐའ་བར་གསུམ་དུ་འཛམ་གླིང་ཞི་བདེ་སྐྲུན་མཁན་དང་འཛམ་གླིང་གོང་འཕེལ་ཁྲོད་ལེགས་སྐྱེས་འབུལ་མཁན།  རྒྱལ་སྤྱིའི་སྒྲིག་ལམ་སྲུང་མཁན་བཅས་བྱེད་རྒྱུ་རེད་ཅེས་མཛུབ་སྟོན་བྱས་ཡོད། 
རྩོམ་ཡིག་ནང་། ཀྲུང་ཧྭ་མི་རིགས་ནི་དཀའ་སྡུག་སྣ་ཚོགས་བརྒྱུད་མྱོང་བའི་རླབས་ཆེའི་མི་རིགས་ཤིག་དང་།  ཀྲུང་གོ་མི་དམངས་ནི་ལས་ལ་བརྩོན་ཞིང་དཔའ་སྟོབས་ཆེ་བའི་རླབས་ཆེའི་མི་དམངས་ཤིག  ཀྲུང་གོ་གུང་ཁྲན་ཏང་ནི་འཐབ་རྩོད་དང་རྒྱལ་ཁ་ལེན་ཕོད་པའི་རླབས་ཆེའི་ཏང་སྲིད་ཞིག་བཅས་ཡིན།  མི་རབས་མང་པོའི་འབད་བརྩོན་བརྒྱུད་ཀྲུང་གོ་མི་དམངས་དང་ཀྲུང་ཧྭ་མི་རིགས་ཀྱི་ཕུགས་འདུན་སྒྲུབ་ཐུབ་ངེས་རེད་ཅེས་མཛུབ་སྟོན་བྱས་ཡོད།།

  ༼  རྩོམ་སྒྲིག་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]