སྟོབས་ཤུགས་གཅིག་ཏུ་སྒྲིལ་ནས་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་བྱེད།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-10-25

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ནས་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་མཐོན་གྱི་གཟེངས་བསྟོད་ཚོགས་ཆེན་ཐོག  ཏང་གིས་འགོ་འཁྲིད་རྒྱུ་རྒྱུན་འཁྱོངས་བྱས་ནས་ཏང་གི་མི་རིགས་རིག་གཞུང་དང་མི་རིགས་སྲིད་ཇུས་ལ་སློབ་སྦྱོང་།  དེ་བཞིན་མི་རིགས་མཐུན་སྒྲིལ་ལ་སློབ་གསོ་རྒྱག་ཤུགས་ཆེ་རུ་བཏང་སྟེ།  མི་རིགས་མཐུན་སྒྲིལ་ཡར་མཐོན་གྱི་ལས་དོན་ཡག་པོ་སྒྲུབ་དགོས་པ་དང་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཚོའི་བསམ་སྦྱོར་གཉིས་ཀ་ཏང་ཀྲུང་དབྱང་གི་འཐབ་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བ་བྱས་ནས།  མི་རིགས་ཁག་གི་མང་ཚོགས་ཚོས་རླབས་ཆེའི་མེས་རྒྱལ་དང་ཀྲུང་ཧྭ་མི་རིགས།  ཀྲུང་ཧྭ་ཡི་རིག་གནས།  ཀྲུང་གོ་གུང་ཁྲན་ཏང་།  ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལ་མོས་པ་བྱེད་ཚད་ཆེ་དུ་གཏོང་དགོས་པའི་ནན་གསུངས་གནང་ཡོད་པས།  རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་སྲིད་གྲོས་ཀྱི་ཨུ་ཡོན་ཚོས་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་བྱ་རྒྱུ་དེ་མི་རིགས་ཁག་གི་ཁེ་ཕན་ཆེ་ཤོས་སུ་བརྩིས་ནས་རང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་མཐོན་གྱི་བྱ་གཞག་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བཞིན་ཡོད།།

  ༼  རྩོམ་སྒྲིག་ངག་དབང་། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]