ཁག་དགུ་པ། སྤྱི་མཐུན་རྒྱལ་ཁབ་ཀྱིས་རྒྱལ་སྤྱིའི་གར་སྟེགས་ཐོག་ཏུ་སྐྱོད་པ།

ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-09-21

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཀྲུང་གོ་གསར་པའི་ཐུན་མོང་མ་ཡིན་པའི་ལོ་ཟླ་སྟེ་བརྗིད་ཆགས་ཡིད་འོང་གི་ལོ་ངོ་བདུན་བཅུ།  འབད་འབུངས་ཡར་བརྩོན་གྱི་དུས་རབས་གསར་པ་ཞེས་པའི་ལེ་ཚན་ཁག་དགུ་པ་སྤྱི་མཐུན་རྒྱལ་ཁབ་ཀྱིས་རྒྱལ་སྤྱིའི་གར་སྟེགས་ཐོག་ཏུ་སྐྱོད་པ།

ཀྲུང་གོ་གསར་པ་དབུ་བརྙེས་པའི་ཐོག་མའི་དུས་མཚམས་སུ་མའོ་ཙེ་ཏུང་གིས།  ཁང་པར་གད་དར་གཙང་མ་བྱས་ཏེ་སྐུ་མགྲོན་བསུ་དགོས་པའི་ཕྱི་འབྲེལ་སྲིད་ཇུས་བཏོན་ཡོད་པ་དེའི་ཐོག་ནས།  བརྙས་བཅོས་མྱོང་བའི་ཕྱི་འབྲེལ་གྱི་གནས་བབ་ལས་གྲོལ་ཐུབ་པ་བྱེད་པའི་ཆོད་སེམས་དང་ཕྱི་འབྲེལ་ལས་དོན་སྤེལ་རྒྱུའི་གཞི་རྩའི་ཐབས་ཇུས་མཚོན་པ་གནང་ཡོད།

ཁྲའོ་ཤན་དམག་མཚམས་བཞག་རྗེས་རྒྱལ་སྤྱིའི་དུས་བབ་ཅུང་ཞི་ལྷོད་དུ་ཕྱིན་ནས་ཀྲུང་གོ་གསར་པའི་དབང་གྲགས་རིམ་བཞིན་ཇེ་ཆེར་ཕྱིན་པ་དང་།  ཀྲུང་གོ་སྲིད་གཞུང་གིས་སྔ་རྗེས་སུ་ཀི་ནེ་ཝའི་གྲོས་ཚོགས་དང་དབན་ལུང་གྲོས་ཚོགས་ལ་ཞུགས་མཁན་འཐུས་མི་ཚོགས་པ་མངགས་པ་དེ་ནི་ཀྲུང་གོ་གསར་པས་རྒྱལ་སྤྱིའི་གར་སྟེགས་ཐོག་སྐྱོད་པའི་ལེགས་གྲུབ་ལྡན་པའི་ལག་ལེན་ཞིག་ཡིན།
ཀྲའུ་ཨན་ལེས་ཚོགས་པའི་སྣེ་ཁྲིད་དེ་སྤྱི་ལོ ༡༩༥༤ ལོའི་ཟླ་བ་བཞི་པ་ནས་བདུན་པའི་བར་གྱི་ཇི་ནེ་ཝའི་ཚོགས་འདུར་ཞུགས་པ་དེ།  ཀྲུང་གོ་གསར་པ་དེ་ཉིད་རྒྱལ་ཁབ་ཆེན་པོ་ལྔའི་གྲས་ཞིག་ཡིན་པའི་གནས་བབ་དང་ཐོབ་ཐང་གི་ཐོག་ནས་རྒྱལ་སྤྱིའི་ཚོགས་འདུར་ཞུགས་ཐེངས་དང་པོ་དེ་ཡིན།  དེའི་རིང་ཀྲའུ་ཨན་ལེས་མཛད་བྲེལ་ཆེན་པོས་རྒྱལ་ཁབ་ཁག་གི་འཐུས་མི་དང་འགྲོ་སྐྱོད་གྲོས་བསྡུར་ཐེངས་མང་གནང་སྟེ།  བྲེལ་འཚུབ་ཕྱི་འབྲེལ་བཙུགས་གནང་བ་དང་ཕྱོགས་མང་པོའི་ཐད་ནས་འབད་བརྩོན་བྱས་པ་བརྒྱུད་ཚོགས་འདུའི་ཐོག་ཇི་ནེ་ཝའི་གྲོས་ཚོགས་ཀྱི་མཐའ་མའི་བསྒྲགས་གཏམ་ཞེས་པར་གྲོས་འཆམ་བྱུང་བ་དང་།  རྒྱ་གར་ཀྲེ་ནར་( དེང་ཀྲུང་གོའི་ལྷོ་ཕྱོགས་སུ་ཡོད་པའི་ཕྱེད་གླིང་ཐོག་གི་རྒྱལ་ཁབ་ཁག )གཞི་རྩའི་ཆ་ནས་ཞི་བདེ་སླར་གསོ་ཐུབ་ཡོད།  ཚོགས་རའི་ཕྱིར་ཀྲའུ་ཨན་ལེས་གོ་སྐབས་ཡོད་ཚད་བེད་སྤྱད་དེ་རྒྱལ་ཁབ་ཁག་གི་འཐུས་མི་ཚོགས་པ་དང་ཕྱོགས་ཁག་གི་མི་སྣའི་དབར་ཐུག་འཕྲད་གནང་བས།  ཚོགས་ཞུགས་མི་སྣ་དང་ལྷག་པར་དུ་ཀྲུང་གོ་གསར་པར་འབྲེལ་བ་བྱེད་མྱོང་མེད་པ་དང་དེ་སྔོན་དོགས་པ་བྱེད་མཁན་ཚོར་ཁོང་ནི་བློ་དཀར་གཞུང་དྲང་དང་སྤྱང་གྲུང་ལྡན་ལ་ཉམས་དོད་པ་བཅས་ཀྱི་གཟུགས་བརྙན་མངོན་ཡོད་པས།  ཚང་མར་ཤིན་ཏུ་ཟབ་པའི་བག་ཆགས་ཤིག་བཞག་གནང་ཡོད།
ཚོགས་འདུའི་བར་གསེང་དུ་ཀྲའུ་ཨན་ལེས་རྒྱ་གར་དང་འབར་མར་འཚམ་འདྲི་གནང་ནས་ཁག་སོ་སོར་རྒྱལ་ཁབ་དེ་གཉིས་ཀྱི་ཙུང་ལི་དང་མཉམ་འབྲེལ་གསལ་བསྒྲགས་སྤེལ་ཏེ།  ཞི་བདེ་མཉམ་གནས་ཀྱི་རྩ་དོན་ལྔ་དར་སྤེལ་བཏང་གནང་བ་རེད།  རྩ་དོན་ལྔའི་གཞི་རྩའི་ནང་དོན་ནི།  བདག་དབང་དང་མངའ་ཁོངས་ཆ་ཚང་ལ་ཕན་ཚུན་བརྩི་འཇོག་དང་།  ཕན་ཚུན་བཙན་གནོན་མི་བྱེད་པ།  ཕན་ཚུན་ནང་སྲིད་ལ་ཐེ་གཏོགས་མི་བྱེད་པ།  འདྲ་མཉམ་གཉིས་ཕན་བྱེད་པ།  ཞི་བདེ་མཉམ་གནས་ཐུབ་པ་བཅས་ཡིན།  ནང་དོན་དེ་དག་རིམ་བཞིན་རྒྱལ་སྤྱིའི་འབྲེལ་བ་ཐག་གཅོད་བྱེད་པའི་ཡོངས་ཁྱབ་ཚད་འཛིན་བྱེད་སར་གྱུར་ཡོད།
སྤྱི་ལོ ༡༩༥༥ ལོའི་ཟླ་བཞི་པར་ཀྲའུ་ཨེན་ལེས་སླར་ཡང་རུ་སྣེ་ཁྲིད་དེ་ཧིན་ཏུ་ཉི་ཤི་ཡའི་དབན་ལུང་དུ་ཚོགས་པའི་ཨེ་ཤི་ཡ་གླིང་དང་ཨ་ཧྥེ་རི་ཁ་གླིང་གི་ཚོགས་འདུར་ཞུགས་པ་དང་།  ཚོགས་ཞུགས་རྒྱལ་ཁབ་ཁག་ཅིག་གིས་ཀྲུང་གོ་གསར་པར་རྒྱུས་མངའ་མེད་པས་གཏམ་བཤད་གནང་སྐབས།  གུང་ཁྲན་རིང་ལུགས་ལ་སྐྱོན་བརྗོད་དང་རྒོལ་གཏམ་བཏང་བར་དམིགས་ཏེ་ཀྲའུ་ཨེན་ལེས་གཏམ་བཤད་གནང་མ་ཐག  ཀྲུང་གོའི་འཐུས་མི་ཚོགས་པ་ནི་འདི་གར་མཐུན་སྒྲིལ་ཡོང་རེ་བྱེད་པར་ཡོང་བ་ལས་ཁ་རྩོད་རྒྱག་པར་ཡོང་བ་ཞིག་གཏན་ནས་མིན་ཞེས་གསལ་བཏོན་གནང་བ་རེད།  ཀྲའུ་ཨེན་ལེའི་གཏམ་བཤད་དེས་ཚོགས་འདུའི་ཛ་དྲག་གི་རྣམ་པར་འགྱུར་ལྡོག་བྱུང་ནས་མཐར་ཨེ་ཤི་ཡ་དང་ཨ་ཧྥེ་རི་ཁའི་ཚོགས་འདུའི་མཐའ་མའི་སྤྱི་བསྒྲགས་ཞེས་པར་གྲོས་མཐུན་བྱུང་སྟེ།  འཛམ་གླིང་ཞི་བདེ་དང་མཉམ་ལས་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་རྩ་དོན་བཅུ་བཏོན་ཡོད་པས་དོན་དངོས་ཐོག་ཞི་མཐུན་མཉམ་གནས་ཀྱི་རྩ་དོན་ལྔར་སྔར་བས་གསལ་སྟོན་དང་རྒྱ་སྐྱེད་བཏང་བ་ཞིག་ཡིན།
དབན་ལུང་གྲོས་ཚོགས་ཐོག་མཐུན་སྒྲིལ་དང་མཛའ་གྲོགས།  མཉམ་ལས་བཅས་བྱེད་པའི་དབན་ལུང་གི་སྙིང་སྟོབས་མངོན་ནས་ཨེ་ཤི་ཡ་དང་ཨ་ཧྥེ་རི་ཁ་རྒྱལ་ཁབ་ཁག་གི་མི་དམངས་ཀྱིས་ཞི་མཐུན་མཉམ་གནས་བྱེད་ལ།  མི་སེལ་སྤེལ་བའི་ལམ་ལུགས་ལ་ངོ་རྒོལ་བྱེད་པའི་ལོ་རྒྱུས་རང་བཞིན་གྱི་ལེའུ་གསར་པ་གཏོད་ཡོད་པས།  ཀྲུང་གོ་གསར་པས་ཀྱང་རྒྱལ་སྤྱིའི་གྲོགས་པོ་དེ་བས་མང་བ་བརྩོན་ལེན་ཐུབ་ཡོད་པ་རེད།།

  ༼  རྩོམ་སྒྲིག་ནོར་བུ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]