ཁག་བརྒྱད་པ། བཟོ་ལས་རྒྱལ་ཁབ་ཀྱི་དམིགས་ཡུལ་ཕྱོགས་སུ་བསྐྱོད་པ།

ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-09-15

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཀྲུང་གོ་གསར་པའི་སྤྱིར་བཏང་མ་ཡིན་པའི་ལོ་ཟླ་སྟེ་བརྗིད་ཆགས་ཡིད་འོང་གི་ལོ་ངོ་བདུན་ཅུ། འབད་འབུངས་ཡར་བརྩོན་གྱི་དུས་རབས་གསར་པ་ཞེས་པའི་ལེ་ཚན་ཁག་བརྒྱད་པ་བཟོ་ལས་རྒྱལ་ཁབ་ཀྱི་དམིགས་ཡུལ་ཕྱོགས་སུ་བསྐྱོད་པ།

སྤྱི་ལོ ༡༩༥༣ ལོའི་ཟླ ༡༠ ཚེས ༢༧ ཉིན་གསར་དུ་སྐྲུན་ཟིན་པའི་ཨན་ཧྲན་ངར་ལྕགས་ཀུང་སིའི་སྲུབས་མེད་ལྕགས་མདོང་བཟོ་གྲྭའི་རླངས་དུང་གི་སྐད་སྒྲ་དང་འགྲོགས་ཏེ།  རང་རྒྱལ་གྱི་སྲུབས་མེད་ལྕགས་མདོང་དང་པོ་དེ་ཐོན་སྐྱེད་ཐུབ་པ་དེའི་ཐོག་ནས།  རང་རྒྱལ་འདི་ཉིད་བཟོ་ལས་རྒྱལ་ཁབ་ཏུ་གྱུར་བ་བྱེད་པའི་ལམ་བུའི་ཕྱོགས་སུ་གོམ་སྟབས་བརྟན་པོ་ཞིག་སྤོས་པ་མཚོན་གྱི་ཡོད།
ཀྲུང་གོ་གསར་པ་དབུ་བརྙེས་པའི་དུས་འགོར་རང་རྒྱལ་གྱི་བཟོ་ལས་ཀྱི་རྨང་གཞི་ཧ་ཅང་ཞན་པོ་ཡིན་པ་དང་།  ལྕགས་གདོང་རིགས་ཀྱི་བཟོ་ལས་ཐོན་རྫས་ཐོན་སྐྱེད་ཐུབ་ཀྱི་མེད་པ་རེད།  སྤྱི་ལོ ༡༩༥༢ ལོར་རྒྱལ་དམངས་དཔལ་འབྱོར་སླར་གསོ་བྱུང་རྗེས།  དེང་རབས་བཟོ་ལས་ཀྱིས་རང་རྒྱལ་གྱི་བཟོ་ཞིང་ལས་རིགས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་ཁྲོད་བསྡུར་གྲངས་བཟུང་ཚད་ཀྱང་བརྒྱ་ཆ ༢༦.༦ ལས་ཟིན་གྱི་མེད་པ་དང་།  ལྕི་བའི་བཟོ་ལས་ཀྱིས་བཟོ་ལས་ཀྱི་སྤྱིའི་ཐོན་རྫས་རིང་ཐང་ཁྲོད་བསྡུར་གྲངས་བཟུང་ཚད་བརྒྱ་ཆ ༣༥.༥ ལས་ཟིན་གྱི་མེད་པས།  སྤྱི་ལོ ༡༩༥༣ ལོ་ནས་སྤྱི་ལོ ༡༩༥༧ ལོ་བར་གྱི་ཀྲུང་གོ་གསར་པའི་ལོ་ལྔ་ཚན་གྱི་འཆར་གཞི་དང་པོའི་དམིགས་ཡུལ་ནི་སྔོན་ལ་ལྕི་བའི་བཟོ་ལས་གོང་འཕེལ་བཏང་ནས།  བཟོ་ལས་ཅན་སྔ་ཙམ་མངོན་འགྱུར་ཐུབ་པ་བྱེད་རྒྱུ་དེ་རེད།
སྤྱི་ལོ ༡༩༥༤ ལོར་ཀྲུང་གོ་དང་སུའུ་ལན་ཕྱོགས་གཉིས་པོས་ལོ་ལྔ་ཚན་གྱི་འཆར་གཞི་དང་པོའི་དུས་སུ་སུའུ་ལན་ནས་རོགས་སྐུན་བྱས་པའི་ངར་ལྕགས་དང་རྡོ་སོལ་གཏེར་ཁ།  འཕྲུལ་ཆས་ལྗིད་རིགས།  འདྲུད་འཐེན་འཕྲུལ་འཁོར་བཟོ་སྐྲུན་སོགས་དང་འབྲེལ་བའི་གཙོ་གནད་ལས་གཞི ༡༥༦ གཏན་འཁེལ་བྱས་པ་དང་།  སྤྱི་ལོ ༡༩༥༥ ལོའི་ཟླ ༧ པར་མི་དམངས་འཐུས་ཚོགས་སྐབས་དང་པོའི་ཚོགས་འདུ་ཐེངས་གཉིས་པའི་ཐོག་རྒྱལ་དམངས་དཔལ་འབྱོར་གོང་འཕེལ་གཏོང་རྒྱུའི་སྐོར་གྱི་ལོ་ལྔ་ཚན་གྱི་འཆར་གཞི་དང་པོར་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་རེད།  ལོ་ལྔའི་ནང་དཔལ་འབྱོར་དང་རིག་གནས་འཛུགས་སྐྲུན་ཐད་རྒྱལ་ཁབ་ཀྱིས་མ་དངུལ་སྒོར་དུང་ཕྱུར ༧༦༦.༤ བཏང་ཡོད་པ་དེ་གསེར་ལ་ཕབ་ན་གསེར་སྲང་དུང་ཕྱུར་བདུན་ལྷག་ཙམ་ཟིན་གྱི་ཡོད་པས།  མ་འཇོག་བྱེད་ཤུགས་ཆེན་པོ་འདི་འདྲ་ཀྲུང་གོའི་ལོ་རྒྱུས་ཐོག་གི་རྒྱལ་རབས་དང་སྲིད་གཞུང་གང་གི་དུས་སུ་ཡང་བྱུང་མྱོང་མེད་པ་ཞིག་ཡིན།
ལོ་ལྔ་ཚན་གྱི་འཆར་གཞི་དང་པོ་དེས་ལས་རིགས་ཁག་གི་ངལ་རྩོལ་པའི་ཧུར་སེམས་སྐོང་འཐེན་ཆེན་པོ་བྱས་པ་དང་།  ཀྲུང་གོ་གསར་པའི་བཟོ་ལས་ལོ་རྒྱུས་ཐོག་གཙོ་གནད་གནས་བབ་བཟུང་བའི་བཟོ་ལས་ཐོན་རྫས་མང་པོ་ཞིག་ཐོན་སྐྱེད་ཐུབ་ཡོད།  སྤྱི་ལོ ༡༩༥༤ ལོའི་ཟླ ༧ པར་དམའ་རིམ་སློབ་སྦྱོང་གནམ་གྲུ་ཨང་ལྔ་པ་རྟགས་ཅན་ཚོད་ལྟ་འཕུར་བསྐྱོད་ཐུབ་པའི་ཐོག་ནས་ཀྲུང་གོའི་མཁའ་འགྲུལ་བཟོ་ལས་དེ་ཉམས་གསོ་བྱེད་ཤེས་པ་ཙམ་ནས་ཐོན་སྐྱེད་ཐུབ་པའི་དུས་མཚམས་སུ་མཆོང་བསྐྱོད་ཐུབ་པ་མཚོན་གྱི་ཡོད་པ་དང་།  སྤྱི་ལོ ༡༩༥༦ ལོའི་ཟླ ༦ པར་ཐེག་ཚད་ཀྲོན ༤ ཟིན་པའི་བཅིངས་འགྲོལ་རྟགས་ཅན་གྱི་ལྗིད་ཐེག་རླངས་འཁོར་ཚོད་ལྟ་ཐོན་སྐྱེད་ཐུབ་པའི་ཐོག་ནས།  རང་རྒྱལ་གྱིས་རླངས་འཁོར་ཐོན་སྐྱེད་ལག་རྩལ་ཁོང་དུ་ཆུད་འགོ་ཚུགས་པ་མཚོན་གྱི་ཡོད་ཅིང་།  སྤྱི་ལོ ༡༩༥༦ ལོའི་ཟླ ༩ པར་རང་རྒྱལ་གྱིས B2-34 རྟགས་ཅན་གྱི་འབྲིང་རིགས་ཐཱན་གེའི་ཨིན་ཇི་ཐོན་སྐྱེད་བྱས་པ་དེས།  ཀྲུང་གོས་ཐཱན་གེའི་ཨིན་ཇི་བཟོ་མི་ཐུབ་པའི་ལོ་རྒྱུས་མཇུག་སྒྲིལ་བ་རེད།
སྤྱི་ལོ ༡༩༥༧ ལོའི་ལོ་མཇུག་ཏུ།  ལོ་ལྔ་ཚན་གྱི་འཆར་གཞི་དང་པོའི་དམིགས་ཚད་མང་ཆེ་བ་ཚད་ལས་བརྒལ་ཏེ་ལེགས་སྒྲུབ་ཟིན་ཞིང་།  ཀྲུང་གོ་རྙིང་པར་མེད་པའི་དེང་རབས་བཟོ་ལས་རྐང་འཛིན་ཚན་པ་མང་པོ་ཞིག་བཙུགས་པ་དང་།  རང་རྒྱལ་གྱི་བཟོ་ལས་ཐོན་སྐྱེད་ནུས་པ་ཆེ་རུ་ཤུགས་ཆེ་ཕྱིན་ནས་བཟོ་ལས་ལུགས་མཐུན་མ་ཡིན་པའི་རྣམ་པར་འགྱུར་ལྡོག་རགས་ཙམ་བྱུང་ཡོད།།

  ༼  རྩོམ་སྒྲིག་ནོར་བུ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]