ཁག་བཅུ་པ། དེང་རབས་ཅན་དང་ཚད་ལྡན་ཅན་གྱི་རྒྱལ་སྲུང་དམག་འཛུགས་སྐྱོང་བྱས།

ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-09-22

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཀྲུང་གོ་གསར་པའི་སྤྱིར་བཏང་མ་ཡིན་པའི་ལོ་ཟླ་སྟེ་བརྗིད་ཆགས་ཡིད་འོང་གི་ལོ་ངོ་བདུན་བཅུ།  འབད་འབུངས་ཡར་བརྩོན་གྱི་དུས་རབས་གསར་པ་ཞེས་པའི་ལེ་ཚན་ཁག་བཅུ་པ་གསར་བརྗེ་ཅན་དང་དེང་རབས་ཅན། ཚད་ལྡན་ཅན་བཅས་ཀྱི་རྒྱལ་སྲུང་དམག་འཛུགས་སྐྱོང་བྱས། 

སྤྱི་ལོ ༡༩༥༥ ལོའི་ཟླ ༩ པའི་ཚེས ༢༧ ཉིན་གྱི་ཕྱི་དྲོ།  ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞིས་དམག་རིམ་གོ་གནས་དང་བྱས་རྗེས་གཟེངས་རྟགས་སྤྲོད་པའི་མཛད་སྒོ་པེ་ཅིན་ཀྲུང་ནན་ཧའེ་ཧོད་རིན་ཐང་དུ་གཟབ་རྒྱས་ངང་འཚོགས་པ་དང་།  དུས་དེ་ནས་བཟུང་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གིས་དམག་མིའི་གོ་གནས་ལམ་ལུགས་དངོས་སུ་ལག་བསྟར་བྱས་ཡོད།
དེ་ཉིན་ཕྱི་དྲོ།  ཀྲུའུ་ཞི་མའོ་ཙེ་ཏུང་གིས་ཀྲུའུ་ཏེ་དང་ཕིང་ཏེ་ཧོལ་སོགས་བླ་མེད་ཀྱི་བྱས་རྗེས་འཇོག་མཁན་མཐོ་རིམ་དམག་དཔོན་ལ་དམག་སྤྱི་ཆེ་མོའི་གོ་གནས་བསྩལ་གནང་བ་དང་།  དེ་རྗེས་མའོ་ཙེ་ཏུང་ནས་སླར་ཡང་མི་དམངས་གསར་བརྗེའི་དམག་འཐབ་ནང་བྱས་རྗེས་འཇོག་མཁན་ཚོར་རིམ་པ་མི་འདྲ་བའི་བྱས་རྗེས་གཟེངས་རྟགས་སྣ་ཚོགས་བསྩལ་གནང་བ་རེད།  དེ་ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཀྱང་ཅང་རིམ་པའི་དམག་དཔོན་ལ་དམག་རིམ་གོ་གནས་དང་བྱས་རྗེས་གཟེངས་རྟགས་སྤྲོད་པའི་མཛད་སྒོ་འཚོགས་པ་དང་།  ཙུང་ལི་ཀྲའུ་ཨན་ལེས་སུའུ་ཡུས་སོགས་པེ་ཅིན་དུ་ཡོད་པའི་དམག་དཔོན་ཁག་ལ་ཏའ་ཅང་དང་ཧྲང་ཅང་།  ཀྲུང་ཅང་།  ཧྲའོ་ཅང་བཅས་ཀྱི་གོ་གནས་སྣ་ཚོགས་བསྩལ་བ་དང་།  དེ་རྗེས་དམག་ཁུལ་ཁག་གིས་ཀྱང་སྔ་རྗེས་སུ་གོ་གནས་སྤྲོད་པའི་མཛད་སྒོ་འཚོགས་པ་རེད།
མའོ་ཙེ་ཏུང་ནས་སྤྱི་ལོ ༡༩༤༩ ལོར།  དཔའ་ངར་ཞུམ་མེད་ཀྱི་མི་དམངས་བཅིངས་འགྲོལ་དམག་གི་རྨང་གཞིའི་ཐོག་ཐོན་པའི་རང་རེའི་མི་དམངས་དྲག་ཆས་སྟོབས་ཤུགས་དེ་ངེས་པར་དུ་སྲ་བརྟན་དང་གོང་འཕེལ་བཏང་ནས།  ང་ཚོར་སྐམ་དམག་སྟོབས་ཆེན་ཞིག་ཡོད་པའི་རྨང་གཞིའི་ཐོག་མཁའ་དམག་དང་མཚོ་དམག་སྟོབས་ཆེན་ཞིག་ཀྱང་ཡོད་དགོས་ཀྱི་རེད་ཅེས་གསུངས་མྱོང་ཡོད།  སྤྱི་ལོ ༡༩༤༩ ལོའི་ཟླ ༡༡ པར།  མཁའ་དམག་འགོ་ཁྲིད་ཚན་པ་དངོས་སུ་དབུ་བརྙེས་པ་དང་ཕྱི་ལོའི་ཟླ ༤ པར་མཚོ་དམག་གི་འགོ་ཁྲིད་ཚན་པ་ཡང་དབུ་བརྙེས་པ་རེད།  སྤྱི་ལོ ༡༩༥༠ ལོར་མེ་སྒྱོགས་དམག་དང་བཟོ་སྐྲུན་དམག  མཁའ་འགོག་དམག་སོགས་དམག་རིགས་ཁག་རིམ་པས་བཙུགས་པ་དང་དེ་རྗེས་ད་དུང་ལྕགས་ལམ་དམག་གི་འགོ་ཁྲིད་ལས་ཁུངས་བཙུགས་པ་རེད། 
ལོ་ཁ་ཤས་འབད་བརྩོན་བྱས་པ་བརྒྱུད་མཁའ་དམག་གིས་མཁའ་འཐབ་ཁྲི་ཤོག་དམག་དང་དེ་མིན་གྱི་མཁོ་སྒྲུབ་དཔུང་སྡེ་བཙུགས་པ་དང་།  མཚོ་དམག་གིས་ཀྱང་ཆུ་ངོས་དམག་གྲུ་རུ་ཁག་དང་མཁའ་འཐབ་དམག་བཙུགས་པ།  སྐམ་དམག་གི་ལག་རྩལ་དཔུང་རིགས་ཁག་ཀྱང་གཞི་ཁྱོན་ངེས་ཅན་ཞིག་ཆགས་ནས་ཡོད།  མི་དམངས་བཅིངས་འགྲོལ་དམག་འདི་ཉིད་དམག་རིགས་སྣ་ཚོགས་ཡོད་པ་ཞིག་ཏུ་གྱུར་བ་དང་འབྲེལ།  མེ་ཤུགས་འཕུར་མདའ་དང་རྡུལ་ཕྲན་སོགས་ཀྱི་རྒྱལ་སྲུང་ལག་རྩལ་ཞིབ་འཇུག་བྱེད་འགོ་ཚུགས་ཤིང་།  ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་དམག་དོན་སློབ་གླིང་དང་རྒྱབ་ཕྱོགས་མཁོ་སྒྲུབ་སློབ་གླིང་།  སྤྱི་ཁྱབ་མཐོ་རིམ་རྐང་དམག་སློབ་གྲྭ།  དམག་དོན་བཟོ་སྐྲུན་སློབ་གླིང་།  ཆབ་སྲིད་སློབ་གླིང་སོགས་དེང་རབས་དམག་འཐབ་ཀྱི་དགོས་མཁོ་དང་འཚམས་པའི་ཤེས་ལྡན་པ་གསོ་སྐྱོང་བྱེད་པའི་རིགས་ཁག་གི་སློབ་གྲྭ་རིམ་བཞིན་བཙུགས་པས་ཅུང་འཐུས་སྒོ་ཚང་བའི་སློབ་གླིང་གི་མ་ལག་ཅིག་རགས་ཙམ་གྲུབ་ཡོད། 
དེ་ནས་བཟུང་མི་དམངས་བཅིངས་འགྲོལ་དམག་དེ་ཉིད་གསར་བརྗེ་ཅན་དང་དེང་རབས་ཅན།  ཚད་ལྡན་ཅན་བཅས་ཀྱི་ཕྱོགས་སུ་འཛུགས་སྐྱོང་བྱེད་པའི་སྐས་རིམ་གསར་པ་ཞིག་ཏུ་སླེབས་ཡོད།།

  ༼  རྩོམ་སྒྲིག་ནོར་བུ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]