ཁག་བཅུ་གཉིས་པ། སྤྱི་ཚོགས་རིང་ལུགས་བསྒྱུར་སྐྲུན་ལེགས་གྲུབ་བྱུང་བ།

ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-09-28

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཀྲུང་གོ་གསར་པའི་སྤྱིར་བཏང་མ་ཡིན་པའི་ལོ་ཟླ་སྟེ་བརྗིད་ཆགས་ཡིད་འོང་གི་ལོ་ངོ་བདུན་ཅུ།  འབད་འབུངས་ཡར་བརྩོན་གྱི་དུས་རབས་གསར་པ་ཞེས་པའི་ལེ་ཚན་ཁག་བཅུ་གཉིས་པ་སྤྱི་ཚོགས་རིང་ལུགས་བསྒྱུར་སྐྲུན་ལེགས་གྲུབ་བྱུང་བ། 

སྤྱི་ལོ ༡༩༥༦ ལོའི་ཟླ་དང་པོའི་ཚེས ༡༥ ཉིན།  པེ་ཅིང་གི་ལས་རིགས་ཁག་གི་མི་ཁྲི་ཚོ ༢༠ ལྷག་ཙམ་གྱིས་གནམ་བདེ་སྒོ་མོའི་ཐང་ཆེན་དུ་སྤྱི་ཚོགས་རིང་ལུགས་བསྒྱུར་སྐྲུན་ལེགས་གྲུབ་བྱུང་བར་རྟེན་འབྲེལ་ཞུ་བའི་མཉམ་སྤྲོའི་ཚོགས་ཆེན་འཚོགས་པ་དང་།  མའོ་ཙེ་ཏུང་སོགས་ཀྲུང་དབྱང་གི་དབུ་ཁྲིད་བློ་མཐུན་རྣམས་ཚོགས་ཆེན་ལ་ཕེབས་ཡོད།  ཚོགས་འདུའི་ཐོག་པེ་ཅིང་གྲོང་ཁྱེར་གྱི་གྲོང་སྤྱི་ཕེང་ཀྲེན་ནས་ང་ཚོའི་རྒྱལ་ས་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་ཕྱོགས་སུ་སྐྱོད་ཟིན་ཞེས་ཁྱབ་བསྒྲགས་གནང་བ་དང་།  ཀྲུང་གོའི་ས་ཕྱོགས་གང་སར་དགའ་སྤྲོའི་རྣམ་པའི་ཐོག་ནས་སྤྱི་ཚོགས་རིང་ལུགས་བསྒྱུར་སྐྲུན་ལེགས་གྲུབ་བྱུང་བར་རྟེན་འབྲེལ་ཞུས་ཡོད། 
སྤྱི་ཚོགས་རིང་ལུགས་ལམ་བུའི་ཐོག་སྐྱོད་པ་ནི་ཀྲུང་གོའི་མི་དམངས་ཀྱི་ལོ་རྒྱུས་ཀྱི་བདམས་ཁ་ཞིག་ཡིན་པ་དང་།  སྤྱི་ལོ ༡༩༥༣ ལོར་ཀྲུང་གུང་ཀྲུང་དབྱང་གིས་བར་བརྒལ་དུས་སྐབས་ཀྱི་སྤྱིའི་ལམ་ཕྱོགས་དངོས་སུ་བཏོན་པ་དང་།  སྤྱིའི་ལམ་ཕྱོགས་ཀྱི་མཛུབ་ཁྲིད་འོག་སྤྱི་ཚོགས་རིང་ལུགས་བསྒྱུར་སྐྲུན་བྱེད་འགོ་ཚུགས་པ་རེད།  ཞིང་ལས་ཐད་སྤྱིར་བཏང་རོགས་རེས་ཚོགས་ཆུང་དང་དམའ་རིམ་ཞིང་ལས་ཐོན་སྐྱེད་མཉམ་ལས་ཁང་།  མཐོ་རིམ་ཞིང་ལས་ཐོན་སྐྱེད་མཉམ་ལས་ཁང་བཅས་ཀྱི་དུས་མཚམས་ཁ་ཤས་བརྒྱུད་མྱོང་བ་དང་།  ལག་ཤེས་བཟོ་ལས་ཐད་སྤྱིར་བཏང་ཐོན་སྐྱེད་མཉམ་ལས་ཚོགས་ཆུང་དང་ལག་ཤེས་བཟོ་ལས་མཁོ་འདོན་ཕྱིར་ཚོང་མཉམ་ལས་ཁང་།  ལག་ཤེས་བཟོ་ལས་ཐོན་སྐྱེད་མཉམ་ལས་ཁང་བཅས་ཀྱི་དུས་མཚམས་ཁ་ཤས་བརྒྱུད་མྱོང་བ།   མ་རྩ་རིང་ལུགས་ཀྱི་བཟོ་ཚོང་ལས་རིགས་ཐད་དམའ་རིམ་རྒྱལ་ཁབ་མ་རྩ་རིང་ལུགས་རྣམ་པ་ནས་མཐོ་རིམ་རྒྱལ་ཁབ་མ་རྩ་རིང་ལུགས་བར་གྱི་གོང་འཕེལ་རྒྱུད་རིམ་བརྒྱུད་མྱོང་བ་བཅས་རེད། 
སྤྱི་ལོ ༡༩༥༦ ལོའི་ལོ་མཇུག་བར་མཉམ་ལས་ཁང་ནང་ཞུགས་མཁན་ཞིང་དུད་ཀྱིས་རྒྱལ་ཡོངས་ཞིང་དུད་སྤྱི་འབོར་གྱི་བརྒྱ་ཆ ༩༦.༣ ཟིན་གྱི་ཡོད་པ་དང་།  མཉམ་ལས་ཁང་ནང་ཞུགས་མཁན་ལག་ཤེས་པས་ལག་ཤེས་པ་ཡོངས་ཀྱི་བརྒྱ་ཆ ༩༡.༧ ཟིན་པ།  རྒྱལ་ཡོངས་སུ་སྒེར་གཉེར་བཟོ་ལས་གཉེར་སྐྱོང་དུད་ཚང་བརྒྱ་ཆ ༩༩ ཟིན་པ།  སྒེར་གཉེར་ཚོང་དུད་བརྒྱ་ཆ ༨༢.༢ ཟིན་པ་བཅས་བྱུང་ནས་ཀྲུང་གོའི་ཞིང་ལས་དང་ལག་ཤེས་བཟོ་ལས།  མ་རྩ་རིང་ལུགས་ཀྱི་བཟོ་ཚོང་ལས་རིགས་བཅས་ཀྱི་སྤྱི་ཚོགས་རིང་ལུགས་བསྒྱུར་སྐྲུན་ལས་ཀ་སྤྱིར་ན་ལེགས་སྒྲུབ་བྱུང་ཡོད། 
ཐོན་སྐྱེད་རྒྱུ་ཆའི་སྤྱི་དབང་ལམ་ལུགས་ཆེས་གཙོ་བོར་བྱས་པའི་དཔལ་འབྱོར་རྨང་གཞི་གསར་པ་བཙུགས་པ་དང་བསྟུན་ནས།  སྤྱི་ཚོགས་རིང་ལུགས་ཀྱི་དཔལ་འབྱོར་དང་ཆབ་སྲིད།  སློབ་གསོ་ཚན་རིག་རིག་གནས་བཅས་ཀྱི་སྒྲིག་གཞི་སྤྱིར་ན་གྲུབ་པ་དང་།  སྤྱི་ཚོགས་རིང་ལུགས་ཀྱི་གཞི་རྩའི་ལམ་ལུགས་བཙུགས་པ་དེས་དེང་རབས་ཀྲུང་གོའི་གོང་འཕེལ་དང་ཡར་རྒྱས་མཐའ་དག་ལ་ལམ་ལུགས་ཀྱི་རྨང་གཞི་དེ་བས་ཡག་པ་བཏིངས་ཐུབ་ཡོད།།

  ༼  རྩོམ་སྒྲིག་ནོར་བུ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]