ཁག་བཅུ་གཅིག་པ། ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག

ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-09-25

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཀྲུང་གོ་གསར་པའི་སྤྱིར་བཏང་མ་ཡིན་པའི་ལོ་ཟླ་སྟེ་རྗིད་ཆགས་ཡིད་འོང་གི་ལོ་ངོ་བདུན་ཅུ།  འབད་འབུངས་ཡར་བརྩོན་གྱི་དུས་རབས་གསར་པ་ཞེས་པའི་ལེ་ཚན་ཁག་བཅུ་གཅིག་པ་ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག
སྤྱི་ལོ ༡༩༥༥ ལོའི་ཟླ ༡༠ པའི་ཚེས ༡ ཉིན།  ཀྲུང་གོ་གསར་པ་དབུ་བརྙེས་རྗེས་བཙུགས་པའི་ཞིང་ཆེན་རིམ་པའི་མི་རིགས་རང་སྐྱོང་ས་ཁུལ་ཐོག་མ་སྟེ་ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་དབུ་བརྙེས་པའི་ཁྱབ་བསྒྲགས་བྱས་པ་དང་།  སྤྱི་ལོ ༡༩༦༥ ལོར་སླེབས་སྐབས་ཀྲུང་གོ་གསར་པ་དབུ་མ་བརྙེས་གོང་ནས་བཙུགས་པའི་ནང་སོག་རང་སྐྱོང་ལྗོངས་བརྩིས་ན་རང་རྒྱལ་གྱིས་ཁྱོན་མི་རིགས་རང་སྐྱོང་ལྗོངས་ལྔ་བཙུགས་པ་རེད།
སྤྱི་མཐུན་རྒྱལ་ཁབ་ཀྱི་གཅིག་འགྱུར་སྒྲོམ་གཞིའི་ཁྲོད་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ལག་བསྟར་བྱེད་པ་ནི་ཀྲུང་གོ་གསར་པའི་གཞི་རྩའི་ཆབ་སྲིད་ལམ་ལུགས་ཤིག་རེད།  ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུའི་ཐུན་མོང་རྩ་འཛིན་འཆར་ཟིན་འགོད་སྐབས།  རང་རྒྱལ་དུ་རྒྱ་རིགས་ཀྱིས་མི་འབོར་མང་ཆེ་བ་བཟུང་བ་དང་མི་རིགས་ཁག་འདྲེས་སྡོད་དང་འདུས་སྡོད་ཀྱི་ཁྱད་ཆོས་ལྡན་པར་གཞིགས་ནས།  ཀྲུང་གུང་ཀྲུང་དབྱང་གིས་རང་རྒྱལ་དུ་མི་རིགས་ས་ཁོངས་རང་སྐྱོང་གི་རང་སྐྱོང་ལམ་ལུགས་ལག་བསྟར་བྱེད་རྒྱུའི་གཏན་འབེབས་བྱས་པ་རེད།
སྤྱི་ལོ ༡༩༥༢ ལོའི་ཟླ ༢ པར།  སྲིད་དོན་སྤྱི་ཁྱབ་ཁང་གིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་མི་རིགས་ས་ཁོངས་རང་སྐྱོང་གི་ལག་བསྟར་རྩ་གནད་ལ་གྲོས་འཆམ་བྱུང་ནས་མི་རིགས་རང་སྐྱོང་ས་ཁུལ་འཛུགས་རྒྱུ་དང་སྲིད་འཛིན་གནས་བབ་ཐད་གཏན་འབེབས་བཟོས་པ་རེད།  མི་རིགས་ས་ཁོངས་ཀྱི་རང་སྐྱོང་ལམ་ལུགས་དང་དོན་དངོས་དང་མཐུན་པའི་མི་རིགས་སྲིད་ཇུས་ཆ་ཚང་ཞིག་ལག་བསྟར་བྱས་ཏེ།  རུ་བ་སྐྱས་སྤོ་རྣམ་པའི་གྲངས་ཉུང་མི་རིགས་གཏན་འཇགས་ཐུབ་ནས་ཤེས་དཔལ་དང་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་ཐུབ་རྒྱུར་ཆ་རྐྱེན་སྐྲུན་ཡོད་པ་རེད།
གྲངས་ཉུང་མི་རིགས་ལས་བྱེད་པ་གསོ་སྐྱོང་བྱ་ཆེད།  སྲིད་དོན་སྤྱི་ཁྱབ་ཁང་ནས་སྤྱི་ལོ ༡༩༥༠ ལོའི་ཟླ ༡༡ པར་གྲངས་ཉུང་མི་རིགས་ཀྱི་ལས་བྱེད་པ་གསོ་སྐྱོང་གི་ཚོད་ལྟ་ལག་བསྟར་ཇུས་གཞི་དང་ཀྲུང་དབྱང་མི་རིགས་སློབ་གླིང་གཉེར་རྒྱུ་གྲ་སྒྲིག་གི་ཚོད་ལྟ་ལག་བསྟར་ཇུས་གཞིར་གྲོས་འཆམ་བྱས་པ་དང་།  སྤྱི་ལོ ༡༩༥༡ ལོའི་ཟླ ༦ པའི་ཚེས ༡༡ ཉིན་ཀྲུང་དབྱང་མི་རིགས་སློབ་གླིང་དངོས་སུ་སློབ་འགོ་བཙུགས་ཤིང་ས་གནས་ཁག་ཚང་མས་ཀྱང་མི་རིགས་སློབ་གླིང་བཙུགས་པས།  གྲངས་ཉུང་མི་རིགས་ཀྱི་ལས་བྱེད་པ་རྒྱུན་ཆད་མེད་པར་རིམ་ཁག་འགོ་ཁྲིད་ལས་གནས་ཐོག་བསྐྱོད་ཡོད།  ཏང་དང་སྲིད་གཞུང་གི་འབད་བརྩོན་འོག་འདྲ་མཉམ་དང་མཐུན་སྒྲིལ།  རོགས་རེས།  ཞི་མཐུན་བཅས་ཀྱི་མི་རིགས་འབྲེལ་བ་གསར་པ་ཆགས་འགོ་ཚུགས་པ་དང་དེས་མི་རིགས་ས་ཁུལ་གྱི་སྤྱི་ཚོགས་དང་དཔལ་འབྱོར།  རིག་གནས་བཅས་ཚང་མར་ཡར་རྒྱས་ཆེན་པོ་བྱུང་ཡོད།།
  ༼  རྩོམ་སྒྲིག་ནོར་བུ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]