ཁག་བཅུ་གསུམ་པ། ཀྲུང་གོ་རང་ཉིད་ཀྱི་ལམ་བུར་བསམ་གཞིགས་དང་འཚོལ་ཞིབ་བྱས།

ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-09-29

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཀྲུང་གོ་གསར་པའི་སྤྱིར་བཏང་མ་ཡིན་པའི་ལོ་ཟླ་སྟེ་བརྗིད་ཆགས་ཡིད་འོང་གི་ལོ་ངོ་བདུན་ཅུ།  འབད་འབུངས་ཡར་བརྩོན་གྱི་དུས་རབས་གསར་པ་ཞེས་པའི་ལེ་ཚན་ཁག་བཅུ་གསུམ་པ་ཀྲུང་གོ་རང་ཉིད་ཀྱི་ལམ་བུར་བསམ་གཞིགས་དང་འཚོལ་ཞིབ་བྱས།

སུའུ་ལན་གུང་ཁྲན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་ཉི་ཤུ་པ་འཚོགས་རྗེས།  སྤྱི་ལོ ༡༩༥༦ ལོའི་ཟླ ༤ པར་མའོ་ཙེ་ཏུང་གི་འབྲེལ་བ་ཆེ་མོ་བཅུ་གླེང་བ་ཞེས་པའི་གསུང་བཤད་ནང་།  ཏང་ཡོངས་ཀྱིས་སུའུ་ལན་མིག་དཔེར་འཛིན་ནས་རང་ཉིད་ཀྱི་ལམ་བུར་བསམ་གཞིགས་དང་འཚོལ་ཞིབ་བྱེད་དགོས་ཞེས་བསླབ་བྱ་གནང་ཡོད། དེ་རྗེས་ཏང་དང་སྲིད་གཞུང་གིས་ཕྱོགས་མང་པོའི་ཐད་ནས་ལམ་བུ་འཚོལ་ཞིབ་བྱས་ཡོད་པ་རེད།
ཀྲུང་གུང་ཀྲུང་དབྱང་གིས་ཤེས་ལྡན་པའི་གནད་དོན་སྐོར་གྱི་ཚོགས་འདུ་སྤྱི་ལོ ༡༩༥༦ ལོའི་ཟླ་བ་དང་པོར་པེ་ཅིན་དུ་བསྐོང་འཚོགས་བྱས་པ་དང་།  ཀྲའུ་ཨན་ལེས་ཚོགས་འདུའི་ཐོག་ཤེས་ལྡན་པའི་གནད་དོན་སྐོར་གྱི་སྙན་ཞུ་གནང་སྐབས་ཤེས་ལྡན་པ་མང་ཆེ་བ་ནི་སྔ་ས་ནས་བཟོ་པའི་གྲལ་རིམ་གྱི་ཆ་ཤས་ལ་གྱུར་ཟིན་པ་རེད་ཅེས་གསལ་བཏོན་གནང་ཡོད།  ཚོགས་འདུ་གྲོལ་རྗེས་ཀྲུང་གུང་ཀྲུང་དབྱང་གིས་སྔ་རྗེས་སུ་ཤེས་ལྡན་པའི་གནད་དོན་སྐོར་གྱི་ཡིག་ཆ་མང་པོ་བཏོན་ནས།  རྒྱལ་ཡོངས་ཀྱི་ཤེས་ལྡན་པའི་ལས་དོན་སྤེལ་རྒྱུར་སྐུལ་འདེད་བཏང་བ་རེད། 
རིག་གནས་དང་ཚན་རིག་གོང་འཕེལ་གཏོང་ཆེད་ལོ་དེའི་སྤྱི་ཟླ ༥ པའི་ཟླ་མགོར།  མའོ་ཙེ་ཏུང་གིས་ཆེས་མཐོའི་རྒྱལ་དོན་ཚོགས་འདུའི་ཐོག་མེ་ཏོག་མཉམ་བཞད་དང་མཁས་བརྒྱ་འགྲན་གླེང་གི་མཛད་ཕྱོགས་དངོས་སུ་ཁྱབ་བསྒྲགས་གནང་བ་དང་།  མཛད་ཕྱོགས་དེ་བཏོན་པའི་ཐོག་ནས་ཆབ་སྲིད་བརྟན་ལྷིང་དང་དཔལ་འབྱོར་གོང་འཕེལ།  མི་དམངས་མཐུན་སྒྲིལ་བཅས་བྱེད་པའི་རྒྱལ་ཁབ་ཀྱི་གཟུགས་བརྙན་མངོན་གྱི་ཡོད་ལ།  རིག་རྩལ་དར་རྒྱས་དང་ཚན་རིག་གོང་འཕེལ་གྱི་དུས་རབས་ཀྱི་དགོས་མཁོ་ཡང་མངོན་ཡོད།   
སྤྱི་ཟླ ༩ པའི་ནང་ཀྲུང་གོ་གུང་ཁྲན་ཏང་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བརྒྱད་པ་སྐོང་འཚོགས་བྱས་པ་དང་།  ཚོགས་ཆེན་ཐོག་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་རང་རྒྱལ་དུ་གཞི་རྩའི་ཆ་ནས་བཙུགས་ཟིན་ཞིང་།  རྒྱལ་ནང་གི་འགལ་ཟླ་གཙོ་བོ་ནི་མི་དམངས་ཀྱི་དཔལ་འབྱོར་དང་རིག་གནས་གོང་འཕེལ་གྱི་དགོས་མཁོ་དང་།  དེང་སྐབས་དཔལ་འབྱོར་དང་རིག་གནས་ཀྱིས་མི་དམངས་ཀྱི་དགོས་མཁོ་བསྐོང་མི་ཐུབ་པའི་གནས་ཚུལ་དབར་གྱི་འགལ་ཟླ་ཡིན་པ་དང་།  རྒྱལ་ཡོངས་མི་དམངས་ཀྱི་ལས་འགན་གཙོ་བོ་ནི་སྟོབས་ཤུགས་གཅིག་སྒྲིལ་བྱས་ནས་སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་གོང་འཕེལ་བཏང་སྟེ།  རྒྱལ་ཁབ་བཟོ་ལས་ཅན་དུ་མངོན་འགྱུར་ཡོང་བ་བྱས་ཐོག་རིམ་བཞིན་མི་དམངས་མང་ཚོགས་ཀྱི་ཉིན་རེ་བཞིན་ཆེ་རུ་འགྲོ་བའི་དངོས་པོ་དང་རིག་གནས་ཀྱི་དགོས་མཁོ་སྐོང་ཐུབ་པ་བྱེད་རྒྱུ་དེ་རེད་ཅེས་བཏོན་ཡོད།
སྤྱི་ལོ ༡༩༥༦ ལོ་ནི་ཀྲུང་གོ་གསར་པས་རང་ཉིད་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་བུ་འཚོལ་ཞིབ་བྱེད་འགོ་བཙུགས་པའི་ལོ་ཞིག་ཡིན་པ་དང་།  ལོ་དེའི་བྱ་ཐབས་གལ་ཆེན་མང་པོ་ཞིག་གིས་རྗེས་ཀྱི་ལོ་རྒྱུས་གོང་འཕེལ་ལ་ཤུགས་རྐྱེན་གཏིང་ཟབ་ཐེབས་ཡོད།།

  ༼  རྩོམ་སྒྲིག་ནོར་བུ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]