ཁག་བཅུ་བཞི་པ། ཡར་ལངས་ཞིང་བྲན་གྱིས་གླུ་དབྱངས་ལེན།

ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-10-01

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཀྲུང་གོ་གསར་པའི་སྤྱིར་བཏང་མ་ཡིན་པའི་ལོ་ཟླ་སྟེ། བརྗིད་ཆགས་ཡིད་དུ་འོང་གི་ལོ་ངོ་བདུན་བཅུ།  འབད་འབུངས་ཡར་བརྩོན་གྱི་དུས་རབས་གསར་པ་ཞེས་པའི་ལེ་ཚན་གྱི་ཁག་བཅུ་བཞི་པ་ཡར་ལངས་ཞིང་བྲན་གྱིས་གླུ་དབྱངས་ལེན། 

བོད་ལྗོངས་འདི་ཉིད་གནའ་སྔ་མོ་ནས་ཀྲུང་གོའི་མངའ་ཁོངས་ཀྱི་ཁ་བྲལ་དུ་མེད་པའི་ཆ་ཤས་ཤིག་ཡིན་པ་དང་།  ཀྲུང་གོ་གསར་པ་དབུ་བརྙེས་རྗེས་ཀྲུང་དབྱང་སྲིད་གཞུང་ནས་རྒྱལ་ཁབ་ཕྱི་ནང་གི་དུས་བབ་ལ་གཞིགས་ཏེ།  མི་རིགས་མཐུན་སྒྲིལ་སྲུང་སྐྱོང་བྱ་ཆེད་བོད་ལ་ཞི་བས་བཅིངས་འགྲོལ་གཏོང་རྒྱུའི་མཛད་ཕྱོགས་གཏན་འཁེལ་བྱས་པ་རེད།
ཀྲུང་དབྱང་སྲིད་གཞུང་ནས་བོད་ཀྱི་ཆབ་སྲིད་དང་ཆོས་ལུགས་ལམ་ལུགས་ལ་སྲུང་སྐྱོང་བྱེད་པ་དང་།  བོད་ཀྱི་དཔལ་འབྱོར་རིག་གནས་གོང་འཕེལ་གཏོང་རོགས་བྱས་ནས་མི་དམངས་ཀྱི་འཚོ་བ་ལེགས་སུ་བཏང་བས།  བོད་ཀྱི་སྤྱི་ཚོགས་དཔལ་འབྱོར་འདི་ཉིད་ཀྲུང་དབྱང་སྲིད་གཞུང་གི་རོགས་རམ་འོག་གོང་འཕེལ་ཆེན་པོ་བྱུང་ཡོད་ན་ཡང་།  མི་རིགས་ཁ་ཕྲལ་བས་རྒྱུན་ཆད་མེད་པར་དྲག་པོའི་ངོ་ལོག་ཟིང་འཁྲུག་སློང་རྒྱུའི་ངན་ཇུས་བཤམས་པ་དང་མང་ཚོགས་མགོ་སྐོར་བསླུ་བྲིད་བྱས་ནས།  སྤྱི་ལོ ༡༩༥༩ ལོའི་ཟླ ༣ པའི་ཚེས ༡༠ ཉིན། བོད་ཀྱི་མཐོ་རིམ་ལོག་སྤྱོད་པས་དྲག་པོའི་ངོ་ལོག་ཟིང་འཁྲུག་ཕྱོགས་ཡོངས་ནས་བསླངས་པ་རེད།  སྤྱི་ལོ ༡༩༥༩ ལོའི་ཟླ ༣ པའི་ཚེས ༢༨ ཉིན་ཙུང་ལི་ཀྲའུ་ཨེན་ལེས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་རྒྱར་མཚན་རྟགས་བཀོད་ནས་རྒྱལ་ཁབ་གོང་བུ་གཅིག་འགྱུར་དང་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་བྱ་ཆེད།  ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་བོད་དམག་ཁུལ་ཁང་གིས་ཟིང་འཁྲུག་ཞོད་འཇགས་མཐར་ཕྱིན་པ་གཏོང་རྒྱུར་འགན་དཀྲིས་པ་ཕུད།  དེ་ཉིན་ནས་བཟུང་བོད་ས་གནས་སྲིད་གཞུང་མེད་པ་བཟོས་ནས་བོད་རང་སྐྱོང་ལྗོངས་གྲ་སྒྲིག་ཨུ་ཡོན་ལྷན་ཁང་གིས་བོད་ས་གནས་སྲིད་གཞུང་གི་འགན་དབང་སྤྱོད་རྒྱུའི་གཏན་འབེབས་བྱས་པའི་ཁྱབ་བསྒྲགས་གནང་བ་དང་།  བོད་སྡོད་བཅིངས་འགྲོལ་དམག་གིས་ཀྲུང་དབྱང་གི་བཀའ་རྒྱ་ལྟར་དྲག་པོའི་ངོ་ལོག་ཟིང་འཁྲུག་ཞོད་འཇགས་བཏང་བ་རེད།
དྲག་པོའི་ངོ་ལོག་ཟིང་འཁྲུག་ཞོད་འཇགས་ལ་རྒྱལ་ཁ་ཐོབ་པ་དེས་བོད་ལ་དམངས་གཙོའི་བཅོས་བསྒྱུར་བྱེད་རྒྱུར་ཆ་རྐྱེན་སྐྲུན་པ་དང་།  དམངས་གཙོའི་བཅོས་བསྒྱུར་མ་བྱས་གོང་བོད་ཀྱི་སྤྱི་ཚོགས་ནང་རྩ་བ་ནས་འགལ་ཟླར་འགྱུར་པའི་ཞིང་བྲན་བདག་པོ་དང་ཞིང་བྲན་གཉིས་གནས་ཡོད།  ཏང་དང་སྲིད་གཞུང་གི་དབུ་ཁྲིད་འོག་ངོ་ལོག་ཟིང་འཁྲུག་དང་ཁྲལ་འུ་ལག  བྲན་གཡོག་བཅས་མེད་པ་བཟོ་རྒྱུ་གསུམ་དང་བོགས་གླ་དང་སྐྱེད་ཀ་ཆག་ཡང་གཏོང་བ་གཉིས། ས་ཞིང་བགོས་འགྲེམས་བྱེད་པ་བཅས་བརྒྱུད་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་ནས་རང་ཉིད་ཀྱི་ལས་དབང་ལ་ཁ་ལོ་འགྱུར་ཐུབ་ཡོད། 
དམངས་གཙོའི་བཅོས་བསྒྱུར་བྱས་པ་དེས་སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་ལ་བཅིངས་འགྲོལ་ཐོབ་པ་དང་།  ཡར་ལངས་ཞིང་བྲན་ཚོར་ས་ཞིང་དང་ནོར་ལུག་དབང་ཐུབ་པ་བྱུང་བས་ཁོང་ཚོའི་ཐོན་སྐྱེད་ཀྱི་ཧུར་སེམས་འཕེལ་ཐུབ་པ་དང་དེ་མིན་གྱི་འཛུགས་སྐྲུན་བྱ་གཞག་ཁག་གོང་འཕེལ་མྱུར་པོ་བྱུང་ཡོད།  སྤྱི་ལོ ༢༠༠༩ ལོའི་ཟླ་བ་དང་པོའི་ཚེས ༡༩ ཉིན་འཚོགས་པའི་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་དགུ་པའི་ཚོགས་འདུ་ཐེངས་གཉིས་པའི་ཐོག་ལོ་རེའི་སྤྱི་ཟླ་གསུམ་པའི་ཚེས ༢༨ ཉིན་གྱི་ཉིན་མོ་དེ་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོའི་ཉིན་མོར་གཏན་འཁེལ་བྱས་ཡོད།།

  ༼  རྩོམ་སྒྲིག་ནོར་བུ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]