ཁག་བཅོ་ལྔ་པ། རང་རྒྱལ་གྱི་ལུས་རྩལ་བྱ་གཞག་གོང་འཕེལ་ཤུགས་ཆེ་ཕྱིན།

ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-10-05

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཀྲུང་གོ་གསར་པའི་སྤྱིར་བཏང་མ་ཡིན་པའི་ལོ་ཟླ་སྟེ་བརྗིད་ཆགས་ཡིད་འོང་གི་ལོ་ངོ་བདུན་ཅུ།  འབད་འབུངས་ཡར་བརྩོན་གྱི་དུས་རབས་གསར་པ་ཞེས་པའི་ལེ་ཚན་ཁག་བཅོ་ལྔ་པ་ ལུས་རྩལ་བྱ་གཞག་གོང་འཕེལ་ཤུགས་ཆེ་ཕྱིན།
སྤྱི་ལོ ༡༩༦༠ ལོའི་ཟླ ༥ པའི་ཚེས ༢༥ ཉིན།  ཀྲུང་གོའི་རི་འཛེགས་རུ་ཁག་གི་ལུས་རྩལ་པ་ཝང་ཧྥུ་ཀྲའུ་དང་མགོན་པོ༼ བོད་རིགས ༽  ཆུལ་ཡིན་ཧྭ་བཅས་ཀྱིས་ཇོ་མོ་གླང་མའི་བྱང་ངོས་ནས་རྩེ་མོར་འཛེགས་པའི་ལོ་རྒྱུས་ཀྱི་ཟིན་ཐོ་ཐོག་མར་གཏོད་དེ་རང་རྒྱལ་ལ་གཟི་བརྗིད་ཆེན་པོ་བརྩོན་ལེན་བྱས་ཡོད།
རིམ་ཁག་ཏང་ཨུད་དང་སྲིད་གཞུང་གི་སྒྲིག་འཛུགས་དང་སྐུལ་སློང་འོག་རྒྱ་ཆེའི་མང་ཚོགས་ཀྱིས་ལུས་སྦྱོང་ནང་ཧུར་ཐག་ཞུགས་པ་དང་།  བཟོ་གྲྭ་དང་སློབ་གྲྭ  དཔུང་སྡེ།  ལས་ཁུངས།  གྲོང་གསེབ་བཅས་སུ་ལུས་རྩལ་བྱེད་སྒོ་སྣ་ཚོགས་སྤེལ་བ་དང་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་བྱེད་སྒོ་ཡང་ཕུན་སུམ་ཚོགས་པོ་སྤེལ་ཡོད།
མང་ཚོགས་རང་བཞིན་གྱི་ལུས་རྩལ་གོང་འཕེལ་ཕྱིན་པ་དེས་ལུས་རྩལ་གྱི་འགྲན་བསྡུར་ཆུ་ཚད་མཐོ་རུ་འགྲོ་རྒྱུར་རྨང་གཞི་བརྟན་པོ་བཏིངས་ཡོད་པ་དང་།  ཕུལ་བྱུང་གི་ལུས་རྩལ་པ་དང་རྩལ་སློབ་པ་མང་པོས་དཀའ་སྤྱད་འབད་ཐབས་བྱས་ནས།  གྲུབ་འབྲས་ཀྱི་ཟིན་ཐོ་གསར་པ་གཏོད་དེ་ལྗིད་འདེགས་དང་ཕིང་ཕང་སྤོ་ལོ།  ཆུ་བརྐྱལ།  རི་འཛེགས་སོགས་ལུས་རྩལ་རྣམ་གྲངས་ལ་གཡུར་ཟའི་གྲུབ་འབྲས་ཐོབ་ཡོད།
སྤྱི་ལོ ༡༩༥༩ ལོའི་ཟླ ༤ པར།  འཇར་མན་གྱི་ཏོ་ཐེ་མུང་ཐེར་འཛམ་གླིང་ཕིང་ཕང་སྤོ་ལོའི་ལེགས་སྐྱེས་འགྲན་བསྡུར་སྐབས་ཉེར་ལྔའི་ཐོག་རང་རྒྱལ་གྱི་ལུས་རྩལ་པ་རུང་གོ་ཐཱོན་ལ་སྐྱེས་པའི་རྐྱང་རྒྱག་འགྲན་བསྡུར་གྱི་ཨང་དང་པོ་ཐོབ་ནས་རང་རྒྱལ་ལ་འཛམ་གླིང་འགྲན་བསྡུར་ཆེ་ཁག་ནང་ཨང་དང་པོ་ཐོག་མ་དེ་བརྩོན་ལེན་ཐུབ་ཡོད།
ལུས་རྩལ་བྱ་གཞག་གོང་འཕེལ་ཕྱིན་པ་དེ་ཀྲུང་གོ་གསར་པའི་གྲ་རྒྱས་གོང་འཕེལ་གྱི་མཚོན་རྟགས་གལ་ཆེན་ཞིག་ལ་གྱུར་ཡོད་པ་དང་།  མི་རབས་ཁ་ཤས་ཀྱི་ལུས་རྩལ་པ་ཚོས་དཀའ་སྤྱད་འབད་ཐབས་དང་མཐུན་སྒྲིལ་ཡར་བརྩོན་བྱས་པ་བརྒྱུད།  རང་རྒྱལ་འདི་ཉིད་འཛམ་གླིང་གི་ལུས་རྩལ་སྟོབས་ཆེའི་རྒྱལ་ཁབ་ཀྱི་ཕྱོགས་སུ་གོང་འཕེལ་འགྲོ་བཞིན་ཡོད།
 
ཀྲུང་གོ་གསར་པ་དབུ་བརྙེས་རྗེས་ལུས་རྩལ་བྱ་གཞག་ལ་གོང་འཕེལ་མྱུར་པོ་བྱུང་ཡོད་པ་དང་།  སྤྱི་ལོ ༡༩༥༢ ལོའི་ཟླ ༦ པའི་ཚེས ༡༠ ཉིན།  མའོ་ཙེ་ཏུང་གིས་ཀྲུང་ཧྭ་རྒྱལ་ཡོངས་ལུས་རྩལ་སྤྱི་ཁྱབ་ཚོགས་པ་དབུ་བརྙེས་སྐབས།  ལུས་རྩལ་ལུས་སྦྱོང་གོང་འཕེལ་བཏང་ནས་མི་དམངས་ཀྱི་གཟུགས་གཞི་སྟོབས་ཆེར་གཏོང་དགོས་ཞེས་པའི་ཕྱག་བྲིས་ཕྱག་བསྟར་མ་གནང་བ་དེས་རང་རྒྱལ་གྱི་ལུས་རྩལ་བྱ་གཞག་གོང་འཕེལ་ལ་སྐུལ་འདེད་ནུས་ལྡན་ཐེབས་ཡོད།།
  ༼  རྩོམ་སྒྲིག་ནོར་བུ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]