མཐོང་བར་དཀོན་པའི་དགེ་ཆོས་ཀྱི་པར་རྙིང་དང་ཁོང་གི་རི་མོའི་བརྩམས་ཆོས།

ཡོངས་ཁུངས།   ཨ་ལགས་འཕྲིན་སྟེགས། རྩོམ་པོ།  བོད་ལྗོངས་འཕྲིན་དྲ། སྤེལ་དུས།  2016-02-12

མཁས་དབང་དགེ་འདུན་ཆོས་འཕེལ་ནི་བོད་རབ་བྱུང་བཅོ་ལྔ་པའི་ཆུ་ཡོས་ཏེ་སྤྱི་ལོ ༡༩༠༣ ལོའི་སྤྱི་ཟླ ༤ པའི་ཚེས ༢༠ ཉིན་མདོ་སྨད་རེབ་གོང་རིག་པའི་འབྱུང་གནས་ཞོ་འོང་དཔྱི་རུ་ འབོད་པའི་གྲོང་སྡེར་ཡབ་གསང་བསྔགས་རྙིང་མའི་རྣལ་འབྱོར་བ་ཆེན་པོ་རྡོ་རྗེ་རྒྱལ་མཚན་ནམ་ཨ་ལགས་རྒྱལ་པོ་དང་ཡུམ་ཨ་ནེ་བ་རྡོའམ་པདྨ་སྐྱིད་གཉིས་ཀྱི་སྲས་སུ་འཁྲུངས་པ་དང་མཚན་ལ་རིག་འཛིན་རྣམ་རྒྱལ་ཞེས་གསོལ།  སྤྱི་ལོ ༡༩༥༡ ལོའི་ཟླ་བ ༩ པའི་ཚེས ༡༠ ཉིན་ལྷ་སར་སྐུ་གཤེགས།

པར་འདི་ནི་དུས་རབས་ཉི་ཤུ་བའི་ལོ་རབས་བཅུ་བའི་ནང་དགེ་འདུན་ཆོས་འཕེལ་ཁོང་ཉིད་རྒྱ་གར་སོགས་སུ་སློབ་གཉེར་དུ་བསྐྱོད་དེ་ལོ་བཅུ་གཉིས་ཙམ་བཞུགས་སྐབས་བསྐྱོན་པའི་པར་ཞིག་ཡིན་པ་དང་།  འདྲ་པར་འདི་ཉིད་དགེ་འདུན་ཆོས་འཕེལ་གྱིས་རྒྱ་གར་ནས་མདོ་སྨད་རེབ་གོང་ཡུལ་གྱི་ཁོང་གི་མ་ཡུམ་ལ་དྲན་རྟེན་དུ་བསྐུར་གནང་བ་དེ་ཡིན་ལ་དགེ་འདུན་ཆོས་འཕེལ་གྱི་ཚ་བོ་གཡང་དྲུང་རྒྱལ་གྱིས་ཉར་ཚགས་གནང་ཡོད།

དགེ་འདུན་ཆོས་འཕེལ་རྒྱ་གར་རྡོ་རྗེ་གླིང་དུ་བཞུགས་སྐབས་ཀྱི་འདྲ་པར། ༼ དུས་རབས ༢༠ པའི་ལོ་རབས ༣༠ ནང་ཡིན་པར་སྙམ༽

༼རྩོམ་སྒྲིག་ནོར་བུ།༽
ལོགས་སུ་ཉར་བ།  

དེ་མོ་ཡབ...

ཡེ་ཤེས་བ...