ཆོས་རྒྱལ་ནོར་བཟང་༼ལེའུ་གཉིས་པ།༽

ཡོངས་ཁུངས།   བོད་ལྗོངས་འཕྲིན་དྲ། རྩོམ་པོ།  རྒྱལ་མཁར་ལྷ་མོ་རུ་ཁག་གིས་འཁྲབ་སྟོན་བྱས། སྤེལ་དུས།  2014-01-20

      སྲོལ་རྒྱུན་ལྷ་མོ་ཆོས་རྒྱལ་ནོར་བཟང་གི་འཁྲབ་གཞུང་གི་ནང་དོན་མདོར་བསྡུས།

དེའང་གནའ་སྔ་མོ་ཞིག་ལ་ཡུལ་བྱངཕྱོགས་མངའ་ལྡན་ཞེས་པའི་རྒྱལ་ཁབ་ཅིག་ཡོད་པ་དེ་ལ།  དཔལ་མཛངས་བརྟུལ་ཕོད་ཅན་གྱི་རྒྱལ་སྲས་ནོར་བཟང་ཞེས་པ་ཞིག་ཡོད་པ་དང་།  ཡུལ་དེའི་མཚོ་པདྨ་བླ་མཚོ་ཞེས་པའི་ཉེ་འགྲམ་དུ་འཚོ་བའི་སྤང་ལེབ་འཛིན་པ་ཞེས་པའི་ཉ་པ་ཞིག་ཀྱང་ཡོད།  ཉ་པས་མཚོ་དེར་གནོད་པ་བྱེད་པའི་སྔགས་པའི་རྒྱལ་པོ་སྦྲུལ་ནག་ཁ་འཛིན་ལས་རྒྱལ་ཏེ་ཀླུ་མོ་སྐྱབས་པས།  ཀླུ་མོས་དྲིན་ལན་གསོལ་ཆེད་ཀླུ་ཡི་ནོར་བུ་དོན་ཡོད་ཞགས་པ་ཉ་པར་གནང་སྟབས་ཉ་པས་དོན་ཡོད་ཞགས་པ་བཏབ་ནས་ཡིད་འཕྲོག་ལྷ་མོ་བཟུང་།  འོན་ཀྱང་ཀིའུ་རིའི་དྲང་སྲོང་གི་ཡིད་འཕྲོག་ལྷ་མོ་ནི་ལྷ་ཡི་སྲས་མོ་ཡིན་པ་དང་།  ཁྱོད་རང་ནི་ཉ་པའི་རིགས་རྒྱུད་ཡིན་པས་ཁྱོད་གཉིས་མི་མཐུན་ཅིང་།  དེ་བས་ཡིད་འཕྲོག་ལྷ་མོ་ཆོས་རྒྱལ་ནོར་བཟང་གི་བཙུན་མོར་ཕུལ་ན།  ཁྱོད་རང་ལ་རྒྱལ་པོའི་བྱ་དགའ་གཟེངས་བསྟོད་ཆེན་པོ་ཐོབ་ཅེས་གསུངས་པ་ལྟར་བྱས།  ཆོས་རྒྱལ་ནོར་བཟང་དང་ཡིད་འཕྲོག་ཐུགས་བརྩེ་ཤིན་ཏུ་ཟབ་པས་བཙུན་མོ་ལྔ་བརྒྱ་ཕྲ་དོག་ཧ་ཅང་ཆེ་བར་གྱུར།  བཙུན་མོ་ལྔ་བརྒྱ་དང་ཨ་མཆོད་ཧ་རིས་ལྐོག་གྲོས་བཤམས་ཏེ་ཆོས་རྒྱལ་ནོར་བཟང་བྱང་གི་མི་རྒོད་བརྟུལ་བར་ཕེབས་དགོས་བཟོས་པ་དང་།  དེའི་བར་ཡིད་འཕྲོག་མེད་པར་བཟོ་རྩིས་བྱས།  དེ་ལྟའི་ཛ་དྲག་གི་དུས་དེར་ནོར་བཟང་ཡུམ་གྱིས་ནོར་བུའི་དོ་ཤལ་ཡིད་འཕྲོག་ལ་མི་ཕུལ་དཀའ་མེད་བྱུང་བ་དང་ཡིད་འཕྲོག་ལྗོན་པའི་ཡུལ་དུ་འཕུར།  ཆོས་རྒྱལ་ནོར་བཟང་བྱང་གི་མི་རྒོད་བརྟུལ་ཏེ་ལོག་སྐབས་ཕོ་བྲང་ནང་ཡིད་འཕྲོག་བཞུགས་མེད་པས་ཐུགས་ཤིན་ཏུ་སྐྱོ་ནས་སྐུ་ངལ་ཁྱད་བསད་དེ་ལྗོན་པའི་ཡུལ་དུ་ཡིད་འཕྲོག་འཚོལ་དུ་ཕེབས་པ་དང་།  ཡིད་འཕྲོག་ལྷ་མོ་སླར་ཡང་མི་ཡུལ་དུ་གདན་དྲངས་ཏེ་དགའ་བདེའི་དཔལ་ལ་རོལ་བར་བྱས་པའི་སྐོར་རོ།།

    

༼རྩོམ་སྒྲིག་འཇམ་དབྱངས་ཉི་མ།༽
ལོགས་སུ་ཉར་བ།  

ལིའུ་པིང...

ཡེ་ཤེས་བ...