གློག་བརྙན་བརྩམས་ཆོས༼གཙང་པོ༽ཞེས་པ་ཐོག་མར་འགྲེམས་སྟོན་གྱི་བྱེད་སྒོ་ལྷ་སར་སྤེལ་བ།

ཡོངས་ཁུངས།   མི་དམངས་དྲ་བ། རྩོམ་པོ།  བོད་ལྗོངས་འཕྲིན་དྲ། སྤེལ་དུས།  2015-12-14

བོད་རིགས་འཁྲབ་ཁྲིད་པ་ཟོན་ཐར་རྒྱལ་གྱིས་རྩོམ་བསྒྲིགས་དང་འཁྲབ་ཁྲིད་བྱས་པའི་གློག་བརྙན་བརྩམས་ཆོས༼གཙང་པོ༽ཞེས་པ་ལྷ་སར་འགྲེམས་སྟོན་བྱེད་ཐེངས་ཐོག་མའི་མཛད་སྒོ་ཉེ་དུས་སྤེལ་བ་རེད།  ཤེས་རྟོགས་བྱུང་བར་གཞིགས་ན  གློག་བརྙན་དེ་ནི་སྐབས ༦༥ པའི་པེར་ལེན་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་ཐོག་དུས་རབས་གསར་པའི་ལེ་ཚན་གྱི་གྲས་སུ་བདམས་མྱོང་ཡོད་པ་རེད།

གློག་བརྙན་དེའི་ནང་བོད་རིགས་བུ་མོ་ཆུང་ཆུང་དབྱངས་ཅན་ལྷ་མོའི་རང་གི་ལྟ་ཕྱོགས་ཐོག་ནས།  ཁོ་མོའི་ཨ་མས་སྦྲུམ་མ་བྱས་པའི་བརྒྱུད་རིམ་ཁྲོད་ཀྱི་དུས་ཚིགས་གསུམ་གློག་བརྙན་གྱི་གོ་རིམ་དུ་བྱས་ཏེ།  སྤོ་ལགས་དང་པཱ་ལགས།  པཱ་ལགས་དང་རང་ཉིད་བཅས་མི་རབས་གསུམ་དབར་གྱི་གཉེན་ཉེའི་འབྲེལ་བ་མྱོང་རོལ་བྱས་པ་མ་ཟད།  མི་རབས་གསུམ་པོ་དེས་ཕའི་བརྩེ་བ་ཟེར་བ་དེ་གང་ཡིན་མིན་གྱི་ལྟ་ཚུལ་མི་འདྲ་བ་མཚོན་པར་བྱས་ཡོད།།

༼ཡིག་བསྒྱུར་བློ་དབང་།༽
ལོགས་སུ་ཉར་བ།  

དེ་མོ་ཡབ...

ཡེ་ཤེས་བ...