གེ་སར་རྒྱལ་པོའི་བསྒྱུར་བཟོའི་གླུ་གར་རྒྱ་ལོའི་གཉེན་སྒྲིག་དགའ་སྟོན་ཞེས་པ་ཁྲེན་ཏུར་འཁྲབ་སྟོན་བྱས་པ།

ཡོངས་ཁུངས།   ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ། རྩོམ་པོ།  བོད་ལྗོངས་འཕྲིན་དྲ། སྤེལ་དུས།  2016-01-14

གེ་སར་རྒྱལ་པོའི་དཔའ་བོའི་ལོ་རྒྱུས་སྙན་ངག་ལས་འདེམས་པའི་བསྒྱུར་བཟོའི་གླུ་གར་རྒྱ་ལོའི་གཉེན་སྒྲིག་དགའ་སྟོན།

གེ་སར་རྒྱལ་པོའི་དཔའ་བོའི་ལོ་རྒྱུས་སྙན་ངག་ལས་འདེམས་དཀྲུག་བྱས་ནས་བསྒྱུར་བཟོ་བྱས་པའི་གླུ་གར་འཁྲབ་ཚན་རྒྱ་ལོའི་གཉེན་སྒྲིག་དགའ་སྟོན་ཞེས་པ་སྤྱི་ཚེས་༡༡ཉིན་གྱི་དགོང་མོ་ཁྲེན་ཏུར་འཁྲབ་ཡོད་པས།  དེ་ཡང་འཁྲབ་ཚན་དེ་གསར་རྩོམ་བྱ་ཡུལ་ཡུལ་ཤུལ་མིན་པའི་ས་ཆ་གཞན་དུ་འཁྲབ་ཐེངས་དང་པོ་ཡིན། 
གེ་སར་རྒྱལ་པོ་ནི་འཛམ་གླིང་ཐོག་ཆེས་རིང་ཤོས་ཀྱི་དཔའ་བོའི་ལོ་རྒྱུས་སྙན་ངག་ཅིག་ཡིན་པ་དང་དེའི་ནང་དོན་གྱི་རིང་ཚད་ལ་ཡིག་འབྲུ་བྱེ་བ་གཅིག་དང་ས་ཡ་ལྔ་ཙམ་ཡོད་པས་སྤྱིར་ཀེ་སི་རིའི་ལོ་རྒྱུས་སྙན་ངག་དབྱི་ལི་ཡ་ཐེའི་ལྡབ་ཉིས་ཤུ་རྩ་ལྔ་ཙམ་ཡོད་པ་རེད།  གེ་སར་རྒྱལ་པོ་ནི་འཛམ་གླིང་ཐོག་གྲངས་འབོར་ཉུང་ཞིང་ངག་ཐོག་ནས་རྒྱུད་འཛིན་བྱེད་པའི་ལོ་རྒྱུས་སྙན་ངག་ཅིག་ཡིན་པས་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་སྒྲིག་འཛུགས་ཀྱིས་འཛམ་གླིང་གི་དངོས་མིན་རིག་གནས་ཤུལ་བཞག་གི་མིང་ཐོའི་ནང་བཅུག་ཡོད་པ་རེད། 
ཀྲུང་གོའི་ནུབ་བྱང་རྒྱུད་དང་ལྷག་པར་དུ་བོད་ཁུལ་དུ་དར་ཁྱབ་ཆེ་བའི་དཔའ་བོའི་ལོ་རྒྱུས་སྙན་ངག་དེའི་ནང་།  དཔའ་བོ་གེ་སར་རྒྱལ་པོས་དགྲ་བཏུལ་གཉེན་སྐྱོང་དང་།  རུས་རྒྱུད་ཚོ་པ་མང་པོ་གཅིག་གྱུར་བཟོས་པའི་དཔའ་བོའི་རླབས་ཆེའི་མཛད་རྗེས་བཀོད་ཡོད།  ཤེས་ལྡན་པ་མང་པོས་དཔའ་བོ་དེ་ནི་ལོ་ངོ་སྟོང་གཅིག་གི་གོང་རོལ་དུ་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་སྡེ་དགེ་རྫོང་འཚོ་སྡོད་བྱེད་མཁན་ཞིག་ཡིན་པར་ཡིད་ཆེས་བརྟན་པོ་བྱེད་ཀྱི་ཡོད་པ་རེད།།

གེ་སར་རྒྱལ་པོའི་དཔའ་བོའི་ལོ་རྒྱུས་སྙན་ངག་ལས་འདེམས་པའི་བསྒྱུར་བཟོའི་གླུ་གར་རྒྱ་ལོའི་གཉེན་སྒྲིག་དགའ་སྟོན།

གེ་སར་རྒྱལ་པོའི་དཔའ་བོའི་ལོ་རྒྱུས་སྙན་ངག་ལས་འདེམས་པའི་བསྒྱུར་བཟོའི་གླུ་གར་རྒྱ་ལོའི་གཉེན་སྒྲིག་དགའ་སྟོན།

༼རྩོམ་སྒྲིག་ཚེ་སྒྲོན།༽
ལོགས་སུ་ཉར་བ།  

དེ་མོ་ཡབ...

ཡེ་ཤེས་བ...