དངོས་ལྗོངས་ཟློས་གར་འུན་ཤིང་ཀོང་ཇོ་ཞེས་པའི་ད་ལོའི་འཁྲབ་སྟོན་སྤྱི་ཟླ་བཞི་པའི་ཚེས༡༠ཉིན་ནས་བྱེད་འགོ་ཚུགས།

ཡོངས་ཁུངས།   བོད་ལྗོངས་འཕྲིན་དྲ། རྩོམ་པོ།  བོད་ལྗོངས་འཕྲིན་དྲ། སྤེལ་དུས།  2021-04-15

དངོས་ལྗོངས་ཟློས་གར་ཆེ་གྲས་འུན་ཤིང་ཀོང་ཇོ་ཞེས་པའི་དུས་ཚིགས་དགུ་པའི་འཁྲབ་སྟོན་སྤྱི་ཟླ་བཞི་པའི་ཚེས ༡༠ ཉིན་ནས་འཁྲབ་སྟོན་བྱེད་འགོ་ཚུགས་པ་རེད།  ཟློས་གར་དེའི་སྤྱི་ཁྱབ་འཁྲབ་ཁྲིད་པ་གཞོན་པ་པའེ་ཧུང་གིས་འདི་ལོ་འཁྲབ་སྟོན་གྱི་ནང་དོན་ཐད་གསར་གཏོད་བྱས་ཡོད་པ་དང་།  གྱོན་གོས་དང་འཁྲབ་ཆས།  གར་སྟེགས་སོགས་ཀྱི་ཐད་བོད་ཀྱི་མངོན་མིན་ཤུལ་བཞག་རིག་གནས་ཀྱི་གཞི་རྒྱུ་དེ་བས་མང་བ་བསྲེས་ཏེ་ཟློས་གར་འཁྲབ་སྟོན་བརྗིད་ཉམས་ལྡན་པ་དང་ནང་དོན་ཕུན་སུམ་ཚོགས་སུ་བཏང་ཡོད།  ཟློས་གར་འདིའི་ལྟད་མོའི་རང་བཞིན་དང་སྒྱུ་རྩལ་རང་བཞིན་ཆེ་རུ་ཕྱིན་པས་བོད་ཀྱི་དམངས་སྲོལ་གོམས་གཤིས་དང་འཚོ་བའི་རྣམ་པ་དེ་བས་གཟབ་པར་མངོན་ཐུབ་པ་མ་ཟད།  རྒྱ་ཆེའི་ལྟས་མོ་བར་བོད་ཀྱི་རིག་གནས་ལ་ལྡན་པའི་ཉམས་བཟང་ཡང་གང་ལེགས་མངོན་པར་བྱས་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན།  སྤྱི་ལོ ༢༠༡༣ ལོར་འཁྲབ་སྟོན་ཐོག་མ་དེ་བྱས་པ་ནས་ད་བར་འུན་ཤིང་ཀོང་ཇོ་ཞེས་པའི་ཟློས་གར་དེ་རིམ་རྩིས་བརྒྱབ་ན་འཁྲབ་སྟོན་བྱེད་ཐེངས ༡༣༠༠ ལས་བརྒལ་ཡོད་ལ།  འཁྲབ་སྟོན་དང་རྟ་སྒ་ཆ་སྒྲིག་ཏུ་ཡུལ་སྐོར་ཞབས་ཞུ་ཡང་སྒྲུབ་ཀྱི་ཡོད་པས།  ད་བར་ཡུལ་སྐོར་བ་མི་ཐེངས་ཁྲི ༣༠༠ ལྷག་ཙམ་ལ་སྣེ་ལེན་ཞུས་པར་ཁྱོན་ཡོང་འབབ་སྒོར་དུང་ཕྱུར ༡༠ ལས་བརྒལ་ཡོད།  ཟློས་གར་དེ་བོད་ཀྱི་འོད་སྣང་འཚེར་སའི་རིག་གནས་མིང་བྱང་ལྟ་བུར་གྱུར་ཡོད་པ་མ་ཟད།   ཞིང་འབྲོག་མང་ཚོགས་དེ་བས་མང་བས་འཁྲབ་སྟོན་དེའི་ནང་ཞུགས་པ་བརྒྱུད་ཤེས་བྱ་སློབ་སྦྱོང་དང་རྩལ་ནུས་ཆེ་རུ་བཏང་སྟེ་ལས་ཞུགས་ཀྱང་ཐག་གཅོད་ཐུབ་ཡོད།།

༼ཡིག་བསྒྱུར་ཚེ་སྒྲོན།༽
ལོགས་སུ་ཉར་བ།  

ནོར་བུ་ག...

西藏人物

མི་སྣའི་...