ལྷ་སར་སྒྱུ་རྩལ་ལྟེ་གནས་ཤིག་བསྐྲུན་ནས་སྤྱི་པའི་རིག་གནས་ཞབས་ཞུའི་སྤུས་ཚད་ལེགས་སུ་བཏང་འདུག

ཡོངས་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན། རྩོམ་པོ།  བོད་ལྗོངས་འཕྲིན་དྲ། སྤེལ་དུས།  2021-07-27

ཉིན་ཤས་གོང་།  རང་ལྗོངས་ཀྱི་གནའ་བོའི་ཨར་སྐྲུན་ལ་སྲུང་སྐྱོབ་རང་བཞིན་གྱི་ཉམས་གསོ་བྱས་པའི་རིག་གནས་སྒྱུ་རྩལ་བར་སྟོང་ཐོག་མ་སྟེ།  རྗེ་འབུམ་སྒང་སྒྱུ་རྩལ་ལྟེ་གནས་ལྷ་སར་དངོས་སུ་སྒོ་དབྱེ་བྱས་པ་མ་ཟད་སྒྱུ་རྩལ་འགྲེམས་སྟོན་ཐོག་མ་དེ་ཡང་བྱས་ཡོད།  རྗེ་འབུམ་སྒང་སྒྱུ་རྩལ་ལྟེ་གནས་དེ་ནི་ལོ་ངོ་ཉིས་བརྒྱ་ཙམ་གྱི་ལོ་རྒྱུས་ལྡན་པའི་རྗེ་འབུམ་སྒང་ལྷ་ཁང་གི་རྨང་གཞིའི་ཐོག་སྲུང་སྐྱོབ་རང་བཞིན་གྱི་བསྒྱུར་བཟོ་བྱས་པ་ཞིག་རེད།
རྗེ་འབུམ་སྒང་ལྷ་ཁང་ནི་ལྷ་སའི་ད་ཡོད་ཀྱི་དཀྱིལ་འཁོར་གྲུབ་ཆའི་གནའ་བོའི་ཨར་སྐྲུན་འབའ་ཞིག་ཡིན་པ་དང་།  རྗེ་འབུམ་སྒང་ལྷ་ཁང་ནང་ཆིང་རྒྱལ་རབས་དུས་ཀྱི་ལྡེབས་རིས་འབོར་ཆེན་ཡོད་པ་དང་ལྷ་སའི་གནའ་གྲོང་གི་མཚོན་རྟགས་གྲས་ཤིག་ཡིན་པས།  བོད་ཀྱི་ཨར་སྐྲུན་དང་སྒྱུ་རྩལ།  ལོ་རྒྱུས་བཅས་ལ་ཞིབ་འཇུག་བྱེད་རྒྱུའི་ཐད་རིན་ཐང་ཆེན་པོ་ལྡན་ཡོད།
ཤེས་རྟོགས་བྱས་པར་གཞིགས་ན།  སྤྱི་ལོ ༢༠༡༨ ལོར།  ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀྱི་རིག་གནས་ཡུལ་སྐོར་ཚན་པས་རྗེ་འབུམ་སྒང་ལྷ་ཁང་ལ་ཉམས་གསོ་བྱས་པ་དང་།  གནའ་བོའི་ཨར་སྐྲུན་ཐད་སྤྱི་ཕན་རང་བཞིན་གྱི་བསྐྱར་སྤྱོད་དང་སྤྱི་པའི་རིག་གནས་ཁུལ་མཉམ་སྐྲུན་བྱེད་རྒྱུར་དམིགས་ཏེ།  གནའ་བོའི་ཨར་སྐྲུན་དེར་སྲུང་སྐྱོབ་རང་བཞིན་གྱི་རིམ་སྤོར་བསྒྱུར་བཟོ་བྱས་ནས་རྗེ་འབུམ་སྒང་སྒྱུ་རྩལ་ལྟེ་གནས་སུ་བསྐྲུན་ཡོད་པ་དང་།  བསྒྱུར་བཟོ་བྱེད་ཁྱོན་སྤྱི་ཁྲེ་ངོས་སྙོམས་གྲུ་བཞི་མ ༨༠༠ ཙམ་ཟིན་ཡོད།  རྗེ་འབུམ་སྒང་སྒྱུ་རྩལ་ལྟེ་གནས་བསྐྲུན་པ་དེས་དེ་ཁུལ་གྱི་སྤྱི་པའི་རིག་གནས་ཞབས་ཞུའི་སྤུས་ཚད་ལེགས་སུ་ནུས་ལྡན་འགྲོ་རྒྱུ་རེད།།

༼རྩོམ་སྒྲིག་སྟོབས་ཆེན།༽
ལོགས་སུ་ཉར་བ།  

ནོར་བུ་ག...

西藏人物

མི་སྣའི་...