བོད་ཀྱི་གསོ་བ་རིག་པའི་རྩ་བའི་གཞུང་ལུགས་དང་དེའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་སྐོར་མདོར་ཙམ་སྟོན་པ།

ཡོངས་ཁུངས།   བོད་ལྗོངས་འཕྲིན་དྲ། རྩོམ་པོ།  བོད་ལྗོངས་འཕྲིན་དྲ། སྤེལ་དུས།  2015-08-28

བོད་ཀྱི་གསོ་བ་རིག་པའི་གཞུང་ལུགས་དཔལ་ལྡན་རྒྱུད་བཞི་ལས།  དང་པོ་༼ རྩ་རྒྱུད་ ༽ ལ་བོད་ཀྱི་གསོ་རིག་གི་སྤྱིའི་རྣམ་བཤད་རྒྱས་པར་བཀོད་པ་དང་།  གཉིས་པ་༼ བཤད་རྒྱུད་ ༽ ལ་ལུས་ཀྱི་ཆགས་ཚུལ་དང་།  ལུས་ཀྱི་འདྲ་དཔེ།  ལུས་ཀྱི་གནས་ལུགས།  ནད་ཀྱི་རྒྱུ་རྐྱེན།  བཟའ་བཏུང་སྤྱོད་གསུམ།  ནད་ཀྱི་བརྟག་ཐབས་སོགས་རྒྱས་པར་བཤད་པ།  གསུམ་པ་༼ མན་ངག་རྒྱུད་ ༽ལ་ནད་སྤྱི་བསྟན་པ་དང་མོ་ནད།  བྱིས་པའི་ནད།  དབང་པོ་ལྔའི་ནད་སོགས་གསལ་བར་བསྟན་པ།  བཞི་པ་༼ ཕྱི་མ་རྒྱུད་ ༽ལ་རྩ་ཆུ་དང་།  དཔྱད་ལྔ་ལ་སོགས་པ་ནད་ཀྱི་བརྟག་ཐབས་དང་།  བཅོས་ཐབས།  སྨན་གྱི་སྦྱོར་སྡེའི་སྐོར་རྒྱས་པར་གསུངས།  དེ་བཞིན་ཆ་ལག་ཁ་སྐོང་གི་མདོ་དང་།  སོ་མ་རཱ་ཛ་སོགས་གསོ་རིག་གི་བསྟན་བཅོས་ཤིན་ཏུ་མང་པོ་ཡོད་པ་སྟེ།  དང་པོ་མི་ལུས་ཀྱི་ཆགས་ཚུལ་དང་།  འདྲ་དཔེ།  གནས་ལུགས་སོགས་སྐོར།   གཉིས་པ་བོད་ཀྱི་གསོ་རིག་གཞུང་ལུགས་ལས་ལུས་ཁམས་རིག་པའི་ནང་གསེས་མངལ་ཆགས་རིག་པའི་སྐོར།  གསུམ་པ་བོད་ཀྱི་གསོ་རིག་གི་རྩ་བའི་གཞུང་ལུགས་རླུང་མཁྲིས་བད་ཀན་གསུམ་གྱི་སྐོར།   བཞི་པ་ནད་གཞི་བརྟག་ཐབས་དྲི་བ་དང་།  རེག་པ།  བལྟ་བ་བཅས་ཀྱི་སྐོར།  ལྔ་པ་ཐུན་མོང་མ་ཡིན་པའི་བོད་ཀྱི་གསོ་དཔྱད་གཞུང་ལུགས་དཔྱད་ལྔའི་སྐོར་བཅས་ཡིན།།

༼མིག་ཚེས་སྒྲིག༽
ལོགས་སུ་ཉར་བ།  

དེ་མོ་ཡབ...

ཡེ་ཤེས་བ...