ལྗོངས་དམག་བསྡུ་འགོ་ཁྲིད་ཚོགས་ཆུང་གིས་ཚོགས་འདུ་འཚོགས་ནས་སྤྱི་ལོ༢༠༡༩ལོའི་དམག་བསྡུའི་ལས་དོན་བཀོད་སྒྲིག་བྱས།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-04-20

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

སྤྱི་ཚེས ༡༧ ཉིན་གྱི་ཕྱི་དྲོ།  རང་སྐྱོང་ལྗོངས་དམག་བསྡུ་འགོ་ཁྲིད་ཚོགས་ཆུང་གིས་སྤྱི་ལོ ༢༠༡༩ ལོའི་ཚོགས་འདུ་ཐེངས་དང་པོ་ལྷ་སར་འཚོགས་ནས།  སྤྱི་ལོ ༢༠༡༨ ལོའི་དམག་བསྡུའི་ལས་དོན་ལ་ཕྱོགས་བསྡོམས་དང་སྤྱི་ལོ ༢༠༡༩ ལོའི་དམག་བསྡུའི་ལས་དོན་བཀོད་སྒྲིག་བྱས་པ་རེད།  ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ། རང་སྐྱོང་ལྗོངས་དམག་བསྡུ་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་ནོར་བུ་དོན་གྲུབ་ཚོགས་འདུར་ཞུགས་པ་མ་ཟད་གསུང་བཤད་ཀྱང་གནང་བ་རེད།
ནོར་བུ་དོན་གྲུབ་ནས།  རིམ་ཁག་ཚན་པ་ཁག་གིས་དམག་བསྡུའི་ལས་དོན་དེ་དོ་ནན་པའི་ཆབ་སྲིད་ཀྱི་ལས་འགན་ཞིག་ལ་རྩིས་ནས་དམག་བསྡུའི་ལས་དོན་གྱི་ལྷུ་ཚིགས་ཁག་ནང་སྲིད་ཇུས་གཏན་འབེབས་ནན་པོ་དང་ཚད་གཞིའི་ཆ་རྐྱེན་ནན་པོ།  དམག་བསྡུའི་སྒྲིག་ཁྲིམས་ནན་པོ།  འགན་འཁྲི་དོན་འཁྱོལ་ནན་པོ་བཅས་ཀྱི་སྒོ་ནས་དཔྱད་བསྡུར་ཞིབ་བཤེར་བྱེད་ཤུགས་ཆེ་རུ་བཏང་སྟེ།  འབྱུང་རྩ་ནས་འགག་སྒོ་སྲུང་བ་དང་གནད་དོན་གྱི་འཛིན་ཕྱོགས་རྒྱུན་འཁྱོངས་བྱེད་པ།  སློབ་ཆེན་ཐོན་པའི་སློབ་མ་དམག་ཁོངས་སུ་ཞུགས་པའི་མི་གྲངས་བརྩོན་ལེན་མང་ཙམ་བྱས་ཏེ་ཚད་གཞི་མཐོ་ཤོས་ཀྱི་སྒོ་ནས་ཕུལ་བྱུང་གཞོན་ནུ་དཔུང་སྡེའི་ནང་བསྡུ་དགོས་པ་དང་།  ཁྲིམས་བཞིན་དམག་མི་བསྡུ་བའི་ལས་ཀའི་ལམ་སྲོལ་འཐུས་ཚང་ཏན་ཏིག་བཟོས་ནས།  དམག་བསྡུའི་ལས་དོན་གྱི་སྒམ་ནན་རང་བཞིན་དང་ཁྲིམས་ལུགས་ཀྱི་དབང་གྲགས་རང་བཞིན་སྲུང་སྐྱོང་ཏན་ཏིག་བྱེད་དགོས་པ།  ཏང་གིས་དམག་བསྡུའི་ལས་དོན་ལ་ཡོངས་སུ་འགོ་ཁྲིད་བྱེད་རྒྱུར་ཤུགས་སྣོན་བརྒྱབ་སྟེ་སྤྱོད་གཙང་ངེས་ཤུགས་ལ་དམ་འཛིན་ནན་པོ་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་པ།  དྲིལ་བསྒྲགས་སྐུལ་སློང་གི་སློབ་གསོ་སྤེལ་ཤུགས་ཆེ་རུ་བཏང་སྟེ་སྤུས་ཚད་མཐོ་པོས་སྤྱི་ལོ ༢༠༡༩ ལོའི་དམག་བསྡུའི་ལས་དོན་ཡག་པོ་སྤེལ་དགོས་པ་བཅས་ཀྱི་ནན་བཤད་གནང་བ་རེད།།

  ༼  རྩོམ་སྒྲིག་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]