ཅང་ཇེས་བོད་ལྗོངས་རིག་གནས་རླུང་འཕྲིན་བརྙན་འཕྲིན་སྒྱུ་རྩལ་ལྟེ་གནས་སོགས་རྣམ་གྲངས་འཛུགས་སྐྲུན་གནས་ཚུལ་ལ་བརྟག་ཞིབ་གནང་།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-04-20

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉེ་དུས།  ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཅང་ཇེ་ཡིས་བོད་ལྗོངས་རིག་གནས་རླུང་འཕྲིན་བརྙན་འཕྲིན་སྒྱུ་རྩལ་ལྟེ་གནས་དང་ལྷ་སར་བཅའ་སྡོད་ནེ་པ་ལའི་སྤྱི་ཁྱབ་གཞུང་ཚབ་ཁང་གི་སྡོད་གནས་བསྒྱུར་བཟོ།  རང་སྐྱོང་ལྗོངས་བྱིས་པའི་ཕོ་བྲང་སོགས་རྣམ་གྲངས་འཛུགས་སྐྲུན་བྱེད་སར་ཕེབས་ནས་ལས་གཞིའི་འཕེལ་རིམ་དང་འཛུགས་སྐྲུན་གནས་ཚུལ་ལ་བརྟག་ཞིབ་གནང་བ་རེད།   

ཅང་ཇེ་ཡིས་བོད་ལྗོངས་རིག་གནས་རླུང་འཕྲིན་བརྙན་འཕྲིན་སྒྱུ་རྩལ་ལྟེ་གནས་ནི་རང་ལྗོངས་ཀྱི་རིག་གནས་ལས་གཞི་གལ་ཆེན་ཞིག་ཡིན་ལ་དམངས་འཚོའི་ཁྱབ་ཁོངས་ཀྱི་རྣམ་གྲངས་གལ་ཆེན་ཞིག་ཀྱང་ཡིན་པས།  ལས་གཞི་རྩེ་གྲའི་འདུ་ཤེས་བརྟན་པོ་བཙུགས་ནས་ཚན་རིག་དང་མཐུན་ལ་གཟབ་ནན་གྱི་རྣམ་འགྱུར་ཐོག་ནས་ལས་གཞི་དེ་དག་སྤུས་ལེགས་རྩེ་གྲའི་ལས་གཞིར་འཛུགས་སྐྲུན་བྱེད་དགོས་ཞེས་ནན་བཤད་གནང་བ་དང་།  ལྷ་སར་བཅའ་སྡོད་ནེ་པ་ལའི་གཞུང་ཚབ་ཁང་གི་སྡོད་གནས་བསྒྱུར་བཟོའི་རྣམ་གྲངས་ལ་གཟིགས་སྐབས་འཛུགས་སྐྲུན་ནང་ཞུགས་མཁན་ཚན་པ་ཁག་གིས་ལས་གཞིའི་སྤུས་ཚད་འགན་སྲུང་ཏན་ཏིག་བྱས་ཏེ་གང་མགྱོགས་བེད་སྤྱོད་ཐུབ་པ་བྱེད་དགོས་པའི་བླང་བྱ་བཏོན་གནང་བ་རེད།  རང་སྐྱོང་ལྗོངས་བྱིས་པའི་ཕོ་བྲང་འཛུགས་སྐྲུན་རྣམ་གྲངས་ཀྱི་ཨར་སྐྲུན་བྱེད་སར་ཅང་ཇེ་ཡིས།  འཛུགས་སྐྲུན་ནང་ཞུགས་མཁན་ཚན་པ་ཁག་གིས་ལས་གཞིའི་སྤུས་ཚད་ནན་སྲུང་བྱས་ཐོག་སྤུས་འབོར་གཉིས་ལྡན་གྱི་སྒོ་ནས་དུས་བཀག་ལྟར་འཛུགས་སྐྲུན་ལས་འགན་ལེགས་སྒྲུབ་བྱས་ཏེ།  ལྗོངས་ཡོངས་ཀྱི་རྒྱ་ཆེའི་གཞོན་ནུ་ལོ་ཆུང་ཚོར་མི་རིགས་ཀྱི་ཁྱད་ཆོས་དང་དུས་རབས་ཀྱི་ཁྱད་ཆོས།  ལག་ལེན་གྱི་ཁྱད་ཆོས་བཅས་ལྡན་པའི་ཚན་རིག་དང་རིག་གནས།  སྒྱུ་རྩལ།  ལུས་རྩལ་བཅས་ཀྱི་བྱེད་སྒོ་སྤེལ་ས་ཞིག་མཁོ་འདོན་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།།

  ༼  རྩོམ་སྒྲིག་ཚེ་སྒྲོན། ༽
མཉམ་སྤྱོད།