བོད་ཀྱི་རིག་གནས་ཐོན་ལས་ལོ་ལྔ་བསྟུད་མར་བརྒྱ་ཆ་བཅུ་ཡན་གྱི་འཕར་ཚད་རྒྱུན་འཁྱོངས་ཐུབ།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-04-20

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

རང་སྐྱོང་ལྗོངས་རིག་གནས་ཐིང་ཐོན་ལས་གོང་འཕེལ་དང་ཐོན་ཁུངས་གསར་སྤེལ་ཁྲུའུ་ནས་ཤེས་རྟོགས་བྱུང་བར་གཞིགས་ན།  བོད་ཀྱི་རིག་གནས་ཐོན་ལས་ལོ་ལྔ་བསྟུད་མར་བརྒྱ་ཆ་བཅུ་ཡན་གྱི་འཕར་ཚད་རྒྱུན་འཁྱོངས་ཐུབ་པ་དང་།  ཐོན་སྐྱེད་ཀྱི་རིན་ཐང་སྤྱི་ལོ ༢༠༡༣ ལོའི་སྒོར་དུང་ཕྱུར ༢༤.༢༤ ནས་སྤྱི་ལོ ༢༠༡༨ ལོའི་སྒོར་དུང་ཕྱུར ༤༦ བར་འཕར་ཡོད། 
རང་ལྗོངས་ཀྱི་མི་རིགས་རིག་གནས་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་པས།  ཁེ་ལས་མང་པོ་ཞིག་གིས་མི་རིགས་རིག་གནས་དེ་ཁྱད་ལྡན་རིག་གནས་ཐོན་ལས་ལ་སྐྱེད་སྲིང་བྱས་པ་དང་།  རིག་གནས་ལ་བརྟེན་ནས་ཞིང་འབྲོག་མང་ཚོགས་ཚོར་ཡང་འབབ་འཕར་བྱུང་ཡོད།

བསྡོམས་རྩིས་བརྒྱབ་པར་གཞིགས་ན།  རང་ལྗོངས་སུ་ད་ལྟ་རིགས་ཁག་གི་རིག་གནས་ཁེ་ལས ༦༠༠༠ ཙམ་དང་ལས་གཉེར་པ་ཁྲི ༥ ཙམ་ཡོད།  རིག་གནས་ཐོན་ལས་དཔེ་སྟོན་ཁུལ ༢༣༤ ཡོད་པས།  སྡེ་གླིང་དཔལ་འབྱོར་གྱི་གཞི་ཁྱོན་རགས་ཙམ་ཆགས་ཟིན་ནས་ས་མཐོའི་དཔལ་འབྱོར་གོང་འཕེལ་གྱི་སྒུལ་ཤུགས་གསར་པའི་གྲས་སུ་གྱུར་ཡོད།  སྤྱི་ལོ ༢༠༡༣ ལོར་འུན་ཤིང་ཀོང་ཇོའི་དངོས་ལྗོངས་ཟློས་གར་ལྷ་ས་གྲོང་ཁྱེར་ཚེ་མཆོག་གླིང་དུ་དངོས་སུ་འཁྲབ་སྟོན་བྱས་པ་ནས་ད་བར་འཁྲབ་སྟོན་བྱེད་ཐེངས་ཆིག་སྟོང་ལས་བརྒལ་བ་དང་།  གཟིགས་མོ་བ་མི་ཐེངས་ཁྲི ༢༡༠ ཟིན་པར་གཉེར་སྐྱོང་ཡོང་འབབ་སྒོར་དུང་ཕྱུར ༧.༧ ཟིན་པ་མ་ཟད་ཞིང་འབྲོག་མང་ཚོགས་སྟོང་ཁ་ལོན་པར་ལས་ཞུགས་ལས་གནས་མཁོ་འདོན་ཡང་བྱུང་ཡོད།

རང་སྐྱོང་ལྗོངས་རིག་གནས་ཐིང་ཐོན་ལས་གོང་འཕེལ་དང་ཐོན་ཁུངས་གསར་སྤེལ་ཁྲུའུ་ཡི་ཁྲུའུ་ཀྲང་ནོར་བུ་ཚེ་རིང་ནས།  ད་ཆ་རང་ལྗོངས་སུ་རིག་གནས་ཐོན་ལས་དཔེ་སྟོན་ཁུལ་རིམ་པ་བཞིའི་མིང་གཞུང་མ་ལག་གྲུབ་པའི་ནང་རྒྱལ་ཁབ་རིམ་པའི་དཔེ་སྟོན་ཁུལ ༣ དང་།  རང་སྐྱོང་ལྗོངས་རིམ་པའི་དཔེ་སྟོན་ཁུལ ༧༠  གྲོང་ཁྱེར༼ས་ཁུལ༽རིམ་པའི་དཔེ་སྟོན་ཁུལ ༨༩  རྫོང་༼ཆུས༽རིམ་པའི་དཔེ་སྟོན་ཁུལ ༧༢ བཅས་ཡོད་པ་དེ་དག་རིག་གནས་ཡུལ་སྐོར་ལས་རིགས་དང་འཁྲབ་སྟོན་རོལ་རྩེད་ལས་རིགས།  མི་རིགས་ལག་ཤེས་བཟོས་ལས་སོགས་ལ་ཁྱབ་ཡོད་པ་མ་ཟད།  དེ་མིན་ལྷ་ས་དང་གཞིས་རྩེ།  ནག་ཆུ།  ཉིང་ཁྲི།  ལྷོ་ཁ།  ཆབ་མདོ་བཅས་གྲོང་ཁྱེར་དྲུག་ལ་ཡང་ཁྱབ་ཡོད།

གོམ་སྟབས་རྗེས་མར།  རང་ལྗོངས་ཀྱིས་གཙོ་གནད་ཐོག་རིག་སྐྲུན་བོད་ལྗོངས་ཞེས་པའི་སྤུས་རྟགས་སྐྱེད་སྲིང་བྱས་ནས་ཁྱད་ལྡན་རིག་གནས་ཕྱིར་སྐྱོད་ཐད་སྐུལ་འདེད་གཏོང་རྒྱུ་རེད།  གཞན་ཡང་ད་བར་ཧྲང་ཧེ་དང་ཧྲེན་ཀྲེན།  ཅང་སུའུ།  གྲང་ཧྲ་སོགས་ལ་བོད་ཀྱི་ཁྱད་ལྡན་རིག་གནས་ཐོན་རྫས་ཉོ་ཚོང་ཞབས་ཞུའི་དཀར་ཁུང་ ༦ བཙུགས་ཟིན་ཡོད་པས་ད་ལྷོ་ཀུ་རེ་ཡ་དང་ཧོ་ལན་ཀྲེར་ཡང་དཀར་ཁུང་འཛུགས་ཐུབ་རེ་ཡོད།།

  ༼  རྩོམ་སྒྲིག་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]