ལྗོངས་ཐད་གཏོཌ་ལས་ཁུངས་དང་བྱ་གཞག་ཚན་པའི་བོཌ་གཏོང་ཁང་པ་དང་བེད་མ་བཏང་བར་ལུས་པའི་གཞུང་ཁོངས་རྒྱུ་ནོར་གཅིག་བསྡུས་དོ་དམ་བྱ་རྒྱུ།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-05-15

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉེ་དུས།  རང་ལྗོངས་ཀྱིས་ལྗོངས་ཐད་གཏོགས་ལས་ཁུངས་དང་བྱ་གཞག་ཚན་པའི་བོགས་གཏོང་ཁང་པ་དང་བེད་མ་བཏང་བར་ལུས་པའི་གཞུང་ཁོངས་རྒྱུ་ནོར་གཅིག་བསྡུས་གཅིག་གྱུར་དོ་དམ་ལས་ཀའི་སྐུལ་སྤེལ་ཚོགས་འདུ་འཚོགས་ནས།  སྲིད་གཞུང་གི་ཐོན་ཁུངས་བཀོད་སྒྲིག་བྱེད་སྟངས་གསར་གཏོད་བྱེད་རྒྱུའི་སྐོར་གྱི་རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་བཀོད་སྒྲིག་བླང་བྱ་དོན་འཁྱོལ་བྱས་པ་དང་།  ལྗོངས་ཐད་གཏོགས་ལས་ཁུངས་དང་བྱ་གཞག་ཚན་པའི་བོགས་གཏོང་ཁང་པ་དང་བེད་མ་བཏང་བར་ལུས་པའི་གཞུང་ཁོངས་རྒྱུ་ནོར་གཅིག་བསྡུས་གཅིག་གྱུར་དོ་དམ་ལས་ཀར་ཞིབ་འཇུག་དང་བཀོད་སྒྲིག་བྱས་པ་རེད།  རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་དབང་ཧེའི་ཀྲའུ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་བ་མ་ཟད་གསུང་བཤད་ཀྱང་གནང་བ་རེད། 
ཚོགས་འདུའི་ཐོག རིམ་ཁག་ཚན་པ་ཁག་གིས་གཞུང་ཁོངས་རྒྱུ་ནོར་གཅིག་བསྡུས་གཅིག་གྱུར་དོ་དམ་བྱེད་པའི་གལ་ཆེའི་རང་བཞིན་ལ་ངོས་འཛིན་གསལ་པོ་བྱེད་པ་དང་།  སྤྱི་ཡོངས་ཀྱི་འདུ་ཤེས་ཟབ་ཏུ་བཏང་ཐོག་གཞུང་ཁོངས་རྒྱུ་ནོར་གྱི་ཁྱབ་ཚུལ་སྔར་བས་ལེགས་སུ་བཏང་སྟེ།  གཞུང་ཁོངས་རྒྱུ་ནོར་གྱི་རིན་ཐང་རྒྱུན་མཐུད་དང་འཕར་སྣོན་ཡོང་བ་བྱེད་དགོས་པ་པ་དང་།  གཞུང་ཁོངས་རྒྱུ་ནོར་གཅིག་གྱུར་དོ་དམ་ལས་དོན་བདེ་བླག་ངང་སྤེལ་ཐུབ་པ་བྱས་ནས་དོན་དངོས་ཕན་འབྲས་ཐོན་པ་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།།

  ༼  རྩོམ་སྒྲིག་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]